//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > མོ་ནད་ཀྱི་སྐོར། > ནང་དོན།

ནུ་ཚབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:12:50 ཀློག་གྲངས། 44 

   ནུ་ཚབས་ནི་ཟླ་མཚན་རླུང་ཁྲག་ཆུ་སེར་དང་བསྡོངས་ནས་ནུ་མའི་རྩ་རུ་འབྲོས་ཏེ་གཉན་ཁ་རྒྱས་ཤིང་སྐྲངས་ཏེ་ཟུག་གཟེར་ལངས་ནས་མཐར་ནུ་ཞོར་ཁྲག་རྣག་ཏུ་འཛག་པའི་ནད་ཅིག་ཡིན་ལ། ནད་མང་ཆེ་བ་བྱིས་པ་ཐོག་མར་བཙས་ཏེ་བུད་མེད་འོ་མ་སྟེར་མཁན་ལ་འབྱུང་བ་ཡིན།

རྒྱུ་རྐྱེན།

  བྱིས་བ་བཙས་རྗེས་འོ་མ་སྟེར་སྐབས་ནུ་མར་རླུང་ཕོག་པ། འོ་མ་མི་སྟེར་བར་འཁྱིལ་དུ་བཅུག་པ། ལུག་ཤ་དང་ཆང་རག་སོགས་བསྟེན་དྲགས་པ། ཟླ་མཚན་འཁྱིལ་བ་དང་འབྱམས་པ་སོགས་རྒྱུན་ལྡན་མིན་པ། བརྡབས་ཆག་ཤོར་བ་སོགས་ཀྱིས་ནད་གཞི་བསླངས་པ་རེད།

ནད་རྟགས།

  ནུ་མར་གཉན་ཚད་རྒྱས་ནས་སྐྲངས་སྦོས་ཆགས་པ་དང་དམར་པོར་གྱུར་ཏེ་ནུ་མའི་ཆ་ཤས་ཁག་མཁྲེགས་པོ་གྱུར་ནས་གཟེར་ཟུག་ལྡང་བ།

  སྙིང་ཁམས་མི་བདེ་བ། བྲང་རྒྱབ་སྦྲགས་ནས་གཟེར་བ། གྲང་ཤུམ་རྒྱག་པའམ་ཚ་བ་སྐྱེས་བ། སྐོམ་དད་ཆེ་བ། མཐར་རྣག་ཚད་སྐྱེས་ནས་རྣག་འཛག་པ་དང་མཆན་ཁོང་གི་རྨེན་བུའི་ཁག་རྣམས་སྐྲངས་པ།

  རྩ་རྒྱུད་ཕྲ་ལ་མགྱོགས་པ།

  ཆུ་མདོག་དམར་སེར་ཀུ་ཡ་ཡོད་པ།

གཞོགས་འདེགས་བརྟག་དཔྱད།

  Bསྒྲ་བརྒལ་གྱིས་བརྟག་པས་ནུ་རྨེན་འདབ་ཆུང་འཕེལ་སྐྱེས་བྱུང་བ། ཁྲག་པྲ་ལསWBCདང་བར་གཤིས་རྡོག་རིལ་ཕྲ་ཕུང་གི་སྤྱིའི་གྲངས་ཚད་ཇེ་མཐོ་ཡིན་པ།

འཁྲུལ་སོ་བསལ་བ།

  སྙིང་ཁམས་མི་བདེ་བ། བྲང་རྒྱབ་སྦྲགས་ནས་གཟེར་བ། ཟླ་མཚན་འཁྱིལ་བ་དང་འབྱམས་པ་སོགས་ཀྱི་ནད་རྟགས་ལས་སྙིང་གི་རླུང་ཚབས་དང་ནོར་ཉེན་ཆེ།  ནུ་ཚབས་ཀྱི་རྟགས་སུ་ནུ་མར་གཉན་ཚད་རྒྱས་ནས་སྐྲངས་སྦོས་ཆགས་པ་དང་དམར་པོར་གྱུར་ཏེ་ནུ་མའི་ཆ་ཤས་མཁྲེགས་པོར་གྱུར་པ། ཚ་འཁྱུག་རྒྱག་པ། ནུ་མར་གཟེར་ཟུག་ལྡང་བ། མཆན་ཁོང་གི་རྨེན་བུའི་ཁག་རྣམས་སྐྲངས་པ་སོགས་ལས་ཤེས།

གོང་ངོས། རླུང་ཚབས།
X