//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > རོ་ཙ་གསོ་བ། > ནང་དོན།

ཁུ་བ་གསོ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 16:57:24 ཀློག་གྲངས། 243 

  ཁུ་བ་གསོ་བ་ཞེས་པ་ནི་ཟས་སྐོམ་དང་སྤྱོད་ལམ་ལོག་པ་ལས་བསྐྱེད་པའི་བཅུད་ཀྱི་དྭངས་མ་ས་བོན་དཀར་དམར་གྱི་ཆ་ཉམས་པའམ་རིགས་རྒྱུད་མི་འབྱུང་བ། ཁུ་སྟོབས་ཉམས་པ་སོགས་རྟེན་བསམ་བསེའི་ལ་ནད་འགྱུར་བྱུང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  རྒྱུ་ནི་ཉོན་མོངས་བ་འདོད་ཆགས་ལས་རྐྱེན་དངོས་སུ་མེད་ཀྱང་གཙོ་བོ་བཅུད་མེད་ཁ་ཟས་ཡུན་དུ་བསྟེན་པས་མེ་དྲོད་ཉམས་པ་དང་། འཁྲུག་སྤྱོད་ཀྱི་ལས་བྱས་དྲགས་པ་ལྟ་བུ་སོགས་ཀྱིས་ཟས་སྐོམ་དང་སྤྱོད་ལམ་ལོག་པ།

ནད་རྟགས།

  ལུས་སྟོབས་ཉམས་པ་ལས་འདོད་པ་ངོམས་ཤིང་ལུས་ལྕི་ལ་བུད་མེད་ལ་མི་འདོད་པ།

  འཁྲུག་སྤྱོད་དྲགས་པས་ཁྲག་འབྱུང་བ་དང་འཚིག་པ་ཟ་བ།

  རྩ་རྒྱུད་ཞན་ཞིང་ལྷོད་པར་འཕར།

  དྲི་ཆུའི་ཁ་དོག་ཅུང་དཀར་ལ་ཝུ་བ་ཆེ།

  ལྕེ་མདོག་དམར་ལ་དྲེག་པ་སྲབ།

གཞོགས་འདེགས་བརྟག་དཔྱད།

  དེང་སྐབས་ཀྱི་དཔྱད་ཆས་སྤྱད་ནས་བརྟག་དཔྱོད་བྱས་ན། ཁུ་བའི་གྲངས་ཀ་རྒྱུན་ལྡན་ལས་ཇེ་ཉུང་དུ་སོང་ཡོད་པ་དང་། ཁུ་བའི་ཕྲ་ཕུང་གི་གྲུང་གཤིས་ཡང་ཉམས་རྒུད་དུ་སོང་ཡོད།

འཁྲུལ་སོ་བསལ་བ།

  ཁུ་བ་རླུགས་པ་དང་འཕེལ་བ། ཟད་པ་གསུམ་ནི་ཁམས་དཀར་དམར་གྱི་རྟེན་བསམ་བསེའུ་ལ་བྱུང་བ་འདྲ་མོད། གྲང་རླུང་དང་མཁལ་མའི་མེ་དྲོད་ཉམས་པ་ལས་རྩ་ཁ་མ་ཐུབ་པར་ཆུ་དང་བསྡོངས་ནས་འཛག་པ་ནི་ཁུ་བ་རླུགས་པ་དང་། ལུས་རྒྱས་པས་ཁུ་བ་འཕེལ་དེ་རང་དགར་ཟགས་པ། བུད་མེད་ལ་ཤིན་ཏུ་འདོད་པ་ནི་ཁུ་བ་འཕེལ་བ། ལུས་སྟོབས་ཞན་པ་དང་ཁ་ཟས་བཅུད་མེད་ཡུན་དུ་བསྟེན་པ། མཁལ་མའི་དྲོད་ཉམས་པ། ཆགས་པ་སྤྱོད་དྲགས་པ་སོགས་ཀྱིས་ཁུ་བ་མེད་པར་གྱུར་བ་ནི་ཟད།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X