//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ལྷན་སྐྱེས་རྨའི་སྐོར། > ནང་དོན།

རླིག་རླུགས་ནད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 16:59:40 ཀློག་གྲངས། 68 

   རླིག་རླུགས་ནི་ཐུར་སེལ་གྱི་རླུང་རྒྱུ་ལམ་ལོག་པས་རླིག་པའི་རྩར་ཞུགས་ཏེ་་སྐྲངས་བའམ་རླུང་ཁྲག་འཁྲུགས་པས་གསང་སྒྲོའི་ཡན་ལག་གི་རྩ་རྒྱུས་རྣམས་རླིག་ཁུག་ནང་དུ་རླུགས་པ་དང་། རྒྱུ་མ་དང་གཅིན་དང་ཚིལ་སོགས་ཀྱིས་སྐྲངས་པ་ཡང་ན་འབྲས་བུ་སྐྲངས་ནས་རླིག་པའི་ནང་དུ་རླུགས་པ་ལྟར་གྱུར་བ་སོགས་རླིག་པ་ཆེར་རྒྱས་པའི་ནད་ཅིག་ཡིན།

རྒྱུ་རྐྱེན།

  ཟས་སྤྱོད་དམན་ལྷག་ལོག་པ་དང་། ཐུར་སེལ་ཀྱི་རླུང་འཁྲུགས་ནས་རླིག་པར་ཞུགས་ཏེ་སྐྲངས་པར་བྱེད་དོ།

ནད་རྟགས།

  རླུང་གྱུར་ལ་གློ་བུར་དོན་མེད་དུ་གང་ཞིང་རྒྱས་ཏེ་ན་ཟུག་གཏོང་བ། མཁྲིས་གྱུར་ལ་སྐྲངས་མདོག་དམར་ཞིང་ཚ་ལ། དྲོད་སྟོབས་ཆེ་བས་རྣག་དུ་འདྲུལ་བ། བད་གྱུར་ལ་ན་ཟུག་ཆུང་ལ་གྲང་ཞིང་ལྕི་བ་དང་སྲ་བས་རྣག་དུ་མི་འོང་།

  ཚིལ་གྱུར་ལ་གསང་སྒྲོ་དེ་རེག་ཚེ་གྲང་ཞིང་འཇམ་ལ། རྣག་དུ་ཁུག་པར་དཀའ་བའོ། གཅིན་གྱུར་ལ་རླིག་འོག་གི་ཁ་འཁོར་རྣམས་སྐྲངས་ཏེ་རྐྱལ་བ་ཆུས་བཀང་བ་འདྲ་བ་འབྱུང་བ། རྒྱུ་རླུགས་ལ་སྣེ་ས་ཁུད་ནས་ཐུར་དུ་རླིག་ས་པ། སྦོ་ཞིང་གཟེར་བ། ནང་དུ་བཅུག་ཀྱང་སླར་ཡང་ཡང་འབྱུང་པ་བཅས་ཡིན། མདོར་ན་ཚ་རྐྱེན་དྲོད་ཆེ་སྐྲངས་པ་དམར་པོ་ཆགས་པ་སྟེ་འཁྱུག་ཟུག་ཆེ་ཞིངཐུ་ན་རྣག་ཏུ་འགྱུར་བ། ཕལ་ཆེར་གཉན་ཚད་རྒྱས་བ་མང་། གྲང་རྐྱེན་ན་ཟུག་ཆུང་ལ་གྲང་ཞིང་ལྕི་ལ་སྲ་བ་ཡིན།

  རྩ་རྒྱུད་དལ་བར་འཕར།

  ཆུ་མདོག་སེར་ལ་ལྦུ་བ་ཆེ།

  ལྕེ་དམར་སེར་དྲེག་པ་སྐྱ་བོ་ཆགས།

        གཞོགས་འདེགས་བརྟག་དཔྱད།

  ནད་ལྡང་བའི་དུས་སུ་གཅིན་པྲ་ལསLEU+++   སྒྲ་བརྒལ་ལས་རླིག་འབྲས་ཆེར་རྒྱས་ཡོད་པ་གསལ།

འཁྲུལ་སོ་བསལ་བ།

  རླིག་རླུགས་ཚ་རྐྱེན་དང་གྲང་རྐྱེན་གཉིས་ལ་སྐྲངས་ཤིང་ན་ཟུག་ལྡང་བ་འདྲ་ཡང་། ཚ་རྐྱེན་ནི་དྲོད་ཆེ་ལ་སྐྲངས་བའི་མདོག་དམར་བ། ན་ཟུག་ཆེ་ལ་སྡུག་ནས་རྣག་དུ་འགྱུར་བ་དང་། གྲང་རྐྱེན་ནི་ན་ཟུག་ཆུང་ལ་གྲང་ཞིང་ལྕི་བ། རྣག་དུ་འགྲོ་མི་འགྱུར་བས་སོ་སོ་འཁྲུལ་སོ་བསལ་ལོ།

གོང་ངོས། གཞང་འབྲུམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X