//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > བྱིས་ནད་ཀྱི་སྐོར། > ནང་དོན།

བྱིས་པའི་གློ་ཚད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 17:27:30 ཀློག་གྲངས། 30 

   བྱིས་པའི་གློ་ཚད་ནི་གློ་བར་ཚ་བ་ཞུགས་ནས་གློ་ལུ་དང་། ལུད་པ་དམར་སེར་ཁྲག་ཅན་དོན་ཞིང་ཚ་བ་ཆེན་པོ་རྒྱག་པའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཆམ་གཞུག་འགྲམས་པ་དང་སིབ་བུའི་ནད། ལུས་ཁམས་ཀྱི་ཚ་གྲང་འཐབ་པ། ཡང་ན་ནད་གཞུག་སོགས་ལ་སྨན་བཅོས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་བསླངས་པ་རེད།

ནད་རྟགས།

  ལུས་ཁམས་སུ་ཚ་བ་ཡང་ཡང་རྒྱག་པ་དང་། ལུད་པ་འགོག་མི་ཐུབ་ལ་གློ་དྲགས་ཏུ་ལུ་བ་དང་། ཁ་ཤས་ལ་ལུད་པར་ཁྲག་དོན་པ། མཚོག་སྒོ་དང་དོན་སྣོད་ཀྱི་འཕར་སྒོ་དྲགས་པ།

  དབུགས་བརྡབས་པ་དང་གློ་ལུ་བྱེད་སྐབས་རང་གི་བྲང་ལ་འབྲད་ཅིང་སྐྲ་ནས་འཐེན་པ། རྗེས་སུ་ལུས་རྔུལ་ཞིང་ཁོང་ནས་འཁུན་སྒྲ་འབྱིན་ལ་སྐྱུགས་ཚུལ་བྱེད་པ།

  རྩ་རྒྱུད་མགྱོགས་ལ་དྲག་པོ་འཕར།

  དྲི་ཆུ་མདོག་དམར་རླངས་ཆེ་ཀུ་ཡ་མཐུག

  ལྕེ་དམར་ལ་རྩུབ་པ་ལྕེ་སྟེང་ལ་ཅུང་གས་པ།

གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲའིWBCཇེ་མཐོར་ཡིནཔར་སྤྱིར་བཏང་དུ250.00-30000.ཙམ་དང་། སྐབས་རེར་50000ཐོན་པ། ནད་དུག་རང་བཞིན་གྱི་གློ་ཚད་ཡིན་ཚེ་WBCཇེ་དམའ་འམ་རྒྱུན་ལྡན་ཡིན་པར་W-LCRམངོན་པ། Xགློག་འོད་ལས་གློ་རིས་ཇེ་ནག་དང་ནད་ཐིག་ཡོད་པ་སོགས་ཀྱི་མངོན་ཚུལ་སྣང་།

འཁྲུལ་སོ་བསལ་བ།

  གློ་ཚད་དང་ཆམ་རིམས་གཉིས་ཡིན་ཚེ། ལུས་ཁམས་ཚ་དྲོད་རྒྱས་པ་དང་གློ་ལུ་མང་པའི་རྟགས་མངོན་ཚུལ་འདྲ་མོད། ཆམ་རིམས་ལ་ཧབ་སྦྲིད་མང་ལ་སྐོམ་དད་ཆེ་བ། མགོ་བོ་ན་བ། གྲང་ཤུམ་རྒྱག་པ། འཁྲུ་སྐྱུགས་བྱེད་པ་ཡིན། གློ་ཚད་ལ་དབུགས་བརྡབས་པ་དང་གློ་ལུ་བྱེད་སྐབས་རང་གི་བྲང་དང་མ་ལ་འབྲད་ཅིང་སྐྲ་ནས་འཐེན་པ། ཁྱད་པར་ལུས་རྔུལ་ཞིང་ཁོང་ནས་འཁུན་སྒྲ་འབྱིན་པ་བཅས་ཁྱད་པར་གྱི་རྟགས་མངོན།  

གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X