//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > གདོན་ནད་ཀྱི་སྐོར། > ནང་དོན།

སྨྱོ་བྱེད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:51:52 ཀློག་གྲངས། 74 

སྨྱོ་བྱེད་ནི་ཕྱི་རོལ་ཡུལ་གྱི་ཟས་དང་སྤྱོད་ལམ་མི་མཐུན་པ་སོགས་ཀྱིས་སྙིང་དང་། ཁྱད་པར་རྣམ་ཤེས་ཚོགས་དྲུག་རྒྱུ་བའི་རྩརརྩའི་རྒྱལ་བོ་ཨ་ཝངྷཱུ་ཏི་སྟེ་རྩ་དབུ་མནད་གདོན་ཞུགས་ནས་ཡིད་མཇུག་བུ་ག་བཀག་པས་ལོག་པར་ཞུགས་ཏེ་ཤེས་པ་གཡེང་ཞིང་དྲན་པ་ཉམས་ཏེ་སྨྱོ་བར་བྱེད་པའི་ནད་ཅིག་ཡིན།

རྒྱུ་རྐྱེན།

སྙིང་སྟོབས་ཞན་པ་དང་བློ་སེམས་དོག་པའི་མི་ལ་གློ་བུར་དུ་ཞེད་སྣང་ཆེན་པོ་སྐྱེས་པ། ཡིད་མི་བདེ་བ། མྱ་ངན་དང་སེམས་ལས་ཆེ་བ། ཡུན་རིང་གཉིད་ཆག་པ། ཟས་དང་སྤྱོད་ལམ་མི་འཕྲོད་གདོན་གྱིས་རྐྱེན་བྱས་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

ཡིད་ཀྱི་ལོག་པར་ཞུགས་ནས་ཤེས་པ་གཡེང་ཞིང་དྲན་ཤེས་ཉམས་ཏེ་ལུས་ཀྱི་བདེ་བ་དང་སྡུག་བསྔལ་ཡང་མི་ཚོར་བར་ཁ་ནས་ལབ་རྡོལ་ཅི་རིགས་བྱེད་པ།

      རླུང་ལས་གྱུར་པ་ནི་ཤ་སྐེམ་ལ་ལྦུ་བ་སྐྱུགས་པ། ཁ་ནས་ལབ་རྡོལ་མང་པོ་བྱེད་པ། ལན་རེར་ངུ་འབོད་དྲག་པོ་བྱེད་པ། མིག་སྤྲིན་དམར་ལ་ཁྱད་པར་ཁ་ཟས་ཟོས་ནས་ཞུ་བའི་དུས་སུ་ལྡང་བ། མཁྲིས་པ་ལས་གྱུར་བ་ཡིན་ན་དོན་མེད་དུ་ཁོང་ཁྲོ་ལངས་པ་དང་། མི་གཞན་ལ་བརྡེག་པར་འདོད་པ། གནས་བསིལ་སར་འདོད་ལ་མིག་ཆུ་སེར་བ། མིག་ལམ་དུ་མེ་དང་སྐར་མ་མཐོང་བར་བྱེད་པ་སོགས་ཀྱི་ནད་རྟགས་མངོན། བད་ཀན་ལས་གྱུར་བ་ཡིན་ན་ལྕེ་རློན་པ་དང་སྨྲ་བ་ཉུང་ལ་ཡི་ག་འཆུས་པ། གཉིད་ཆེ་ལ་བེ་སྣབས་དང་འདྲེས་བའི་ཁ་ཆུ་མང་པོ་འཛག་པ། འདུས་པ་ལས་གྱུར་བ་ནི་ཡིད་གདུང་བ་དང་། སེམས་མི་བདེ་བ། ཉམས་སྟོབས་ཆུང་ལ་སེམས་འཁྲུགས་པ།

         རྩ་འཁྱུག་ཅིང་འདར་བར་བྱེད་པ།

      ཆུ་དམར་ཞིང་རློན་པ།

      ལྕེ་ལ་ཅུང་དམར་ཞིང་རློན་པ།

གཞོགས་འདེགས་བརྟག་དཔྱད།

      དེང་རབས་གསོ་རིག་གི་འཕྲུལ་ཆས་CTང་RMIབཀོད་ནས་བརྟག་ན་ཀླད་པའི་ཁྲག་རྩ་རྡོལ་ནས་ཀླད་ཁྱིམ་དང་ཀླད་པ་སོགས་ལ་ཁྲག་ཟགས་ཡོད་པ་མཐོང་བ་ཡིན།

འཁྲུལ་སོ་བསལ་བ།

      སྨྱོ་བྱེད་ཀྱི་ནད་འདི་རྗེད་བྱེད་དང་སྙིང་འཕྱོས་ནད་ལ་ནོར་ཉེན་ཆེ། སྨྱོ་བྱེད་དང་བརྗེད་བྱེད་གཉིས་ཀ་དུས་གདོན་ཟས་སྤྱོད་རྐྱེན་གྱིས་ཉེས་པ་འཁྲུགས་ཤིང་རྣམ་ཤེས་རྒྱུ་བའི་བུ་གར་རླུང་ཞུགས་ནས་ཡིད་ལམ་བཀག་པའི་དབང་གིས་ཤེས་པ་གཡང་ཞིང་དྲན་ཤེས་འཆོལ་བ་བཅས་ཀྱི་རྟགས་མཚུངས་པས་ནོར་ཉེན་ཆེ་ཡང་ཞིབ་ཏུ་བརྟག་པས་མི་འཁྲུལ་ཏེ། བརྗེད་བྱེད་ནི་སྙིང་འདར་ལ་ཁྱད་པར་ནད་ལངས་དུས་བརྒྱལ་ཞིང་འབོག་པ་དང་། སོ་འཆའ་ལ་ལྦུ་བ་སྐྱུགས་པ་ཡིན། སྨྱོ་བྱེད་ནི་ཤེས་པ་འཆོལ་ཞིང་ལྷག་པར་སྤྱོད་པ་ཡན་པར་འགྱུར་བ་སོགས་ལས་འཁྲུལ་སོ་བསལ་དགོས། གཞན་སྙིང་འཕྱོས་མགོ་བོ་ན་ཞིང་བརྗེད་ངེས་ཆེ་ལ་མུ་ཅོར་སྨྲ་བ་བཅས་དང་ནོར་ཉེན་ཆེ་ཡང་། སྙིང་ལ་རླུང་ཞུགས་པའི་འཕྱོས་པ་ནི་དབུགས་རྔམ་ལ་རྒོད་ཅིང་གཉིད་ཆུང་དང་། གཞི་རྩའི་ཤེས་པ་གསལ་བ་ཡིན། འོན་ཀྱང་སྙིང་རླུང་བཅོས་ཉེས་ན་སྨྱོན་པར་འགྱུར་བ་ཡང་ཡོད།

གོང་ངོས། མེ་གཟའ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X