//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

སློབ་དཔོན་ཆེན་མོ་འོ་ཚང་ཚོགས་ཆེན་ལ༢༠༡༥ལོའི་མཚོ་སྔོན་གྱི་ཚན་རྩལ་གྲུབ་འབྲས་གཟེངས་ཐོན་བྱ་དགའ་ཐོབ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-03-07 15:49:24 ཀློག་གྲངས། 54 

སྤྱི་ཟླཔའི་ཚེས༢༦ཉིན་གྱི་སྔ་དྲོ།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས༢༠༡༥ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་ཚོགས་འདུ་གཟབ་རྒྱས་ངང་ཟི་ལིང་དུ་ཚོགས། མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཀྱི་ཚོགས་གཙོ་འོ་ཚང་ཚོགས་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཟེངས་ཐོན་བྱ་དགའ་ཐོབ། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལུའོ་ཧུའེ་ཉིན་གྱིས་འོ་ཚང་ཚོགས་ཆེན་ལ་བྱ་དགའ་བསྩལ་བ་དང་། ཞིང་ཆེན་གྱི་འགོ་འཛིན་ཧའོ་ཕུང་གིས་གསུང་བཤད་གལ་ཆེན་གནང་།

འོ་ཚང་ཚོགས་ཆེན་ལགས་ནི་བོད་ཀྱི་གསོ་རིག་གི་རྒྱུན་འཛིན་པ་དང་གསར་བཏོད་པ་ཞིག་ཡིན། ཁོང་རང་ལོ་ངོ༤༠རིང་ལ་བོད་ཀྱི་གསོ་རིག་གི་ལས་དོན་ལ་གཞོལ་ཏེ་ཚན་ཞིབ་གྲུབ་འབྲས་མང་པོ་བླངས། ལྷག་དོན་ཁོང་དང་ཁོང་གི་ཚན་ཞིབ་ཚོགས་པས་ལོ་ངོ་ཉི་ཤུའི་དུས་ཚོད་སྤྱད་དེ་རྩོམ་སྒྲིག་པར་སྐྲུན་གནང་བའི་དེབ་གྲངས༦༠ཡི་བདག་ཉིད་ཅན་གྱི་བོད་ཀྱི་གསོ་རིག་ཀུན་བཏུསཞེས་པ་དེ་ནི། འཛམ་གླིང་སྲོལ་རྒྱུན་གསོ་རིག་ཁྲོད་རྒྱལ་མཚན་གྱི་ཏོག་ལྟར་མངོན་པའི་གྲུབ་འབྲས་ཤིག་དང་བོད་ཀྱི་གསོ་རིག་རིག་གནས་དར་རྒྱས་སུ་ཕྱིན་པའི་དན་རྟགས་ཤིག་ཏུ་གྱུར་ཡོད། མ་ཟད་རང་རྒྱལ་གྱི་ཆེས་ཐོག་མའི་བོད་སྨན་ཁེ་ལས་རྒྱལ་ཁབ་གཙོ་གནད་ཞིབ་དཔྱོད་ཁང་དང་རྒྱལ་ཁབ་སྨན་རྫས་ནད་ཐོག་ཚོད་ལྟ་ལས་ཁུངས་གསར་འཛུགས་དང་། བདག་དབང་ལྡན་པའི་བོད་སྨན་༢༥གསར་སྤེལ་གནང་སྟེ་བོད་སྨན་ཐོན་ལས་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་གྱི་ལམ་དུ་ཁ་བསྒྱུར་བ་དང་། དུས་རབས༢༡པའི་བོད་ལུགས་གསོ་རིག་དངོས་གཞིའི་སློབ་མའི་སློབ་དེབ༨༠རྩོམ་སྒྲིག་མཛད་དེ། ད་ལྟ་རྒྱལ་ཁབ་ཕྱི་ནང་གཉིས་ཀྱིས་ཐུན་མོང་དུ་སྤྱོད་པའི་སློབ་དེབ་ཉག་ཅིག་ཏུ་གྱུར་ཡོད། ད་དུང་ཁོང་གི་སྣེ་ཁྲིད་འོག་ཨ་རུའི་བོད་གསོ་བདེ་ཐང་རིག་གནས་ལྟེ་གནས་དང་ཉི་ཧོང་བོད་གསོ་ལྟེ་གནས་སོགས་རྒྱལ་སྤྱིའི་བོད་གསོ་ཞིབ་འཇུག་ལས་ཁུངས་བཙུགས་པ་དང་། ༢༠༡༤ལོར་ཨ་རུའི་ཝུར་རྗི་ནེ་ཡ་སློབ་ཆེན་དུ་བོད་ཀྱི་གསོ་རིག་གི་བདམས་སྦྱོང་སློབ་ཚན་ཐོག་མར་བཙུགས་ཏེ་བོད་ཀྱི་གསོ་རིག་འཛམ་གླིང་དུ་ཁ་ཕྱོགས་པར་སྒོ་འཕར་ཡངས་པོར་ཕྱེས།

ཁོང་གིས་བཙུགས་པའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། ཚན་རིག་ཞིབ་འཇུག སྨན་རྫས་སྦྱོར་བཟོ་སོགས་ཆིག་སྒྲིལ་གྱི་འཕེལ་རྒྱས་གཏོང་བའི་ལམ་ལུགས་ལ་བརྟེན་ནས། བོད་ཀྱི་གསོ་བ་རིག་པའི་ཚན་རྩལ་ཐོན་ཁུངས་མཉམ་བསྲེས་དང་སྤྱི་སྤྱོད་ཐུབ་པར་གྱུར་ཏེ། བོད་ཀྱི་གསོ་རིག་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན། དེའི་ཕྱིར་འོ་ཚང་ཚོགས་ཆེན་ལགས་ལ་སྔ་རྟིང་དུ་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི་ཕུལ་བྱུང་བྱས་རྗེས་ཅན་གྱི་ན་གཞོན་ཆེད་མཁས་པ་དང་། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ནུབ་རྒྱུད་གསར་སྤེལ་གྱི་ཕུལ་བྱུང་བྱས་རྗེས། ཧོ་ལུང་ཧོའུ་ལུའི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གསར་གཏོད་སོགས་ཀྱི་མཚན་སྙན་ཐོབ། ཐེངས་འདིར་ཡང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཟེངས་ཐོན་བྱ་དགའ་ཐོབ། བྱ་དགའ་འདི་ནི་ཁོ་རང་ཉིད་ཙམ་མ་ཟད་དུས་ཡུན་རིང་བོར་བོད་ཀྱི་གསོ་རིག་གི་ཚན་ཞིབ་ཀྱི་ལས་ལ་གཞོལ་བའི་ཆེད་མཁས་ཚོགས་པར་ཀྱང་ཐོབ་པ་ཡིན་ལ། བོད་ཀྱི་གསོ་བ་རིག་པའི་ཐུན་མོང་གི་སྙན་གྲགས་ཤིག་དང་། ལྷག་ཏུ་རང་ཞིང་གི་བོད་ཀྱི་གསོ་རིག་ལས་དོན་འཕེལ་རྒྱས་སུ་ཕྱིན་པའི་མཚོན་རྟགས་ཤིག་ཀྱང་ཡིན།

རྡེབ་ཚད་ཨང་རིམ།
X