//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > ལྷ་ས། > ནང་དོན།

ཆབ་མདོ་ཁུལ་བོད་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 19:09:34 ཀློག་གྲངས། 17 

ཆབ་མདོ་གྲོང་ཁྱེར་བོད་སྨན་རྩིས་ཁང་ནི་༡༩༨༧ལོའི་ཟླ་བ་༥པར་དབུ་བརྙེས་པ་དང་། ཏང་དང་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག་ཧ་ལམ་ལོ་ངོ་༣༠ཙམ་རིང་གིས་འབད་འཐབ་བྱས་པ་བརྒྱུད་ད་ཆ་སྨན་བཅོས་དང་། སྔོན་འགོག བདེ་སྲུང་། སློབ་ཁྲིད། ཞིབ་འཇུག བོད་སྨན་ཐོན་སྐྱེད་ཕྱིར་ཚོང་བཅས་དང་ལྡན་བའི་རིམ་པ་གསུམ་པའི་བོད་སྨན་སྨན་ཁང་ཁ་པ་ཞིག་ཡིན་ལ། ཆབ་མདོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་དམིགས་འཛུགས་སྨན་བཅོས་འགན་བཅོལ་སྨན་ཁང་ཞིག་ཡིན་པ་མ་ཟད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ནད་ཐོག་སློབ་ཁྲིད་སྨན་ཁང་དང་ཆབ་མདོ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁྲིད་དངོས་སྦྱོང་གི་གནས་གཞི་ཞིག་ཀྱང་ཡིན།

སྨན་ཁང་གིས་བོད་སྨན་སྨན་བཅོས་བརྟག་དཔྱད་གཙོ་བོར་འཛིན་པ་དང་ནུབ་ཕྱོགས་གསོ་རིག་དང་གཞོགས་འདེགས་བརྟག་དཔྱད་ཟུང་དུ་སྦྲེལ་ནས་སྨན་བཅོས་བྱེད་པའི་བྱ་ཐབས་སྤེལ་ཅིང་། སྒོ་བསྟེན་ཁང་དུ་བོད་སྨན་མཆིན་ནད་སྡེ་ཁག་དང་། སྙིང་ཀླད་ཁྲག་རྩའི་སྡེ་ཁག རུས་སྐྱོན་སྡེ་ཁག དཔྱད་བཅོས་ཁང་། སྐམ་ཁབ་འཕུར་མཉེའི་སྡེ་ཁག སྨན་ལུམས་རླངས་ལུམས་སྡེ་ཁག སྔོན་འགོག་བདེ་སྲུང་སྡེ་ཁག གྲུམ་བུ་ཚིགས་ཆེན་ནམ་དྲེག་གྲུམ་སྡེ་ཁག་སོགས་བོད་ཀྱི་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྡེ་ཁག་འཛུགས་ཡོད།  ད་ལྟ་སྨན་ཁང་གི་ནད་སྡོད་ཁང་ལ་ཁོག་ནད་ཁང་དང་ཕྱི་བཅོས་ཁང་། གཙོ་གནད་ཆེད་བཅོས་ཁང་གསུམ་དུ་བགོས་ཡོད། སྨན་ཁང་རྒྱ་བསྐྱེད་འཛུགས་སྐྲུན་ལས་གྲའི་རྐྱེན་པས་ད་ལྟ་ནད་པའི་ཉལ་ཁྲི་༡༤༣ཡོད། བྱེད་ལས་ཚན་པར་CTདང་DR གཟུགས་བརྙན་གློག་པར་དང་ཕོ་ཤེལ། Bསྒྲ་རླབས། གཤེར་ཁུ་དབྱེ་ཞིབ། སྙིང་ཀླད་པར་རིས། GEཚོན་ཁྲ་ཅན་གྱི་སྒྲ་རླབས་ཚད་བརྒལ་སོགས་སྔོན་ཐོན་བརྟག་དཔྱད་འཕྲུལ་ཆས་གང་མང་ཞིག་ནང་འདྲེན་བྱས་ཡོད། ད་དུང་གོ་འཇོ་དང་སྨར་ཁམས། རི་བོ་ཆེ་རྫོང་། ཆབ་མདོ་རྫོང་རི་དུང་ཤང་སོགས་སུ་ཡན་ལག་སྨན་ཁང་བཞི་འཛུགས་ཡོད།

སྨན་ཁང་ཡོངས་ལ་རིམ་པ་དང་པོའི་འགན་ནུས་སྡེ་ཁག་༢༠དང་རིམ་པ་གཉིས་པའི་བྱེད་སྒོའི་སྡེ་ཁག་༣༨ཡོད། ལས་བཟོ་མི་གྲངས་༢༣༢ཟིན་པ་དང་དེའི་ནང་ལས་བཟོ་དངོས་༡༢༢དང་གདན་ཞུས་ལས་བཟོ་བ་༡༠༩ཡོད། ཆེད་ལས་ལག་རྩལ་མི་སྣ་༩༧ཡོད་ལ་དེའི་ནང་འབུམ་རམས་སྨན་པ་༡དང་འབུམ་རམས་གཞོན་པའི་སྨན་པ༦། རབ་འབྱམས་སྨན་པ༣༠། དཀའ་བཅུ་སྨན་པ་༦༠བཅས་ཡོད།

      སྨན་ཁང་ལ་སྔ་ཕྱིར་སྐབས་བཞི་པའི་རྒྱལ་ཡོངས་དཔལ་ཡོན་སྡེ་ཚན་དང་།རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མཉམ་སྡེབ། རྒྱལ་ཡོངས་འཕྲོད་བསྟེན་དཔལ་ཡོན་འཛུགས་སྐྲུན་སྔོན་ཐོན་མཉམ་སྡེབ། རྒྱལ་ཡོངས་བོད་ལུགས་གསོ་རིག་ལས་དོན་སྔོན་ཐོན་མཉམ་སྡེབ། བོད་རང་སྐྱོང་ལྗོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས། བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མཉམ་སྡེབ། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་ཐད་གཏོགས་དཔལ་ཡོན་སྡེ་ཚན། བོད་རང་སྐྱོང་ལྗོངས་བདེ་འཇགས་སྨན་ཁང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་སྔོན་ཐོན་སྡེ་ཚན་སོགས་རྒྱལ་ཁབ་དང་ལྗོངས་རིམ་པའི་མཚན་སྙན་དང་གཟེངས་བསྟོད་ཐེངས་མང་ཐོབ་ཡོད། ངེད་སྨན་ཁང་གི་རྩོམ་བསྒྲིགས་བྱས་པའི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལ་བོད་རང་སྐྱོང་ལྗོངས་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་གྲུམ་བུ་ཚིགས་ཆེན་ནད་ལ་བོད་སྨན་གྱི་སྔོན་འགོག་དང་སྨན་བཅོས་བྱས་པའི་རྣམ་གྲངས་ལ་བོད་རང་སྐྱོང་ལྗོངས་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་ཐོབ་ཡོད།

X