//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་བཞི་བཅུ་པ། རྒྱུ་མའི་ནད་བཅོས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 14:57:25 ཀློག་གྲངས། 5 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། རྒྱུ་མའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།རྒྱུ་ནི་ཟས་དང་སྤྱོད་ལམ་མི་འཕྲོད་པས།། འདུ་བ་འཁྲུགས་ཏེ་རྒྱུ་མར་བབས་པའོ།།དབྱེ་བ་རྒྱུ་ཁྲོལ་རྒྱུ་འཁྲིལ་རྒྱུ་འགྱིངས་དང་།། རྒྱུ་འགགས་རྒྱུ་གཟེར་རྣམ་པ་ལྔ་རུ་བསྟན།། རྒྱུ་ཁྲོལ་རྒྱུ་མར་རླུང་ཞུགས་བླུག་བླུག་ཟེར།། སྐབས་སུ་ཁྲོལ་ཞིང་ཆུ་རུ་འཁྲུ་བ་སྟེ།། རྒྱུ་འཁྲིལ་རྒྱུ་མ་རླུང་གིས་གཅུས་པ་ཡིན།། འོག་རླུང་མི་ཐོན་འཁྲིལ་ཞིང་ལྡང་དུབ་བྱེད།། རྒྱུ་འགྱིངས་རྒྱུ་མར་བད་ཀན་བེ་སྣབས་རྒྱས།། རྒྱུ་མ་ལྕི་ལ་ན་འགྱུང་དྲི་མ་འགྱིང་།། སྐབས་སུ་ན་ཞིང་བད་ཀན་བེ་སྣབས་འཁྲུ།། རྒྱུ་འགགས་ཁྲག་དང་མཁྲིས་པས་དྲི་མ་འགགས།། ཚ་འདྲིལ་གཟེར་ཞིང་དྲི་མ་ཤ་རིལ་འདྲ།། རྒྱུ་གཟེར་གཟེར་ཞིང་ཐུར་དུ་བཤལ་བ་ཡིན།། བཅོས་ཐབས་རྒྱུ་འཁྲོལ་ཞུན་མར་དངས་མ་བཏང་།། ཚ་བ་གསུམ་དང་རྒྱམ་ཚ་ལྕེ་མྱང་ཚ།། ཁ་རུ་ཚ་དང་བུར་དཀར་ཆུ་སྐོལ་དབུལ།། ཚའམ་གྱོ་མོ་བསྲོས་པས་རྒྱུ་མ་བདུག། རྒྱུ་འཁྲིལ་ལ་ནི་ཤིང་ཀུན་ཁ་རུ་ཚ།། རྒྱམ་ཚ་ཚ་བ་གསུམ་དང་བུ་རམ་སྦྱར།། ཆང་བསྐོལ་འཕུལ་བཏང་ཚ་བསྲོས་དུགས་ཀྱིས་བདུག། འཇམ་རྩི་བཏང་ཞིང་མདུན་རྒྱབ་གསང་དུ་བསྲེག། རྒྱུ་འགྱིངས་ཚ་བ་ལྔ་དང་ཚྭ་སྣ་སྦྱར།། ལྕུམ་རྩའི་བཤལ་བཏང་རྒྱུ་འགགས་ནི་རུས་དྲང་།། རྒྱུ་གཟེར་མཁྲིས་ཕྱེ་བདུན་པས་བཅད་པར་བྱ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུ་མའི་ནད་བཅོས་པའི་ལེའུ་ སྟེ་བཞི་བཅུ་པའོ།། །།

X