//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > བྱིས་ནད་ཀྱི་སྐོར། > ནང་དོན།

སྐྱུགས་པའི་ནད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 17:19:07 ཀློག་གྲངས། 28 

   སྐྱུགས་པའི་ནད་ནི་ཟས་སྐོམ་མ་གོམས་པ་དང་མི་འཕྲོད་པའི་རིགས་གང་ཟོས་པ་ཕོ་བར་མ་ཞུ་བ་དང་། གཞན་ཡང་ཁོང་འབྲས། ཕོ་བ་སྨུག་པོ། སྣོད་མཁྲིས་ཀྱི་ནད་སོགས་ནད་གཞིའི་རིགས་མང་བོ་གྱེན་དུ་སྐྱུག་པར་བྱེད་པས་ཐུན་མོང་དུ་བྱུང་བའི་བླ་གཉན་གྱི་ནད་ཅིག་རེད།

རྒྱུ་རྐྱེན།

  མ་གོམས་མི་འཕྲོད་པའི་ཁ་ཟས་ཟོས་པ་རྣམས་ཕོ་བར་མ་ཞུ་བ་དང་། བད་ཀན་ལྷེན། ལྕགས་དྲེག་ཁོང་འབྲས། སྨུག་པོ། ཕོ་རྒྱུའི་གནས་སུ་་སྲིན་རིགས་འཁྲུགས་པ། གྱེན་རྒྱུའི་རླུང་སོགས་འཁྲུགས་པའི་ནད་གཞིའི་རིགས་དང་། མི་སྡུག་པ་སྟེ་སྐྱུག་བྲོ་བ་དང་སྐྱི་གཡའ་བ། ཟས་སྐོམ་རིགས་རུལ་ཁེངས་སོགས་དྲི་རོ་ངན་པ་ཁ་བ། ཡིད་དུ་མི་འོང་བ་རེག་མཐོང་བསྟེན་པ་བཅས་བརྒྱད་པོ་གང་རུང་དང་། ཕོ་བ་དང་རྒྱུ་མའི་ནད་རིགས། ཀླད་སྐྱིའི་ཚ་ནད་དང་ཀླད་འཁྱོམ། དུག་རིགས་སོགས་ཀྱིས་བསྐྱེད་པའི་ནད་འགྱུར། བུད་མེད་ཀྱི་མངལ་འཁྲི་སྐབས་བཅས་ཀྱི་མཚོན་པའི་ནད་སོ་སོའི་མཚན་ཉིད་དང་རྗེས་སུ་མཐུན་པའི་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བསླངས་སྟེ་གྱེན་དུ་སྐྱུགས་པ།

ནད་རྟགས།

  དེ་རྟགས་མ་ཞུ་གང་ཟོས་དེ་ཉིད་སྐྱུག ལྷེན་དང་ལྕགས་དྲེག་ཆུ་སྐྱུར་བད་ཀན་སྐྱུག ཕོ་འབྲས་ཁ་ཟས་ཀུན་ལ་འཁྲེན་པ་སྟེ། ། བད་ཀན་སྨུག་པོ་རྒྱ་བཤལ་དུད་ཁུ་སྐྱུག  སྲིན་གྱིས་སྲིན་སྐྱུག་རླུང་འཁྲུགས་སྟོང་སྐྱུགས་བྱེད། ། མི་སྡུག་ཡུལ་མཐོང་དྲི་ཚོར་རེག་པས་སྐྱུག

  ཚབས་ཆེ་བར་ཟུངས་ཁྲག་སྐྱུག་པའང་ཡོད་པས་དེ་མྱུར་དུ་གཅོད་དགོས། མདོར་ན་སྐྱུག་པར་བྱེད་པའི་ནད་རྐྱེན་དང་ནད་ཀྱི་ངོ་བོར་དཔགས་ནས་དབྱེ་ཞིབ་ཀྱིས་ངོས་འཛིན་བྱེད་དགོས་ལ། དེའང་ནག་པོ་ཇ་བཞུར་འདྲ་བ་ཤུགས་དྲག་པོ་བྱུང་ན་གསོ་མི་ཉན་པ་སྟེ་ཤིན་ཏུ་གསོ་དཀའ་བའི་རྟགས་ཡིན།

གཞོགས་འདེགས་བརྟག་དཔྱད།

  འབྲེལ་ཡོད་གཞོགས་བརྟག་ལས་སྙིང་པར་བརྟག་པ་དང་། Xགློག་འོད་སོགས་ལས་བླ་གཉན་གྱི་བསྡོངས་ཟླ་ཡོད་མེད་ལ་བརྟག་དགོས།

འཁྲུལ་སོ་བསལ་བ།

  དེ་རྟགས་མ་ཞུ་གང་ཟོས་དེ་ཉིད་སྐྱུགས།།  ལྷེན་དང་ལྕགས་དྲེག་ཆུ་སྐྱུར་བདཀན་སྐྱུགས།།  ཕོ་འབྲས་ཁ་ཟས་ཀུན་ལ་འཁྲེན་པ་སྟེ། ། བད་ཀན་སྨུག་པོ་རྒྱ་བཤལ་དུད་ཁུ་སྐྱུགས། སྲིན་གྱིས་སྲིན་སྐྱུག་རླུང་འཁྲུགས་སྟོང་སྐྱུགསབྱེད། ། མི་སྡུག་ཡུལ་མཐོང་དྲི་ཚོར་རེག་པས་སྐྱུགས།།  ཞེས་དང་། རླུང་གིས་སྐྱུགས་པ་ལྦུ་བ་ཅན།། ཕལ་ཆེར་སྟོང་སྐྱུགས་བྱེད་པ་ཡིན།། མཁྲིས་གྱུར་ཁ་ཁ་སེར་པོ་ཁྲག་ཅན་སྐྱུགས།། ལུས་ཚ་སྐོམ་དད་ཆེ་ལ་མགོ་བོ་གཟེར། བད་ཀན་ལས་གྱུར་བེ་སྣབས་བསྐ་མངར་སྐྱུགས། དང་ག་འགག་ཅིང་གདོང་སྐྲངས་བྲང་ཁ་ན། འདུས་པ་ལས་ནི་ཀུན་རྟགས་སྟོན་པར་བྱེད།། ཞེས་པའི་དོན་ལ་གཞིགས་ནས་སོ་སོ་མ་ནོར་བར་གཅེས།

གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X