//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > མོ་ནད་ཀྱི་སྐོར། > ནང་དོན།

མངལ་ནད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:18:35 ཀློག་གྲངས། 47 

    མངལ་ནད་ཟེར་བ་དེ་ནི་བུ་སྣོད་གཙོར་བྱས་བའི་བསམ་སེའུ་དང་། ཁམས་དམར་རྒྱུ་བའི་བུ་ག་སོགས་ཉེ་འཁོར་གྱི་དབང་རྟེན་རྣམས་ལ་ནད་འགྱུར་བྱུང་ནས་གཉན་ཁ་རྒྱས་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  བྱིས་པ་བཙས་མང་བའམ་ཆགས་པ་གང་བྱུང་དུ་སྤྱད་པ། སྐྱེ་གཞུག་ལུས་པ། ཟས་སྤྱོད་ལོག་པ་སོགས་ཀྱིས་བསླངས་པ་རེད།  

ནད་རྟགས།

  རྐེད་པ་དང་རྒྱུ་ཞབས་ལ་ན་ཟུག་གཏོང་བ་དང་། རྒྱུ་ཞབས་ལ་ལག་པས་སྦར་ཉུལ་བྱེད་སྐབས་གནོན་ཟུག་ཡོད་པ། སྐབས་སུ་ཚ་རྒྱག་པ།

  ཟླ་མཚན་འགག་པའམ་འབྱམས་པ། ཟླ་མཚན་གྱི་མདོག་ནག་གམ་སེར་བ། གྲང་བ་འཛག་ཆེར་འགྲོ་བ། ཟླ་མཚན་བབས་དུས་དང་ལུས་ཁམས་འཁྱགས་ཚེ་ཇེ་སྡུག་དུ་འགྲོ་བ།

  རྩ་རྒྱུད་ཞན་ཅིང་ཆག་རྩ་ཅུང་གྲིམས་ཤས་ཡོད་པ།  

  ལྕེ་མདོག་མ་ངེས།

   ཆུ་མདོག་དམར་ལ་ངོ་བོ་སྙོགས། ཀུ་ཡ་མཐུག

གཞོགས་འདེགས་བརྟག་དཔྱད།

  Bསྒྲ་བརྒལ་གྱིས་བརྟག་པས་མངལ་ཁ་ཆེར་རྒྱས་པ་མཐོང་བ། གྲང་དཀར་མང་དུ་འབྱམས་པ།

འཁྲུལ་སོ་བསལ་བ།

   མངལ་ནད་ཀྱི་རྟགས་ལ་ཟླ་མཚན་གྱི་མདོག་ནག་གམ་སེར་ལ་སླ་བ། གྲང་བ་འཛག་ཆེ་བ། ཟླ་མཚན་སྐབས་སུ་དེ་བས་སྡུག་ཏུ་འགྲོ་བ། རྒྱུ་ཞབས་སུ་གནོན་གཟེར་ལྡང་བ། འཁྲུགས་སྦྱོར་རྗེས་སུ་ཁྲག་འཛག་པ་བཅས་སོ།

གོང་ངོས། ནུ་ཚབས།
X