//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དུག་ནད་ཀྱི་སྐོར། > ནང་དོན།

སྦྲུལ་དུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 15:15:43 ཀློག་གྲངས། 35 

གསོ་ཐབས།

  གསོ་ཚུལ།

  ཐོག་མར་དུག་ཅན་ཁྲག་དེ་རྨ་ཁ་ནས་བཙིར་ཏེ་ཕྱིར་འདོན་པ་དང་། བར་དུ་བླ་གཉན་གྱི་ནད་དང་གློ་སྙིང་ལ་བྱ་ར་སྒྲིམས་པ་དང་དུག་དངོས་གསོ་བ། མཇུག་ཏུ་ནད་རོ་འདོན་པ་དང་ལུས་ཁམས་གསོ་དགོས།

  བཅོས་ཐབས།

  ཟས། སྐྱུར་བའི་རིགས་དང་ཞོ་བསྟེན་པ་དང་མི་འཕྲོད་རིགས་སྤང་དགོས།

  སྤྱོད་ལམ། གཙང་ཞིང་བསིལ་བའི་གནས་སུ་དྲགས་ཤུལ་དང་སེམས་ལས་སྤང་ཏེ་ངལ་གསོ་བཟང་བོ་བྱ་དགོས།

  སྨན། རིན་ཆེན་མང་སྦྱོར། རིན་ཆེན་དབང་རིལ་ཉེར་ལྔ། རིན་ཆེན་གྲང་སྦྱོར། བཙོ་ཟླ། ཐང་ཆེན་ཉེར་ལྔ། ཞི་གསེར། ཟླ་ཤེལ་ཆེན་མོ། རྒྱ་སྤོས་ལྔ་བ། གུ་གུལ་བཞི་བ་རྣམས་ནད་བབ་དང་བསྟུན་ནས་གཏོང་བ་དང་། ཡང་ན་གླ་རྩིའི་ཁ་ཚར་སྦྱར་ན་མཆོག་ཏུ་ཕན།

  དཔྱད། རྨ་ཁ་དེ་བཙིར་ནས་ཁྲག་དབྱུང་བའམ་རྔབས་རྭ་འཇིབ་བཙུགས་ཏེ་རྨ་ནང་གི་བཙོག་རིགས་དང་ཁྲག་སོགས་འཇིབ་ཅིང་། དེའི་རྗེས་རྨའི་སྟེང་དུ་འབྲེལ་ཡོད་བྱུགས་སྨན་བསྐུ་ཆོག དེ་མིན་དུག་གིས་ལུས་ཡོངས་མ་ཁྱབ་གོང་ཁྲག་ལ་གནས་པའི་ཕྱིར་རྨ་དང་གང་ཉེ་སར་དམིགས་སུ་གཏར་ཏེ་ཁྲག་འདོན་པར་བྱ།  

ཕན་འབྲས་ཚད་གཞི།

  སངས་དྲག

   གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

   ལུས་ལ་ཚ་བ་རྒྱས་པ། སྐྲངས་པ་དང་ལུས་མི་བདེ་པའམ་བརྒྱལ་བ། པགས་སྟེང་དུ་རྨ་འབྱུང་བ་དང་། གཡའ་བ། ཟུག་གཟེར་ཚ་འུར་བྱེད་པ། རྨ་ཁ་སྐྲངས་ནས་ཁྲག་ནག་པོ་འཛག་པ་དང་། ལུས་ནས་སྲིན་འབུ་འགྲོ་བར་སེམས་པ། རྨེན་བུ་རྣམས་རྒྱས་བ། མགོ་ལྕི་ཞིང་སྣབས་དང་མཆིལ་མ་མང་བ། མིག་འབྱེད་དཀའ་བ། རུས་ཚིགས་དང་པགས་པ་རྣམས་ཁ་བྱེ་བར་སྙམ་པ། ལུས་ཚ་ཞིང་སྐྱིགས་བུ་འབྱུང་བ་དང་མར་འཁྲུ་བ། སྙིང་ག་གཟེར་བ། རོ་སྟོད་དང་སྒལ་ཚིགས་རྣམས་ན་བ། དབུགས་འབྱིན་རྔུབ་ཐུང་ཞིང་སྐྱུགས་པ་སོགས་ཀྱི་རྟགས་ཕལ་ཆེར་མེད་པར་གྱུར་ཏེ་ནད་མངོན་གསལ་ཀྱིས་ཇེ་དགར་ཕྱིན་པ།

   སྐྱེད་ཆུང་བ།

    ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

   སྐྱེད་མེད་པ།

    ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཤ་དུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X