//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ལྷན་སྐྱེས་རྨའི་སྐོར། > ནང་དོན།

གཞང་འབྲུམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 16:54:34 ཀློག་གྲངས། 168 

   གཞང་འབྲུམ་ནི་ཁོག་པ་བཤལ་དྲགས་པ་དང་། རླན་སྟེང་དུ་ཉལ་བ། བཞོན་པ་བསྟེན་དྲགས་པ། སྟན་སྲབ་པོ་ལ་ཡུན་རིང་ཙོག་པུར་འདུག་པ། བཤང་གཅི་བཙིར་དྲགས་པ། ཐུར་སེལ་རླུང་འཁྲུགས་པ་སོགས་ལས་གཞང་ཁཨ་ལོང་ཁ་ཡང་ཟེརདང་བཤང་ལམ་ནང་ངོས་ཀྱི་ཁྲག་རྩ་སྦོས་ཤིང་སྐྲངས་ནས་འབྲུམ་ཐོར་འདོན་པ་དང་གཞང་ཕྱིར་ལུག་པ། གཉན་ཁ་རྒྱས་ནས་ཁྲག་དོན་པའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཐུར་ཏུ་ཁྲུས་དྲགས་པ་དང་བཤང་ལམ་དུ་གཙེ་བཙན་པ། སྟན་སྲབ་དང་བཞོན་པ་བསྟེན་དྲགས་པ། བཤང་གཅི་དང་འཕྱེན་འགག་པའམ་བཙིར་བ། ཐུར་སེལ་རླུང་འཁྲུགས་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

  གཞང་གི་ནང་ངོས་ཀྱི་ཁྲག་རྩ་སྦོས་སྐྲངས་ནས་བྱུ་རུའམ་འོལ་སེའི་འབྲས་བུ་འདྲ་བའི་འབྲུམ་ཐོར་བྱུང་ནས་ཟ་འཕྲུག་ལངས་པ། བཤང་བ་སྐམ་པོ་ཆགས་པ་འབྲུམ་པས་བཀག་པས་ཕྱིར་གཏོང་དཀའ་ཞིང་ན་ཟུག་ཆེ་བ་དང་གཏོང་དཀའ་ནན་གྱིས་བཙིར་བས་གཞང་ཕྱིར་ལུག་པ། བཤང་བས་འབྲུམ་བཤུས་བས་བཤང་ངོས་ལ་ཁྲག་འགོས་བ། རྡོལ་བས་ཁྲག་མང་ཟགས་པ། གཞང་ཁར་སྐྲངས་འབུར་དོན་ནས་རེག་ན་བཟོད་མི་ཐུབ་པའི་ན་ཟུག་ཡོད་པ། ཙོག་པུར་སྡོད་མི་ཚུགས་པ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

  རྩ་རྒྱུད་ཕྲ་ལ་གྲིམས།

  ལྕེ་མདོག་སེར་སྐྱ་མངོན།

  དྲི་ཆུ་དཀར་སེར་དྭངས་པ། ལྦུ་བ་ཕྲ་ཞིང་སངས་སྐྱེན་པ། ཀུ་ཡ་དང་སྤྲིས་མ་མེད་པ།

གཞོགས་འདེགས་བརྟག་དཔྱད།

  གཞང་འབྲུམ་གྱི་ནད་འདི་ལ་རྒྱུ་ཤེལ་བརྟག་པ་དང་ཡང་ན་གཞང་ཤེལ་བརྟག་དཔྱད་ལས་གཞང་གི་ནང་སུལ་ལམ་གཞང་ཁར་རྨ་རྒུན་གྱི་ཆེ་ཆུང་ལྟ་བུ་མཐོང་ཐུབ་པ་དང་། དེ་ལས་རྨ་ཁ་བརྡོལ་ན་བཤང་བའི་ནང་དུ་ཁྲག་དམར་པོ་འདྲེས་ཡོད་པ་བཅས་ཀྱི་རྟགས་ཐུབ།

འཁྲུལ་སོ་བསལ་བ།

  གཞང་འབྲུམ་གཞང་ཁར་རྨ་རྒུན་འབྲུམ་གྱི་ཆེ་ཆུང་ལྟ་བུ་མཐོང་ཐུབ་པ། གཞང་སྲིན་ནི་ཟས་རིགས་ཚ་གྲང་གཉིས་ཀ་གནོད་ཆེ་བ། གཞང་ལུག་ནི་གཞང་ཁ་མར་ལུག་ཡོད་པ་སོགས་ལ་མ་ནོར་བར་གཅེས་གཞན་ལོང་སྨུག་རྐྱེན་གྱིས་འཇུ་ལམ་ནས་ཁྲག་ཤོར་བས་བཤང་བའི་གབ་ནད་དུ་མངོན་ལ། གཞང་འབྲུམ་ནད་ཀྱིས་ཁྲག་ཤོར་བ་ནི་བཤང་ལམ་ནས་ཁྲག་ཤོར་བ་ཡིན་པས་བཤང་བ་བཏང་རྗེས་ཁྲག་དམར་པོ་ཡོད་པ་མིག་གིས་མཐོང་བས་འཁྲུལ་སོ་བསལ་ལོ།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X