//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

ནད་མེད་ཚེ་བསྲིངས་རིག་པའི་ཆེད་དེབ་འགྲེམས་སྤེལ་གྱི་མཛད་སྒོ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་བསྡུས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། སྒྲོལ་མ་མཚོ། དུས་ཚོད། 2015-11-07 11:35:26 ཀློག་གྲངས། 58 

 

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་ནད་མེད་ཚེ་བསྲིངས་རིག་པའི་འབྲེལ་ཡོད་ཆེད་མཁས་པ་དང་རྩོམ་སྒྲིག་མི་སྣ་བཅས་ཞུགས་ཡོད་ལ། ཁོ་ཚོས་ནད་མེད་ཚེ་བསྲིངས་རིག་པའི་ཆེད་དེབ་རྩོམ་སྒྲིག་གི་གོ་རིམ་དང་ནང་དོན། ཚན་ཁག་བཅས་མཚམས་སྦྱོར་བྱས་པ་དང་མཉམ་དུ། ནད་མེད་ཚེ་བསྲིངས་ཚན་ཁག་གི་མ་འོངས་པའི་མདུན་ལྗོངས་ཐད་ལ་བགྲོ་གླེང་བྱས། སྤྱིར་གསོ་བ་རིག་པའི་དགོས་པ་ནི་མི་ན་བར་གནས་པར་བྱ་བ་དང་བྱེ་བྲག་ན་བ་གསོ་བའི་སྐོར་ནས་ལྟོས་བཅས་ཀྱི་ཚེ་རིང་བར་བྱ་དགོས་པ་དེ་ཡིན། ལྷག་པར་དུ་དེང་གི་དུས་འདིར་མི་རྣམས་ཀྱི་འཚོ་བ་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་དུ་སོང་བ་དང་བསྟུན་ནས་ཁམས་གསོ་བདེ་བསྲིང་གི་བྱ་བར་དོ་སྣང་བྱེད་པའི་འདུ་ཤེས་རིམ་གྱིས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཙ་ན། ནད་མེད་ཚེ་བསྲིངས་ཀྱི་བསྟན་བཅོས་འདིས་མི་རྣམས་ཀྱི་རེ་བ་སྐོང་ཐུབ་པར་མ་ཟད། བོད་ཀྱི་གསོ་བ་རིག་པ་དང་གསོ་བ་རིག་པ་སྤྱིའི་འཕེལ་རྒྱས་ཐད་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད།


ནད་མེད་ཚེ་བསྲིངས་རིག་པའི་བསྟན་བཅོས་འདི་ལ་བམ་པོ་གསུམ་དང་ལེའུ་ཉེར་བཞི་ཡོད་ལ།  འདི་ནི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་། མཚོ་སྔོན་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་བཅས་ཀྱིས་མི་སྣ་རྩ་འཛུགས་བྱས་ཏེ་ལོ་ངོ་བཞིའི་རིང་ལ་རྩོམ་སྒྲིག་བྱས།  བརྗོད་བྱའི་ཐད་སྔོན་བྱོན་མཁས་དབང་རྣམས་ཀྱི་བསྟན་བཅོས་དག་གཞི་བྱས་ཏེ་ནད་མེད་ཚེ་བསྲིང་རིག་པའི་བྱུང་འཕེལ། སྣོད་བཅུད་ཀྱི་གནས་ལུགས།  རྩིས་དཀར་ནག་གི་རྣམ་གཞག  སྤྱོད་ལམ།  བློ་དང་ལུས་སྦྱོང་།  བགེགས་དང་རིམས་བསྲུང་སོགས་ནད་མེད་ཚེ་བསྲིང་སྐོར་གྱི་བརྗོད་དོན་མ་ཚང་བ་མེད་པར་རྒྱུད་རིམ་ཅན་དང་མ་ལག་ཅན་དུ་བཏང་ཡོད།


རྡེབ་ཚད་ཨང་རིམ།
X