//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > མོ་ནད་ཀྱི་སྐོར། > ནང་དོན།

རླུང་ཚབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:08:13 ཀློག་གྲངས། 134 

   མོ་ནད་རླུང་ཚབས་ནི་ཁྲག་ཚབས་རྙིངས་ནས་ནད་ཡུན་ལོན་པར་ཀྱི་ཟུངས་བཅུད་ཉམས་ཤིང་རླུང་དང་བསྡོངས་ཏེ་བུད་མེད་ལོ་ན་རྒས་པ་དང་ལུས་སྟོབས་ཞན་པར་བྱུང་མང་བའི་ནད་ཅིག་ཡིན།

རྒྱུ་རྐྱེན།

  ཁྲག་ཚབས་ཀྱི་ནད་རྙིངས་པ་དང་སེམས་ལས་ཆེན་པོ་བྱུང་བ། བྱིས་པ་བཙས་མང་བ། ཉལ་པོ་སྤྱད་དྲགས་པ། ཟླ་མཚན་འབྱམས་པ། ཟ་ཁུར་གྱུར་པའི་ཆུ་ནད་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

  མགོ་ཡི་རུས་པ་གྲང་བསིལ་བྱེད་པ། འཁྱགས་ཞུ་མཚམས་སུ་ན་བ། མིག་འགྲིབ་པ། སྙིང་ཁམས་མི་བདེ་བ་དང་སེམས་འཆོལ་བ། བརྗེད་ངས་ཆེ་བ། གཉིད་ཡེར་བ། གཡལ་མང་ཞིང་མཆི་མ་འཛག་པ།

  ཆུ་སོ་དང་རྒྱུ་ཞབས་བསྡམས་ཤིང་ན་བ། ཟ་ཁུ་ལྟ་བུའི་གྲང་དཀར་འཛག་པ། ཟླ་མཚན་འབྱམས་པ། མགོ་ཡུ་འཁོར་བ། དྲོད་ཚད་ཉམས་པ། གདོང་མདངས་སྐྱ་བོ་ཆགས་པ། ལུས་གྲང་ཞིང་རུས་ཚིགས་གཟེར་བ། ཡན་ལག་སྦྲིད་ཅིང་སྐྲངས་པ་སོགས་ཀྱི་མངོན་རྟགས་ཡོད་པ་མ་ཟད་ནད་དེ་ལུས་ཟུངས་དོན་སྣོད་ཀྱི་གནས་གང་རུང་དུ་བབས་ན་དེར་ནད་འགྱུར་མངོན་སྲིད།

  འཕར་རྩའི་རྒྱུ་བ་ཕྲ་ཞིང་སྟོང་།

  ཆུ་མདོག་ངེས་མེད་རུལ་རྙོག་ཁ་དོག་སྣ་ཚོགས་འབྱུང་སྲིད།

  ལྕེ་མདོག་སྐྱ་ལ་ཅུང་རྩུབ།

གཞོགས་འདེགས་བརྟག་དཔྱད།

  གྲང་དཀར་གྱི་མདོག་ལ་བརྟག་པ། མདོག་དཀར་ལ་ཟ་ཁུ་ལྟ་བུ་ཡིན་མིན་ལ་བརྟག་པ།

འཁྲུལ་སོ་བསལ་བ།

  ཁྲག་ཚབས་དང་ནོར་ཉེན་ཆེ་སྟེ། དེའི་རྟགས་སུ་ཆུ་སོ་དང་རྒྱུ་ཞབས་བསྡམས་ཤིང་ན་བ་དང་ཟླ་མཚན་འབྱམས་པ། ལུས་གྲང་ཞིང་རུས་ཚིགས་ན་བ། མགོ་ཡུ་འཁོར་བ་དང་མིག་འགྲིབ་པ། སྙིང་འདར་ཞིང་འཕྱོ་བ། དྲན་མེད་བརྒྱལ་བ། བརྗེད་ངས་ཆེ་བ། གཉིད་ཡེར་བ། མགོ་ཡི་རུས་པ་གྲང་བསིལ་བྱེད་ཅིང་ཁྱད་པར་འཁྱགས་ཞུ་མཚམས་སུ་ན་བ། འཕར་རྩའི་རྒྱུ་བ་སྟོང་ལ་ཞན་པ་སོགས་ལས་རླུང་དང་བད་ཀན་གྲང་བ་ཆུ་ཡིན་པ་དང་རླུང་ཚབས་གྲང་བའི་རྟགས་སུ་འདོད།།

གོང་ངོས། ཁྲག་ཚབས།
X