//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

མཚོ་བྱང་ཁུལ་བོད་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 18:08:43 ཀློག་གྲངས། 9 

   

   མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་བོད་ལུགས་སྨན་ཁང་ནི་སྤྱི་ལོ་༡༩༩༧ལོར་བཙུགས་པ་ཡིན་ལ། ལོ་ངོ་བཅུ་ལྷག་རིང་དུ་རྒྱལ་ཁབ་ཀྱི་སྲིད་བྱུས་བཟང་བོ་དང་། ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ། སྨན་ཁང་གི་མགོ་ཁྲིད་རྣམ་པས་འགན་ཁུར་དང་ལེན་དང་། ལས་མི་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་ལ་བརྒྱུད་ནས་ད་སྔ་མཚོ་བྱང་ས་ཁུལ་གྱི་སྨན་བཅོས་དང་། སློབ་གསོ། ཚན་རྩལ་བཅས་སྣ་འདུས་རང་བཞིན་གྱི་རྒྱལ་ཁབ་རིམ་གཉིས་ཀ་པའི་བོད་ལུགས་སྨན་ཁང་ཞིག་ཏུ་ཆགས་ཡོད།

   མཚོ་བྱང་ཁུལ་བོད་ལུགས་སྨན་ཁང་འདིའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༨༠༠༠དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་རྨི་གྲུ་བཞི་མ༤༣༧༧། སྨན་ཁང་གི་ནད་ཁྲིའི་གྲངས་༡༠༠བཅས་དང་། ལོ་རེའི་སྒོ་བསྟེན་ནད་པ་ཁྲི་དྲུག་ལྷག་དང་ཞག་སྡོད་ནད་པ་སྟོང་གཅིག་ལྷག་ཡོད། སྨན་ཁང་ཡོངས་སུ་ལས་བཟོ་བ་༨༣དང་། དེའི་ནང་དུ་གཏན་སྡོད་ལས་བྱེད་པ་༤༣དང་། ཆེད་ལས་ལག་རྩལ་མི་སྣ་༥༧བཅས་འཛོམས་ཡོད། དེ་ལས་སྨན་པ་འབུམ་རམས་པ་༡དང་། སྨན་པ་འབུམ་རམས་གཞོན་པ༧།   སྨན་པ་བསྡུས་ར་བ་༡༢དང་། སྨན་པ་དཀའ་བཅུ་བ་༡༦བཅས་ཡོད། ཆེད་ལས་ཚན་རྩལ་མི་སྣ་ལས་བོད་སྨན་གྱི་སྨན་པའི་བརྒྱ་ཆའི་༧༠ཟིནཡོད་པ་དང་། ཆེད་ཚན་སློབ་གྲྭའི་མཐར་ཕྱིན་འཛིན་ཡིག་ལྡན་པའི་ལས་བྱེད་མི་སྣས་བརྒྱ་ཆའི་༨༠ཟིན་ཡོད། སྨན་ཁང་གིས་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་ལྡན་ཞིང་ནད་ཐོག་ཕན་ཡོན་མངོན་གསལ་མཆིས་པའི་ཕྱི་བཅོས་ཚན་ཁག་དང་། སྨན་ལུམས་ཚན་ཁག མཆིན་མཁྲིས་ཚན་ཁག འཇུ་བྱེད་ཚན་ཁག་བཅས་བཙུགས་ཡོད་པར་མ་ཟད། ནད་བརྟག་ཁྲོད་ནད་གཞི་ངོས་འཛིན་ལ་གཞོགས་འདེགས་ནུས་ཤིང་སྨན་བཅོས་གོ་འཛོལ་མེད་སླད་དུ་འགྱེད་འཕྲོ་ཚན་ཁག རྫས་བཤེར་ཚན་ཁག སྒྲ་བརྒལ་ཁང་། ཕོ་ཤེལ་ཁང་། སྙིང་པར་ཁང་སོགས་བརྟག་དཔྱད་ཚན་ཁག་བཅས་ཀྱང་བཙུགས་ཡོད། སྨན་ཁང་གིས་ཁྱད་ཆོས་ལྡན་པའི་ཚན་ཁག་འཛུགས་སྐྲུན་བྱེད་ཆེད་དུ་ལོ་མང་འབད་འབུངས་བྱས་མཐར་སྤྱི་ལོ་༢༠༠༧ལོར་དཔྱད་བཅོས་ཚན་ཁག་འདི་ཞིང་ཆེན་རིམ་པའི་ཀྲུང་གོ་བོད་གསོ་རིག་དོ་དམ་ཅུའུ་ཡིས་དངོས་སུ་མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཆེ་བའི་ཚན་ཁག་ཏུ་འདེམས། ཁྱད་པར་དུ་སྨན་སྦྱོར་ཁང་གིས་སྨན་གྱི་སྤུས་ཚད་ཁག་ཐེག་དང་སྨན་སྣ་འཛོམས་པོ་ཡོང་ཆེད་དུ་མཚོ་བྱང་ཁུལ་གྱི་སྨན་རྫས་སྣ་གྲངས་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་རང་བྱུང་ཁོར་ཡུག་གི་སྨན་རྫས་ཐོན་ཁུངས་སྔོག་འདོན་དང་། བེད་སྤྱད་དེ་སྨན་རྒྱུ་མང་ཆེ་ཤོས་རང་ཁུལ་ནས་སྤེལ་བས་སྨན་གྱི་རིན་གོང་བདེ་ཞིང་། སྨན་གྱི་རྒྱུ་སྤུས་ཁག་ཐེག་བྱེད་ནུས་སོང་བ་དང་རྒྱ་ཆེ་མང་ཚོགས་ཁྲོད་དུའང་དགའ་བསུ་ཆེན་པོ་ཐོབ། ང་ཚོའི་སྨན་སྦྱོར་ཁང་གིས་སྨན་སྦྱོར་གྲངས་༡༩༣ལྷག་སྦྱོར་བཟོ་བྱེད་བཞིན་པ་འདིས་ཁུལ་ཡོངས་ཀྱི་བོད་སྨན་དགོས་མཁོའི་རེ་བ་བསྐངས་ཐུབ་ཡོད། ད་དུང་སྨན་སྦྱོར་ཁང་གི་ནུས་པ་བླ་ལྷག་ཏུ་འདོན་ཆེད་ཞབས་དཀར་པའི་སྨན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟི་ཞེས་པ་འཛུགས་སྐྲུན་བྱས་ཏེ་རང་སྨན་ཁང་གི་སྨན་བཅོས་ལག་ལེན་ཐོག་བཀོད་ཁྱབ་ཆེ་ཞིང་རྒྱལ་ཁབ་ཀྱིས་ཀྱང་ཆོག་མཆན་གནང་ཡོད་པའི་སྨན་སྣ་དབྱར་རྩྭ་དགུན་འབུའི་སྤྱི་ཐུམ་སོགས་སྨན་རྫས་ཚོང་རར་འགྲེམས་སྤེལ་བྱེད་བཞིན་ཡོད།

         དེ་ལྟར་མཚོ་བྱང་ཁུལ་བོད་ལུགས་སྨན་ཁང་གིས་བོད་མི་དམངས་ཀྱིས་ནད་ཐོག་ལག་ལེན་དང་རིག་པའི་རྩལ་ལས་ཐོན་པའི་བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཇེ་རྒྱས་དང་། ནད་ཐོག་བརྟག་བཅོས་བྱེད་ཐབས་ཕུན་སུམ་ཚོགས་པར་བཏང་ནས་ཁྱད་པར་མཚོ་བྱང་ཁུལ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ཐད་ལ་བྱས་རྗེས་མི་དམན་འཇོག་པར་གོང་མགོ་ཁྲིད་ནས་ཞོལ་ལས་མི་ཡོངས་ཀྱིས་འབད་པ་བྱེད་བཞིན་ཡོད་དོ།།


X