//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > མཚོན་རྨ་གསོ་བ། > ནང་དོན།

ཀླད་འཁྱོམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 15:22:04 ཀློག་གྲངས། 19 

  ཀླད་འཁྱོམས་ནི་བརྡབ་འགྲམས་རིགས་ཀྱིས་མགོ་བོ་དྲག་ཏུ་དཀྲུགས་པས་ཀླད་པའི་གནས་འགྱུར་བའམ་ཀླད་པའི་མཚོ་འཁྱོམས་ཏེ་ལུས་འདར་ཞིང་གོམ་པ་འཁྱོམ་པ་སོགས་ཀྱི་རྟགས་སྟོན་པའི་ནད་ཅིག་ཡིན།

རྒྱུ་རྐྱེན།

  རྡོ་དང་དབྱུགས་པ་སོགས་ཀྱིས་བརྡུངས་པ། གཡང་ལས་ལྷུང་བ་དང་མགོ་བོར་ལྗིད་མོ་དང་རྟུལ་ཅན་གྱིས་ཕོག་པ། རྟས་བརྡབས་པ་སོགས་ཀྱིས་ནད་སྐྱོན་བཟོས་ནས་བསླངས་པ་རེད།

ནད་རྟགས།

  མགོ་ན་མིག་མི་ཐེག་ཅིང་རྒྱལ་མོ་ཆེ་ཆུང་ཤོར་བ། མིག་སྤྲིན་དམར་ལ་མིག་འཛུམ་མི་ཤེས་པ། སྣ་ཁྲག་འཛག་པ། དབུགས་དང་སྐད་གདངས་ཞན་པ། གཉིད་ཀྱིས་འཐིབས་པ། གཉིད་སད་པའི་ཚེ་ན་དངངས་པ། ཟི་འཁྱོམ་ལངས་ཤིང་ལུས་འདར་འགྱེལ་བུབ་བྱེད་པ།

  རྐང་ལག་སྦྲིད་ཅིང་དྲོད་དང་ཚོར་བ་ཉམས་པ། ཁ་གདངས་དཀའ་བ་དང་སོ་ཡིས་སྲ་མོ་ལྡད་མི་ཐུབ་པ། གཡལ་འདར་བྱེད་ཅིང་བྱ་རྨྱང་དང་སྦྲིད་པ་མང་བ། མགོ་ལྕི་སྣང་འོང་ཞིང་སྐབས་རེར་གློ་རྡོལ་དང་སྟོང་སྐྱུགས་བྱེད་པ། ཚབས་ཆེ་བ་ལ་ཤེས་པ་འཁྲུལ་བ་སོགས་འོང་།

  རྩ་ཕྲ་ལ་རྒྱུགས་པ་དང་ཆག་རྩ་ཞན།

  ཆུ་དམར་སེར་ཅུང་རྙོག་པ།

  ལྕེ་ལ་ཁྱད་པར་ཀྱི་ངེས་པ་མེད།

གཞོགས་འདེགས་བརྟག་དཔྱད།

  ནད་བབ་ལ་གཞིགས་ནས་ནད་ཚབས་ཆེ་དུསCTབརྟག་པ་དང་། འབྲིང་ཡིན་དུས་ཀླད་པའི་གློག་རིས་བརྟག་པ། དེ་མིན་ནད་ཚབས་ཆུང་དུས་འཕྲུལ་ཆས་ཀྱི་བརྟག་ན་ཁྱད་པར་གྱི་ནད་འགྱུར་མི་འདུག འབྲེལ་ཡོད་བརྟག་དཔྱད་འདི་དག་ཐོག་མའི་དུས་སུ་བེད་སྤྱོད་བྱེད་དགོས།

འཁྲུལ་སོ་བསལ་བ།

  ཀླད་གཟེར་དང་གཟའ་ནད། མགོ་རླུང་སོགས་དང་ནོར་ཉེན་ཆེ། ཀླད་གཟེར་དང་མགོ་རླུང་། གཟའ་ནདསོགས་མགོ་བོ་ན་བ་དང་ལུས་ལ་ཚ་རྒྱས་པ། མུར་འགྲམ་གཟེར་ཞིང་ལྟག་ཁུང་ན་བ། གློ་བུར་དུ་སྐྱུགས་པ་ཡང་ཡང་ཤོར་བ་བཅས་ཀྱི་ནད་རྟགས་ཀྱི་ཆ་ནས་འདྲ་ན་ཡང་། ཀླད་གཟེར་ནི་ལྐོག་མ་བྲང་ལ་གཏུགས་ན་སྐད་ངན་འཆོར་བ། མིག་སྤྲིན་དམར་ལ་ཤ་ལྤགས་ཚ་དྲོད་ཆེ་བ་ཡིན། གཟའ་ནད་ནི་གོང་གསལ་ནད་རྟགས་གཞིར་བཞག་གི་སྟེང་མིག་འབྱེད་འཛུམ་དཀའ་བ། ཁ་ངོ་ཡོ་བ་དང་ཁ་ལྐུགས་པ། སྐབས་སྐབས་སུ་ཤེས་པ་འཆོལ་བ་དང་བརྗེད་ངེས་ཆེ་བ། ཚབས་ཆེ་ན་ཤེས་པ་ཉམས་ནས་དྲན་མེད་དུ་བརྒྱལ་བ་ཡིན། དེ་ཡང་སྤྱིར་བཏང་ཏུ་ཆུ་གཟའ་ཡིན་ན་མང་ཆེ་ཤས་གཞོགས་གཡོན་ལ་ཕོག་པ་དང་། མེ་གཟའ་ཡིན་ན་གཞོགས་གཡས་ལ་ཕོག་ནས་ཁྲག་གི་གནོན་ཤུགས་མཐོན་པོ་ཆགས་པ་སོགས་ཀྱི་ནད་རྟགས་མངོན་པས་གཙོ་བོ་སྨན་པ་རང་ཉིད་ཀྱི་བློ་དང་རིག་པའི་དཔྱོད་ནས་འཁྲུལ་སོ་བསལ་དགོས།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X