//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

ཡ་ཙི་རྫོང་བོད་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 18:26:58 ཀློག་གྲངས། 16 

དང་པོ། ངོ་སྤྲོད་མདོར་བསྡུས།

ཡ་ཙི་རྫོང་བོད་སྨན་ཁང་ནི་པཎ་ཆེན་སྐུ་ཕྲེང་བཅུ་བས་རང་ཉིད་འཁྲུངས་སའི་བིས་མདོ་ཞང་བིས་མདོ་དགོན་ཆེན་དུ་བཙུགས་པ་ཡིན། བོད་སྨན་ཁང་འདི་རྒྱ་ཆེར་གོང་འཕེལ་གཏོང་ཕྱིར་སྤྱི་ལོ་༢༠༠༨ལོར་ཡ་ཙི་རྫོང་ཅེའི་ཧྲུ་གྲོང་བརྡལ་དུ་གནས་སྤར། སྨན་ཁང་འདིའི་སྤྱིས་རྒྱ་ཁྱོན་ལ་མུའུ་༦.༣༦ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༥༨༠༠ཡོད། སྨན་ཁང་འདི་ནི་བོད་སྨན་གཙོར་བྱས་ནས་ནུབ་སྨན་གྱི་རམ་འདེགས་རང་བཞིན་གྱི་གསོ་བཅོས་བྱ་ཚུལ་དང་། སྨན་བཅོས་དང་སྔོན་འགོག ལུས་ཁམས་གསོ་བ་བཅས་གཞི་གཅིག་ཏུ་འདུས་པའི་སྒེར་གཉེར་སྨན་ཁང་ཞིག་ཡིན། སྤྱི་ལོ་༢༠༡༤ལོའི་ཟླ་༨ཚེས་༢༩ཉིན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་རང་སྨན་ཁང་འདི་ཞིང་ཆེན་བོད་སྨན་ཁང་གི་ཡན་ལག་སྨན་ཁང་དུ་གཏོང་བའི་ཆོག་མཆན་གནང་བ་ཡིན། ད་ལྟ་རང་སྨན་ཁང་འདིར་ལས་བཟོ་མི་སྣ་༨༠ལྷག་ཡོད་དེ། འབུམ་རམས་གཞོན་པ་༥དང་དཀའ་བཅུ་པ༣། བོད་གསོའི་ཆེད་ལས་སྨན་པ༢༩། བོད་སྨན་གྱི་ཆེད་ལས་མི་སྣ་༤དང་ནུབ་སྨན་གྱི་ཆེད་ལས་སྨན་པ༩། ནད་སྐྱོང་ཆེད་ལས་མི་སྣ་༡༧བཅས་ཡོད་ལ་དེ་མིན་སྲིད་འཛིན་ཚན་ཁག་༨དང་ནད་ཐོག་སྨན་བཅོས་ཚན་ཁག༡༠། སྨན་བཅོས་ལག་རྩལ་ཚན་ཁག་༣བཅས་བཙུགས་ཡོད། སྨན་ཁང་གི་ནད་སྡོད་ཐོག་ཁང་གསར་བ་ནི་སྤྱི་ལོ་༢༠༡༤ལོའི་ཟླ་༡༡པའི་ཚེས་༢༦ཉིན་ནས་བཀོལ་སྤྱོད་བྱས་པ་དང་མལ་ཁྲི་༡༠༠གཏན་ཁེལ་བྱས་པ་ཡིན། ད་ལྟ་བཀོལ་བཞིན་པའི་མལ་ཁྲི་༡༢༠ལྷག་ལ་སླེབས་པ་ཡོད་པ་མ་ཟད་སྔོན་ཐོན་གྱི་བརྟག་དཔྱད་མ་ལག་འགྱེད་འཕྲོ་DRདང་ཚོན་འཕྲོ། ཕོ་ཤེལ། རང་འགུལ་ཅན་གྱི་རྫས་འགྱུར་བརྟག་དཔྱད་སོགས་བརྟག་དཔྱད་མ་ལག་ཆ་ཚང་འདུག་པས་ཡུལ་ཕྱོགས་འདིའི་མི་གྲངས་ཁྲི་༥༠ལྷག་ལ་ནད་གཞི་གསོ་བཅོས་དང་སྔོན་འགོག་གི་ནུས་པ་རྒྱ་ཆེན་ཐོན་བཞིན་ཡོད།

གཉིས་པ། འཕེལ་རྒྱས་གནས་ཚུལ།

སྤྱི་ལོ༢༠༡༢ལོར་ཞིང་ཆེན་བོད་སྨན་ཁང་གི་བདག་གཉེར་བྱས་པ་ནས་བཟུང་རང་སྨན་ཁང་སྔར་ལས་ལྷག་པས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཡ་ཙི་རྫོང་བོད་སྨན་ཁང་གི་ནད་པའི་ཞབས་ཞུའི་རྩ་དོན་ནི་ནད་པའི་བདེ་ཐང་གཙོ་བོར་དམིགས་ནས་ལུས་ཁམས་གསོ་བར་མཛུབ་སྟོན་བྱེད་པ། གསོ་བཅོས་ཐབས་ལམ་ཡང་དག་དང་རྣམ་དག་ཞབས་ཞུ་རྒྱུན་བསྲིང་། སྨན་ཁང་གི་སྒྲིག་སྲོལ་ཚགས་དམ་པོའི་འོག་ཏུ་ལོ་ངོ་གསུམ་གྱི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་འཚོལ་བཤེར་དང་དོན་དངོས་བརྒྱུད་ནས་ཕྱོགས་བསྡོམས་བྱས་པར་རང་སྨན་ཁང་ལ་འཚམས་པའི་ཞབས་ཞུའི་ཁ་ཕྱོགས་ནིདམིགས་བྱ་གཅིག ལྟ་བ་གཉིས། རྣམ་པ་གསུམ། ནུས་པ་བཞི་ལྡན། འགྱུར་བ་ལྔ་དང་ལྡན་པ་བཅས་ཀྱི་རྣམ་པ་ཅན་ཡིན་ཏེ། དམིགས་བྱ་གཅིག་ནི་ནད་པ་གཙོ་བོར་འཛིན་དགོས་པ་དེ་ཡིན། ལྟ་བ་གཉིས་ནི་སྒེར་གཉེར་རང་བཞིན་གྱི་སྨན་ཁང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། འདྲ་མཉམ་དང་ཁྲིམས་མཐུན། བདེན་པ་དང་ཡིད་སྟོན་ཆེ་བ་བཅས་རྒྱུན་འཁྱོངས་བྱེད་པ། རྣམ་པ་གསུམ་ནི་གསར་གཏོད་གྱི་བདག་གཉེར་རྣམ་པ། བསམ་པའི་ཀུན་སྤྱོད་དང་མཐུན་པའི་རྣམ་པ། མི་སྣ་འཇོན་ཐང་ཅན་གསོ་སྦྱོང་བྱེད་པའི་རྣམ་པ། ནུས་པ་བཞི་ལྡན་ནི་བརྟག་བཅོས་གསལ་བོའི་ནུས་པ། ནད་ཐོག་ལག་ལེན་གྱི་ནུས་པ་ལྡན་པའི་ནུས་པ། ནད་པར་ཞབས་ཞུ་བྱེད་པའི་ནུས་པ། གསར་གཏོད་ཀྱི་ནུས་པ། འབྲེལ་བ་ལྔ་དང་ལྡན་པ་ནི་རིམ་བཞིན་བདག་གཉེར་ཆ་ཚང་ཅན་དུ་འགྱུར་བ། གསོ་བཅོས་ཁྱད་ཆོས་ལྡན་པར་འགྱུར་བ། དགེ་སློབ་འཛིན་སྐྱོང་ཅན་དུ་འགྱུར་བ། ནད་པ་དང་སྨན་པའི་འབྲེལ་བ་འཆམ་མཐུན་ཅན་དུ་འགྱུར་བ། བྱ་བའི་གྲུབ་འབྲས་ཡར་ཐོན་ཅན་དུ་འགྱུར་བ་བཅས་སོ། །

རང་སྨན་ཁང་གིས་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་གྱི་མཛུབ་སྟོན་ནུས་པ་རྒྱ་ཆེར་སྤེལ་བ་སྟེ། ལག་རྩལ་ཕྱོགས་ལ་མཛུབ་སྟོན་དང་ཆེད་ལས་གསོ་སྐྱོང་། བོད་སྨན་གྱི་གསོ་བཅོས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་བཅས་གཙོར་བྱས་ནས་བོད་སྨན་གྱི་ནད་ཐོག་གསོ་བཅོས་ཆུ་ཚད་མཐོ་རུ་འདེགས་པར་བྱ་དགོས། བོད་སྨན་དཔྱད་བཅོས་དང་སྨན་ལུམས། སྒོ་བསྟེན་བཅས་ནི་ཡ་ཙི་རྫོང་གི་མིང་གྲགས་ཅན་གྱི་ཚན་ཁག་གི་གྲས་སུ་གཏོགས་པ་ཡིན། སངས་དྲག་བྱུང་ཚད་ནི་ལོ་གཉིས་ལ་ཡ་ཙི་རྫོང་གི་རིགས་མཐུན་སྨན་ཁང་ལས་ཆེས་མཐོ་བ་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ་ཞིང་ཆེན་ནང་ཁུལ་གྱི་ཁྲི་ཀ་རྫོང་བོད་སྨན་ཁང་དང་མང་ར་རྫོང་བོད་སྨན་ཁང་། མང་ར་རྫོང་མི་དམངས་སྨན་ཁང་དང་སྐུ་འབུམ་བོད་སྨན་ཁང་། བྲག་དཀར་རྫོང་བོད་སྨན་ཁང་དང་ཞིང་ཆེན་གཞན་གྱི་བོད་སྨན་ཁང་མང་པོ་འདུག་སྟེ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་སྨན་ཁང་། ཀླུ་ཆུ་རྫོང་བོད་སྨན་ཁང་སོགས་ཀྱི་སྨན་ཁང་གི་མགོ་ཁྲིད་དང་སྨན་བཅོས་མི་སྣ་བཅས་རང་སྨན་ཁང་ལ་ཕེབས་ནས་ལྟ་སྐོར་སློབ་སྦྱོང་དང་བསམ་བློ་བརྗེ་རེས་་བྱས་པ་ཡིན། རང་སྨན་ཁང་གིས་ཞིང་ཆེན་ཕྱི་ནང་གི་བོད་སྨན་གྱི་ཆེད་མཁས་མི་སྣ་དང་རུས་ཆག་མཐུད་སྦྱོར་གྱི་ཆེད་མཁས་མི་སྣ་སོགས་གདན་འདྲེན་ཞུས་ནས་བོད་ཀྱི་གསོ་རིག་གཞུང་ལུགས་སྐོར་གྱི་འཆད་ཁྲིད་བྱས་པ་དང་། རུས་ཆག་མཐུད་སྦྱོར་རྩལ་བརྒྱད་ཀྱི་གསོ་བཅོས་ལག་རྩལ་དམར་ཁྲིད་བྱས་པ་སོགས་རང་སྨན་ཁང་མཉམ་འབྲེལ་སྨན་ཁང་བཅས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ལག་རྩལ་མི་སྣའི་གཞུང་ལུགས་ཤེས་བྱ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏེགས་ཡོད། དུས་མཚུངས་སུ་ཞིང་ཆེན་བོད་སྨན་ཁང་དང་ས་ཐག་རིང་པའི་ལྷན་འཛོམས་ནད་དཔྱད་ཀྱི་མ་ལག་གསར་བཙུགས་བྱས་ནས་སློབ་ཁྲིད་བྱས་པ་དང་ཚབ་སྦྱོང་བྱས་པ། ལག་རྩལ་མཛུབ་སྟོན་སོགས་ཀྱི་སྒོ་ནས་བོད་གསོ་རིག་པའི་ནད་ཐོག་གསོ་སྐྱོང་ལྟེ་གནས་བསྐྲུན་པར་ཆ་རྐྱེན་གང་ལེགས་སྒྲུབ་སྟེ་གོམ་གང་མདུན་སྤོས་ཀྱིས་རང་སྨན་ཁང་གི་བརྟག་བཅོས་ནུས་པ་ཡར་རྒྱས་གོང་འཕེལ་གཏོང་དགོས། མིག་སྔར་རང་སྨན་ཁང་ནི་ཞིང་ཆེན་ཕྱི་ནང་གི་ནད་པ་ཀུན་གྱི་ཡིད་སྟོན་བྱེད་ས་དང་སྤྱི་ཚོགས་ཁྲོད་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་བོད་སྨན་ཁང་ཞིག་ཏུ་གྱུར་ཡོད།

གསུམ་པ། ཁྱད་པར་ཅན་གྱི་གསོ་ཐབས།

ཡ་ཙི་རྫོང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་བོད་སྨན་གསོ་བཅོས་བྱེད་ཐབས་ལ་རྨང་གཞི་བརྟན་པོ་ཞིག་ཡོད་པ་དང་དེ་ལ་སྟབས་བདེ་ཕན་ཐོགས་ཀྱི་ཁྱད་ཆོས་ལྡན་ལ། ལྷག་པར་དུ་རྒྱུན་མཐོང་གི་ནད་དང་འབྱུང་སླ་བའི་ནད། དལ་བའི་རང་བཞིན་ཅན་གྱི་ནད་བརྟག་བཅོས་སྐོར་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་ལྡན། རང་སྨན་ཁང་གི་བོད་སྨན་གྱི་སྨན་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་སྨན་གྱི་གཞུང་ལུགས་ལ་བསྟེན་ནས་ཆེད་ལས་ཚན་ཁག་འཛུགས་བསྐྲུན་བྱེད་པར་ནུས་ཤུགས་བསྐྱེད་པ། རྒྱུན་མཐོང་གི་ནད་དང་འབྱུང་སླ་བའི་ནད་ཀྱིས་བཅོས་ཐབས་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སློབ་སྦྱོང་ཁྲོད་དུ་ སྔོག་འདོན་དང་ཞིབ་འཇུག་མང་དུ་བྱས་པ་མ་ཟད་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། བོད་སྨན་གྱི་སྔར་ཡོད་ཐོན་ཁུངས་ཡོངས་སུ་བེད་སྤྱོད་བྱས་པ་བརྒྱུད་ནས་སྔ་རྗེས་སུ་བོད་ཀྱི་གསོ་བ་རིག་པའིལག་རྩལ་གསར་བ་དང་བཅོས་ཐབས་གསར་བ་༢༠ལྷག་དར་སྤེལ་བཏང་བ་མ་ཟད་སྲོལ་རྒྱུན་གྱི་བརྟག་བཅོས་ལག་རྩལ་དག་ཚན་ཁག་སོ་སོ་རུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་པས་བོད་སྨན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད། དེ་མིན་རྒྱ་ཆེན་རོང་འབྲོག་མང་ཚོགས་ཀྱི་ནད་འགོག་ཚེ་བསྲིངགི་་རེ་འདུན་དང་དམིགས་ནས་དེང་རབས་གསོ་རིག་གི་སྔོན་འགོག་རིག་པར་ཟུང་འབྲེལ་སྒོས་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་ལྡན་པའི་ནད་མེད་ཚེ་བསྲིང་རིག་པ་དང་བོད་ཀྱི་དཔྱད་ཀྱི་བཅོས་ཐབས་གཙོ་བོར་བྱས་ནས་ལུས་ཁམས་གསོ་བའི་ཇུས་གཞི་གཏན་འབེབས་བྱས་པ་མ་ཟད། རྫོང་ཁོངས་ཡོངས་སུ་རྒྱུན་མཐོང་གི་ནད་དང་འབྱུང་སླ་བའི་ནད་གཞི་གསོ་བཅོས་བྱ་ཚུལ་ཁྱབ་གདལ་དང་གོང་འཕེལ་བཏང་ཏེ་དལ་བའི་རང་བཞིན་གྱི་ནད། ཡིད་འཛིན་གྱི་ནུས་པ་ཞན་པ་དང་གཉིད་ཆུང་བ། ཟས་ཀྱི་དང་གཞན་པ་བཅས་ལ་གཞན་དང་མི་མཚུངས་བའི་གསོ་བཅོས་ནུས་པ་ལྡན།

བཞི་པ། མ་འོངས་འཆར་གཞི།

མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། སྨན་ཁང་གི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མྱུར་དུ་གཏོང་བ། རྩ་འཛུགས་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཚན་རིག་གི་འཕེལ་རྒྱས་ལྟ་ཚུལ་ལ་གཟབ་ནན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ། མཐའ་གཅིག་ཏུ་ཏང་དང་རྒྱབ་ཁབ་ཀྱི་འཕྲོད་བསྟེན་གྱི་བྱ་བའི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་དང་། རང་འགུལ་གྱིས་སྨན་ཁང་འཕེལ་རྒྱས་ཀྱི་བསམ་བློ་གསར་བ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པ། གོ་སྐབས་གསར་བསྐྲུན་བྱེད་པ། དཀའ་ཚེགས་མེད་པར་འབད་བརྩོན་བྱེད་པའི་སྔར་སྲོལ་ལེགས་པོ་དེ་དར་སྤེལ་ཤུགས་ཆེན་གཏོང་བ། བརྩོན་བསྲིས་སྨན་ཁང་འཛུགས་གཉེར་གྱི་བསམ་བློའི་འདུ་ཤེས་བསྐྲུན་པ།

མུ་མཐུད་དུ་སྨན་བཅོས་སྤུས་ཚད་གཙོ་འཛིན་དང་སྨན་བཅོས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ། གློག་རྡུལ་གྱི་སྨན་བཅོས་ཡིག་རིགས་བེད་སྤྱོད་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་གཏོང་བ། གློག་རྡུལ་གྱི་སྨན་པའི་ཁ་ཏ་དང་ནད་ཐོ་ཚད་ལྡན་དུ་འགྱུར་བ། གློག་རྡུལ་གྱི་སྨན་བཅོས་ཡིག་རིགས་ཁྲིམས་མཐུན་རང་བཞིན་ཡིན་པར་འགན་ལེན་བྱེད་པ། སྒྲིག་ལམ་འཛུགས་སྐྲུན་དང་མི་སྣའི་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་དང་བརྒྱུད་ནས་སྨན་བཅོས་སྤུས་ཚད་དང་བདེ་འཇགས་ཐད་ལྟ་སྐུལ་ཤུགས་སྣོན་བྱེད་པ། སྨན་བཅོས་སྒྲིག་ཁྲིམས་ཀྱི་སྲོག་ཤིང་དོན་ཐོག་ཏུ་འཁྱོལ་ཡོད་མེད་བལྟ་ཞིབ་བྱེད་པ། གནད་དོན་དབྱེ་ཞིབ་དང་ཇེ་ལེགས་སུ་གཏོང་བའི་ཇུས་གཞི་བཟོས་ནས་ལག་བསྟར་བྱེད་པ་དང་སྨན་བཅོས་ནོར་འཕྲུལ་ཇེ་ཉུང་དང་ཡང་ན་གཏན་འགོག་བྱ་རྒྱུ། ཡ་ཙི་ས་ཁུལ་གྱི་སྨན་བཅོས་སྤུས་ཚད་དང་སྤྱི་ཚོགས་གདེང་འཇོག་གཉིས་ཀ་མཐོ་བའི་མིག་དཔེ་ཅན་གྱི་སྨན་ཁང་དོན་ལྡན་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱ་རྒྱུ།

ཆེད་ལས་ཚན་ཁག་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་དང་ལས་སྒོ་རྒྱ་ཆེར་བཏང་ནས་ཁྱད་ཆོས་ལྡན་པའིཁྱད་ལས་ཚན་ཁག་འཛུགས་སྐྲུན་བྱེད་པར་བསྟེན་ནས་ནད་པར་ཞབས་ཞུ་དང་སྤྱི་ཚོགས་ཀྱི་མཚན་སྙན་བསྐྲུན་ནས་ཡ་ཙི་རྫོང་དང་ཡང་ན་ཞིང་ཆེན་ནང་ཁུལ་གྱི་ཁྱད་ལྡན་སྨན་ཁང་དུ་འགྱུར་བར་འབད་བརྩོན་བྱ་རྒྱུ།

ནུས་ལྡན་མི་སྣའི་གསོ་སྐྱོང་བྱ་བར་ཤུགས་ཆེན་གཏོང་བ། ནུས་ལྡན་མི་སྣའི་རུ་ཁག་འཛུགས་སྐྲུན་བྱེད་པ་ནི་སྨན་ཁང་གཞི་འཛིན་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན། མི་སྣའི་གསོ་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སློབ་གསོའི་ཚད་གཞི་མཐོར་འདེགས་གཏོང་རྒྱུ་ནི་ནུས་ལྡན་མི་སྣའི་རུ་ཁག་འཛུགས་སྐྲུན་གྱི་རྨང་རྡོ་ཡིན། ངེད་སྨན་ཁང་གིས་མུ་མཐུད་དུ་མི་སྣའི་སྤུས་ཚད་གཙོ་འཛིན་བྱེད་པ་རྩ་དོན་དུ་བཞག་ཡོད་པ་དང་སྨན་པའི་ཀུན་སྤྱོད་དང་ལག་རྩལ་ཕྱོགས་ཤུགས་སྣོན་བྱས་ནས་གཞུང་ལུགས་དང་ལག་རྩལ་གསོ་སྦྱོང་གཙོ་བོར་འཛིན་པ། རང་སྨན་ཁང་ནང་དང་སྨན་ཁང་གཞན་དུ་མངགས་ནས་གསོ་སྐྱོང་བྱེད་པ་གཉིས་ཀར་ཟུང་འབྲེལ་གྱི་ཐབས་ལམ་བསྟེན་ནས་དྲ་ལམ་བརྒྱུད་པ་དང་ཡང་ན་ཆེད་མཁས་མི་སྣའི་སློབ་ཁྲིད་དང་འཛུབ་ཁྲིད་གནང་བ་བེད་སྤྱད་ནས་རང་སྨན་ཁང་གི་ལས་བཟོ་བ་ཡོངས་ཀྱི་སྤུས་ཚད་དང་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ། གཏིང་ཟབ་མོའི་སྒོ་ནས་དེང་སྐབས་ཀྱི་གནས་བབས་འོག་གི་ཞབས་ཞུ་མ་དཔེ་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པ། ཕྱོགས་གང་ཐད་ནས་ཞབས་ཞུ་མ་དཔེ་ལེགས་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་པ་དང་། སྨན་ཁང་སྤྱིའི་དོ་དམ་མཐུན་འགྲིག་ངང་གོང་འཕེལ་གཏོང་བ་དང་གཙུགས་ཆེན་དུ་འཛིན་པ་། འཕྲོད་བསྟེན་མི་སྣའི་ཞབས་ཞུའི་འདུ་ཤེས་ཡག་པོར་བསྐྲུན་པ། འཚོལ་ཞིབ་ཟབ་མོ་བྱས་ནས་སྨན་བཅོས་དང་ནད་མེད་ཚེ་བསྲིང་། གསོ་སྐྱོང་དང་སྔོན་འགོག་ཕྱོགས་གཅིག་ཏུ་གནས་པའི་སྨན་ཁང་གི་མ་དཔེ་འཛུགས་བསྐྲུན་བྱེད་པདང་། ཞབས་ཞུའི་ཁོངས་གཏོགས་རྒྱ་ཆེར་བཏང་ནས་འཕེལ་ཕྱོགས་གཅིག་གྱུར་གྱི་ལམ་དུ་བགྲོད་རྒྱུ།

སེམས་ཁམས་གསོ་བཅོས་བྱེད་ཐབས་འགག་སྒོ་ལས་ཐར་བའི་རང་བཞིན་ཞིག་སྤེལ་བ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མི་རྣམས་སློབ་སྦྱོང་དང་བྱ་བའི་ཁྲོད་དུ་གནོན་ཤུགས་ཆེན་པོ་ཐེབས་བཞིན་ཡོད་པ་དང་། སེམས་ཁམས་མི་སྙོམས་པའི་ནད་པའང་མངོན་སུམ་གྱི་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྨན་བཅོས་གྱོད་གཞིའང་ཇེ་མང་དུ་འགྲོ་བཞིན་ཡོད་པས་དེ་དག་སེམས་ཁམས་གསོ་བཅོས་ཀྱི་ཐབས་ལ་བསྟེན་ནས་གསོ་བཅོས་བྱས་པ་དང་ནད་པའི་སེམས་ཁམས་སྙོམས་སྒྲིག་དང་ནད་པའི་སྨན་དང་སྨན་པ་ཡིད་ཆེས་ཐེབས་ཐུབ་པ་དང་། ནད་པའི་གསོ་བཅོས་ལའང་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ།

ཤུགས་ཆེན་པོའི་སྒོ་ནས་བོད་གསོ་བ་རིག་པའི་སྲོལ་རྒྱུན་ཆ་བྱད་གསར་བཟོ་དང་ཁྱབ་བརྡལ་དུ་གཏོང་རྒྱུ། བོད་གསོ་བ་རིག་པ་ནི་བོད་མེས་པོ་དག་གིས་དུས་རྒྱུན་གྱི་ངལ་རྩོལ་དང་འཚོ་བའི་ཉམས་མྱོང་ཁྲོད་དུ་ཞིབ་འཇུག་དང་ལག་ལེན་ཕྱོགས་བསྡོམས་བྱས་པ་བརྒྱུད་དེ་ཁྱད་ཆོས་གཞན་དང་མི་འདྲ་བའི་མི་རིགས་ཀྱི་གསོ་བ་རིག་པ་འདི་གྲུབ་པ་ཡིན་ལ། རང་སྨན་ཁང་གིས་ཐུན་མོང་མ་ཡིན་པའི་བོད་སྲོལ་རྒྱུན་གསོ་བཅོས་ཆ་བྱད་གསར་སྤེལ་དང་ཞིབ་འཇུག་བྱ་བར་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་མ་ཟད་། སྨན་ཁང་གི་རྩ་བའི་འཕེལ་ཕྱོགས་སུ་བཟུང་སྟེ་འདིའི་ཕྱོགས་སུ་མུ་མཐུད་དུ་གསར་སྤེལ་དང་ཁྱབ་བརྡལ་དུ་གཏོང་རྒྱུ།

དེང་འདིར་དྲ་ལམ་ནི་སྨན་ཁང་ཕྱིར་བསྒྲགས་ཀྱི་ཐབས་ལམ་དང་བྱེད་སྒོ་གཙོ་བོ་ཞིག་ཡིན་པས་ཆ་ནས་རང་སྨན་ཁང་གིས་ཡང་དྲ་ཚིགས་གསར་འཛུགས་བྱེད་པའི་དུས་མཚུངས་སུ་ཚན་ཁག་འཛུགས་སྐྲུན་དང་ཤུགས་ཆེན་པོའི་སྨན་ཁང་ཕྱིར་བསྒྲགས་བྱས་ཏེ་སྨན་ཁང་གི་སྤྱི་ཚོགས་ཤན་ཤུགས་རྒྱ་བསྐྱེད་པ། དེར་བརྟེན་སྨན་ཁང་ནང་ཁུལ་གྱི་དོ་དམ་དང་ལས་བཟོ་བ་རྣམས་ཀྱི་བསམ་བློ་བརྗེ་རེས་ལའང་རམ་འདེགས་བྱེད་ནུས།

   སྨན་ཁང་གི་བརྡ་འཕྲིན་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་པ་དང་དེ་ལ་བརྟེན་ནས་སྨན་བཅོས་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ། དོ་དམ་དང་ གློག་རྡུལ་ནད་ཐོ་གཙོ་བོར་བཟུང་ནས་སྨན་ཁང་གི་བརྡ་འཕྲིན་མ་ལག་འཛུགས་སྐྲུན་ལ་ཧུར་བརྩོན་དང་སྐུལ་འདེད་བྱེད་པ། སྒོ་བསྟེན་ཚན་སྡེའི་གཞི་རྩའི་ལས་སྒོའི་བརྡ་འཕྲིན་མ་ལག་གཞི་གྲངས་བརྗེ་རེས་དང་མཉམ་རོལ་མངོན་སུམ་དུ་བསྒྱུར་བ། ལུགས་མཐུན་སྒོས་བརྡ་འཕྲིན་ལས་སྟེགས་སྔོག་འདོན་དང་བཀོལ་སྤྱོད་བྱེད་པ། དྲ་ལམ་དུས་བཅད་ཐོ་འགོད་ཞབས་ཞུ་དང་སྒོ་བསྟེན་ཐོ་འགོད་གཞི་གཅིག་སྦྲེལ་སྒོས་ཞབས་ཞུ་སྒྲུབ་པ། གློག་སྡུལ་ནད་ཐོ་དང་སྨན་ཐོ། བརྟག་འབྲས་སྣ་ཚོགས་བེད་སྤྱོད་བྱས་ཏེ་ནད་པའི་ནད་ངོས་འཛིན་བྱེད་པ་དང་གཞན་སྨན་ཐོ་སོགས་སྨན་ལེན་ཚན་ཁག་ཏུ་ཐོན་པ་དང་ཞག་སྡོད་འགྲོ་ལུགས་དུས་གཅིག་ཏུ་སྒྲུབ་ཏེ་ནད་པའི་དུས་ཚོད་འགོར་འགྱངས་མི་བྱེད་པར་མགྱོགས་པོ་དང་སྟབས་བདེ། སྤུས་ཚད་ལྡན་པའི་ཞབས་ཞུ་གང་ལེགས་སྒྲུབ་རྒྱུ།

          མཐར་ཡ་ཙི་རྫོང་བོད་སྨན་ཁང་གིས་སྤྱི་ཚོགས་དང་དུས་རབས་གསར་བར་མཐུན་པའི་སྨན་ཁང་ཞིག་སྒྲུབ་རྒྱུ་མ་ཟད། ཀུན་ལ་ཕན་སེམས་ལྡན་པ། གསོ་བྱའི་ནད་པའི་ཡིད་ཆེས་ཡོད་པ་དང་ལས་གྲོགས་ཕན་ཚུན་བར་གྱི་མཐུན་སྒྲིལ་དམ་པ། ལས་རིགས་ཁག་གིས་གདེང་འཇོག་མཐོ་བའི་སྨན་ཁང་ཞིག་ཏུ་སྒྲུབ་རྒྱུ་ལས་གཞན་ལས་བྱེད་མི་སྣ་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་བ་ཁྱད་དུ་བསད་དེ་བོད་གསོ་བ་རིག་པའི་དཔྱད་བཅོས་དགེ་མཚན་འདི་མཚོ་ཤར་ས་ཁུལ་ནས་འབུར་དུ་ཐོན་ཅིང་གཙིགས་རྒྱན་ལྟ་བུའི་སྨན་ཁང་ཞིག་ཏུ་སྒྲུབ་རྒྱུའི་ཆོད་སེམས་བཅིངས་ཡོད།

X