//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

༢༠༡༥ལོའི་བོད་སོག་སྨན་ཁང་གི་ཡོན་ཀྲང་གླེང་སྟེགས་གནའ་མཁར་ཟི་ལིང་དུ་བསྡུས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2015-12-30 9:39:02 ཀློག་གྲངས། 39 

༢༠༡༥ལོའི་ཟླ༡༢་པའི་ཚེས༡༢ཉིན།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་ཞིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་ལས་སྒྲུབས་མཛད་པའི་༢༠༡༥ལོའི་བོད་སོག་སྨན་ཁང་གི་ཡོན་ཀྲང་གླེང་སྟེགས་གནའ་མཁར་ཟི་ལིང་དུ་བསྡུས། དེ་ལ་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོ་ནས་ཕེབས་པའི་ཡོན་ཀྲང་དང་འགོ་ཁྲིད་༣༠ལྷག་འཛོམས་ཏེ་མཉམ་དུ་བོད་སྨན་གསར་གཏོད་དང་འཕེལ་རྒྱས་ཐད་ལ་ཇུས་འགོད་བྱས།

ཐེངས་འདིའི་གླེང་སྟེགས་སྟེང་སྨན་བཅོས་སྒྲིག་སྲོལ་བཅོས་བསྒྱུར་ཀྱི་རྒྱབ་ལྗོངས་འོག་གི་བོད་སོག་སྨན་ཁང་འཕེལ་རྒྱས་དང་བོད་སོག་སྨན་ཁང་གིས་ཚན་ཞིབ་ལས་ཀ་ཇི་ལྟར་དར་སྤེལ་གཏོང་བ་ཞེས་པ་བརྗོད་བྱར་བཟུང་ནས་མིག་སྔར་སྨན་ཁང་སོ་སོའི་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ལ་གྲོས་བསྡུར་དང་། སྨན་རྫས་གསར་བཟོ་ནི་སྨན་ཁང་གོང་འཕེལ་གཏོང་བའི་ཐབས་ལམ་གཙོ་བོ་ཡིན་པ་སོགས་ཀྱི་བགྲོ་གླེང་མཛད་ཅིང་།  ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གིས་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་ཚད་གཞི་ལ་མཐོང་ཆེན་བྱས་ཏེ་གསར་གཏོད་བྱ་དགོས་པ་མ་ཟད།བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའང་དོ་སྣང་བྱེད་ས་གཙོ་བོ་ཞིག་ཏུ་འཛིན་དགོས་པར་བསྟན།


མཇུག་མཐར། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་གླེང་སྟེགས་ལ་ཕྱོགས་བསྡོམས་བྱས།ཁོང་གིས་བཤད་རྒྱུར། ཉིན་གཅིག་གི་བགྲོ་གླེང་དང་གྲོས་བསྡུར་གྱིས་ང་ཚོ་ལ་འཕེལ་རྒྱས་ཀྱི་ལམ་སྣེ་མང་པོ་ཞིག་བསྟན་ཡོད་དེ། ང་ཚོས་གསར་གཏོད་དང་འཕེལ་རྒྱས་ཀྱི་སྒོ་ནས་སྔར་གྱི་སྒྲིག་སྲོལ་དང་ལམ་ལུགས་ལ་སྐུལ་ཁྲིད་བྱས་ཏེ་སྨན་ཁང་འཛུགས་སྐྱོང་དང་དོ་དམ་ལ་འགྱུར་ལྡོག་གཏོང་བ་དང་། ནད་རིགས་མི་འདྲ་བ་ལ་དམིགས་ནས་ཁྱད་ཆོས་ལྡན་པའི་ཚན་ཁག་གསར་འཛུགས་གནང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་མཉེན་ཆས་འཛུགས་སྐྲུན་བྱ་བ་སོགས་ཀྱི་ཐད་ལ་ཤུགས་སྣོན་བྱ་རྒྱུ་སོགས་ཐེངས་འདིའི་གླེང་སྟེགས་ཀྱི་དགོངས་དོན་ཕྱོགས་བསྡོམས་མཛད་དེ་སྨན་བཅོས་སྒྲིག་སྲོལ་བཅོས་བསྒྱུར་ཀྱི་རྒྱབ་ལྗོངས་འོག་བོད་སོག་སྨན་ཁང་གི་རྒྱུན་མཐུད་དང་། འཚེ་མེད་འཕེལ་རྒྱས་ཡོང་བར་ཚན་རིག་དང་མཐུན་པའི་ཁུངས་ལུང་དང་དཔྱད་གཞིའི་རིག་ལམ་མཁོ་སྤྲོད་བྱས།



རྡེབ་ཚད་ཨང་རིམ།
X