//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > མོ་ནད་ཀྱི་སྐོར། > ནང་དོན།

མངལ་འབྲས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:33:31 ཀློག་གྲངས། 62 

    མངལ་འབྲས་ཟེར་བ་དེ་ནི་བུ་སྣོད་ཀྱི་སྐེའི་མཚམས་སུ་འབྲས་སམ་རྨ་ངན་སྐྱེས་ནས་མཐར་དྲི་ངན་ཆེབ། ཁྲག་དང་ཆུ་སེར་རྣག་འཛད་མེད་འཛག་པའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཆགས་པ་གང་བྱུང་དུ་སྤྱད་པས་མངལ་ཁར་རྨ་བཤུས་བྱུང་བ་འགྲམས་པའམ་འཁྲུགས་པ། ཡང་ན་ངན་ཁྲག་རྒྱས་དེ་རྩར་བྱེར་བ་རླུང་གིས་བསྒྲིལ་ནས་བྱུང་བའམ་གཞན་དབང་སྔོན་ལས་ཀྱིས་བསྐྱེད་པ།

ནད་རྟགས།

  ཐོག་མར་རྒྱུ་ཞབས་བདེ་བོ་མེད་པ། ཆགས་པ་སྤྱད་རྗེས་ཁྲག་དོན་པ།

  བར་དུ་གྲང་བ་འཛག་ཆེ་རུ་ཕྱིན་ནས་དྲི་ངན་མནམ་པ། དུས་ངེས་མེད་དུ་ཁྲག་འཛག་པ། རྒྱུ་ཞབས་དང་མཁལ་རྐེད་ཚང་ར་ཐུར་ཏུ་དཔྱང་བའི་ཚུལ་གྱིས་སྦོས་གཟེར་རྒྱག་པ། མཐར་རྨ་རུལ་ཆགས་ནས་དྲི་ངན་ཆེ་བའི་ཁྲག་ཆུ་འཛད་མེད་འདོན་པ། ཟུངས་ཁྲག་ཟད་པ་དང་ལུས་སྟོབས་ཤོར་བ།

  རྩ་རྒྱུད་ཕྲ་ལ་ཞན་པར་འཕར་བ།

  ལྕེ་མདོག་དམར་སྐྱ་མདངས་མེད་པ།

  ཆུ་མདོག་ངེས་མེད་སྙོག་ལ་ལྦུ་བ་ཆེ།

གཞོགས་འདེགས་བརྟག་དཔྱད།

  Bསྒྲ་བརྒལ་མངལ་ཁ་ཆེར་རྒྱས་པ་དང་རྨ་བརྒྱབ་ནས་འབར་འབུར་ཆགས་ཡོད་པ། དེར་ཤ་བཏོགས་ནས་ནད་ལུགས་བརྟག་དཔྱད་བྱས་ན་འབྲས་ནད་ཀྱི་ཕྲ་ཕུང་རྙེད་ཐུབ་པ་དང་། དེ་མིན་མོ་ནད་བརྟག་དཔྱད་བྱས་ན་རྨ་དབྱིབས་གྲོག་མཁར་ལྟ་བུར་མཐོ་བར་གནས་པ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། ཤ་འབྲས་མཛེར་བ་བཅད་པ་འདྲ་ཞེས་ཀྱང་གསུངས།

འཁྲུལ་སོ་བསལ་བ།

  དྲི་ངན་ཅན་གྱི་གྲང་བ་འཛག་པ་དང་དུས་ངེས་མེད་དུ་མངལ་ཁྲག་འཛག་པ། རྒྱུ་ཞབས་དང་མཁལ་རྐེད་ཚང་ར་ཐུར་ཏུ་་དཔྱང་བའི་ཚུལ་གྱིས་སྦོ་གཟེར་རྒྱག་པ་སོགས་མངལ་སྐྲན་ལ་ནོར་ཉེན་ཆེ་མོད། མངལ་འབྲས་ཁྱད་པར་གྱི་རྟགས་སུ་ཆགས་པ་སྤྱད་རྗེས་ཁྲག་འཛག་པ་དང་། ཟུངས་ཁྲག་ཟད་པ་དང་ལུས་སྟོབས་ཤོར་བ། མངལ་ཁར་རྨ་བརྒྱབ་ནས་གྲོག་མཁར་ལྟ་བུ་མཐོ་བར་གནས་པ་རེག་པ་ཙམ་གྱིས་ཁྲག་བརྡོལ་བ་ཡིན།

X