//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > སྡེ་སྲིད་ཁོག་འབུབས། > ནང་དོན།

གྲྭ་པ་མངོན་ཤེས་ཀྱིས་སྨན་སྤེལ་ཚུལ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 9:50:17 ཀློག་གྲངས། 61 

ཁྱད་པར་པདྨ་བཀའི་ཐང་ཡིག་ལས། སྐབས་སུ་གཅིག་ལས་གཅིག་ཉིད་སྡུག་པ་ཡོད༔ ཇིང་འཇངདང་རྒྱ་རྣམས་གྲོག་མའི་ཚང་ཞིག་འདྲ༔ དབུ་རྩེ་གསོ་རིག་རྒྱུད་ཀྱི་གཏེར་ཁ་དང་༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲ་གྲྭཔ་མངོན་ཤེས་ཞེས་བྱ་འབྱུང་༔ ཞེས་ལུང་བསྟན་པ་ལྟར་བཻ་རོའི་ཡང་སྲིད་གྲ་གྲྭཔ་མངོན་ཤེས་སམ་མཚན་དངོས་དབང་ཕྱུག་འབར་ནི། གདུང་རུས་ནས་བཟུང་རྣམ་ཐར་ཅུང་ཟད་སྨོས་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་ཞེས་བྱ་བ་ནོར་ཧ་ཅང་མི་ཆེ་ཡང་ཤེས་རབ་དང་ལྡན་ཞིང་སྨྲ་མཁས་པས་རྗེའི་ཐུགས་ཟིན་པ་ཞིག་བྱུང་སྟེ། བསམ་ཡས་ཀྱི་མཆོད་རྟེན་སྔོན་པོ་སོགས་བཞེང་བའི་ལག་དཔོན་མཛད། དེ་ལ་སྲས་གསུམ་ལས། འབྲིང་པོ་ལྷ་རྗེས་གྲ་དགས་པོ་གྲོང་ངམ་སྐྱི་རུ་བཟུང་། དེའི་སྲས་གཉའ་ནེ་ནས་རིམ་པར་གཉའ་ཆུང་། དབལ་ལེགས། བཙན་འོད། ཞང་སེ་རྩ་ལེགས་བརྟན་སོགས་ཀྱི་མཐར། ལེགས་བརྟན་ལ་སྲས་ཇོ་དགའ། དེ་ལ་སྲས་ཞང་སྟོན་ཆོས་འབར། ཞང་སྟག་དཀར། ཞང་བསྟན་དང་གསུམ་ལས། བགྲེས་པ་ཤཱཀྱའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་སྔགས་མཚན་ཉིད་ཀྱི་དགེ་བཤེས་ཆེན་པོར་གྱུར། ཞང་སྟག་དཀར་བ་ལ་སྲས་སྟག་ཚབ། སྟག་ཆུང་། ཞན་པ། གཡང་བཞི་རྣམས་དང་། བུ་མོ་གཉིས་ཏེ་དྲུག་བྱུང་བའི་ཆེ་ཤོས་སྟག་ཚབ་ནི། ལྷོ་བྲག་མར་བ་ལོ་ཙཱ་དང་དགུང་མཉམ་དུ་ཆུ་ཕོ་བྱི་བ་ལ་འཁྲུངས། མར་པའི་རྣམ་ཐར་དུ་བལྟམས་ཡུལ་གྲའི་དགས་པོ་གྲོང་ཨེ་དགས་དྭགསཀྱི་དགས་པོ་དང་ནོར་བ་སོགས་འགའ་ཞིག་མཆིས། གང་ལྟར་དགུང་ལོ་གཞོན་ནུའི་དུས་སྔ་ཡུལ་བའི་ར་རྫི་ལོ་ལྔ་ཙམ་མཛད། དེ་ནས་ཀླུ་མེས་ཀྱི་མཁན་བུ་དགེ་བཤེས་ཡབ་ཤུད་རྒྱལ་བ་འདི་ལ་རབ་ཏུ་བྱུང་།མཚན་ཤེས་རབ་རྒྱལ་བར་བཏགས། ལོ་ལྔའི་བར་འདུལ་བ་གསན།རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལ་མདོ་སྔགས་ཀྱི་ཆོས་མང་བ་དང་ཟུས་ལ་གསོ་དཔྱད་གསན་པར་ཡང་གྲགས། ཞང་བློན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་པ་མཛད་པས་ཞལ་དངོས་སུ་བསྟན་ཅིང་འཕྲིན་ལས་སྒྲུབ་པར་ཁས་བླངས། ཞང་སྟོན་ཆོས་འབར་འདས་པའི་འདད་ལ་དེའི་སློབ་མ་ཞིག་གིས་སྤྱན་དྲངས། མདོ་སྔགས་ཀྱི་གཞུང་ལ་མི་འཇིགས་པའི་སྤོབས་པ་ཐོབ་པའི་གསུང་བཤད་ཀྱིས་མཁས་པ་རྣམས་ཡིད་མགུ་བས་དག་དགེབཤེས་གྲ་གྲྭཔ་དང་ཆོས་མངོན་པ་ལ་མཁས་པས་གྲ་གྲྭཔ་མངོན་ཤེས་སུ་གྲགས། ཕ་དམ་པ་སངས་རྒྱས་ལ་ཞི་བྱེད་སྒྲོན་མ་སྐོར་དགུའི་གདམས་པ་དང་། ཁ་ཆེའི་པཎྜི་ཏ་ཟླ་བ་མགན་པ་མགོན་པོལ་སྦྱོར་དྲུག་གི་གདམས་པ་རྣམས་དཔྱིས་ཕྱིན་པར་བཞེས། ཕོ་བྲང་བུག་པ་ཅན་པར་བུ་མེད་པ་ལ་གསོལ་བ་བཏབ་པས། དཔལ་འཁེར་འཁོརལོ་བདེ་མཆོག་གི་སྒོ་ནས་རིགས་བསྐྲུན་པའི་ཆོ་ག་གནང་སྟེ་ལོ་དུས་སུ་བུ་བྱུང་བའི་མཚར་ཁ་ལ་གསེར་གྲི་ཆུ་དར་ཅན། དངུལ་སྐྱགས་སྐྱོགསཤ་བ་ཅན། རལ་གྲི་ཕུང་སྐྱུ་ཅན། ཁྲ་བ་སྡིག་པ་ཅན་རྣམས་ཕུལ། ཐང་པོ་ཆེར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སྔར་རང་གི་སློབ་མ་ཡིན་ཀྱང་ཕྱིས་གཞན་འབྱོར་ལ་ཕྲག་དག་དོགཔས་དགྲར་ལངས་ཏེ་མངོན་ཤེས་ཡོད་མེད་ཉམས་སད་ཆེད་ནད་རྫུ་བཏབ་སྟེ་གདན་དྲངས། གྲུམ་ཙེ་རྩེཞིག་གི་ཁར་ན་བཟས་གཏུམས་བཏུམསཏེ་མགོ་མཇུག་མི་ཤེས་པར་བྱས་བཞུགས་པའི་ཚེ། གྲ་གྲྭཔས་སྐུ་རྐྱང་རྒྱབནས་དགེ་བའི་བཤེས་གཉེན་ཆེན་པོ་སྐུ་ཁམས་ཇི་ལྟར་བདོག ཕྱག་རྩ་བསྟན་པར་ཞུ་ཞུས་པས། ཁུ་སྟོན་ཧར་གྱིས་བཞངས་བཞེངསནས་གྲ་གྲྭཔ་མངོན་ཤེས་བྱ་བའི་སྐད་བོ་ཆེ་ཁྱོད་ནད་པའི་རྒྱབ་མདུན་མི་ཤེས་པའི་མངོན་པར་ཤེས་པ་ཡ་མཚར་ཞེས་སྨད་རྨདཔས། ཉེ་གནས་ལ་མེ་མཆད་མཆེདཀྱི་སྦྱོར་བ་བསྐུར་ནས་ཐང་བོ་ཆེ་མེར་བསྲེགས་པ་སོགས་མཐུ་སྟོབས་ལྷག་པར་ཆེ། ཡབ་ཤུད་རྒྱལ་བ་འོད་ཀྱི་སློབ་མ་ལས་གཟུས་ལ་ཐུག་མིན་ཐེ་ཚོམ་གྱི་གཞི་ཙམ་སྣང་ཡང་ལོ་རྒྱུས་འགའ་ཞིག་ཏུ་རང་གི་བླ་མ་གཟུས་སྙིང་ཆུས་བསྙུན་པར་ཆུ་སྨན་གྱིས་མ་འདྲོངས་པར་ཞལ་རྒྱུན་དུ་ཆུ་གཏོར་བས་དངངས་པ་དང་ལྷན་ཅིག་ཐུར་མས་སྙིང་ཆུ་འདོན་རྩིས་ལ་ལས་ཀྱི་རྣམ་པར་སྨིན་པས་ཐུར་ལག་ལོགཏུ་སོང་སྟེ་གྲོངས་པའི་སྡིག་སྦྱོངས་སུ་སྣ་བཤུད་ཀྱི་མཚམས་སུ་གཟན་གཡང་མི་འགྱུར་ལྷུན་གྲུབ་ལ་དཔེ་བྱས་པའི་གྲ་གྲྭཐང་། སྤྱན་གཡས། སྐྱིལ་རུ། ཀུན་དགའ་ར། གཟེར་ཁང་། ཁོང་བོ། དགྲ་བརྒྱ་སོགས་གནས་གཞི་བརྒྱ་དང་རྩ་བརྒྱད་བཞེངས་པ་དང་། དེའི་ནང་ནས་གཙོ་ཆེ་བ་བདུན་གྱི་ཕུད་ལ་བཞེངས་པས་བདུན་ཕུད་དགའ་ལྡན་ཆོས་འཁོར་དུ་གྲགས། སློབ་མ་གྲ་གྲྭསྟོན་འབུམ་ལྷས་འབར་གྱིས་གནས་སྐོར། གདོན་ཆུང་སྟོན་པས་འབྲོག་སྒ་འདྲ། དགེ་བཤེས་ལྷབས་ཀྱིས་སོ་ཐང་། བྷནྡྷ་བྱང་ཆུབ་སེམས་དཔས་རི་ཕུག་རྣམས་བཏབ། ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་ལུང་བསྟན་པ་ལྟར་བསམ་ཡས་དབུ་རྩེ་ནས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི་བོ་སོགས་གཏར་གཏེརནས་བཏོན་པ་བདག་གི་བླ་མ་ལྔ་པ་ཆེན་པོས། སྨན་གྱི་བླ་མའི་གསུང་རབ་འོ་མའི་བཅུད།། རང་བཟོའི་ཆུ་ཡིས་བསླད་པ་མི་འཇུག་ཆེད།། གསང་བའི་ཕྱག་རྒྱའི་རྒྱས་བཏབ་སྒོ་འབྱེད་པའི།། སྤྲུལ་བའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཞབས།། ཞེས་གསུངས་པ་ལྟར་དང་། རྒྱུད་ཀྱི་བསྡུས་དོན་སོགས་བསྟན་བཅོས་བརྩམས་ཤིང་འགྲ་འགྲོཕན་མཐར་རྒྱས། དགུང་ལོ་བདུན་ཅུ་རྩ་དགུ་ལ་སློབ་དཔོན་ལ་སྙིང་ཐུར་ཐུར་ལོག་ཏུ་སོང་བའི་རྣམ་སྨིན་སྐུ་ཚེ་འདི་གར་བྱང་པར་སློབ་མ་ཞིག་གིས་སྙིང་ཐུར་རྒྱབ་པ་ཐལ་སྐྱོན་གྱིས་ཞིང་གཞན་དུ་གཤེགས། དེས་གསོ་རིག་གི་གཞུང་མན་ངག་དང་བཅས་པ་དབུས་པ་དར་གྲགས་ལ་གནང་། དེས་སྟོན་ཆེན་དཀོན་ཅོག་སྐྱབས་ཞེས་འཁྲུངས་ཡུལ་མང་མཁར་ཚ་ལུང་པ། རུས་རོག་ཡིན་པ་དེ་དབུས་སུ་མཚན་ཉིད་ཀྱི་སློབ་གཉེར་ལ་བྱོན་པ་རྐང་འབམ་གྱིས་སྙུན་གཡུ་ཐོག་ཡོན་ཏན་མགོན་པོས་གསོས། རྗེས་སུ་དམུ་ཆུས་ལྟེམ་པ་དབུས་པ་དར་གྲགས་ཀྱིས་བཅོས། གཡུ་ཆེན་དྲུག་དམར་ནམ་མཁའ་གསལ་བཞིས་ནས་ཁལ་སྟོང་ཕུག་རི་བ་དེ་དར་གྲགས་ལ་ཕུལ་ནས་རྒྱུད་བཞི་རྫོགས་པར་ཞུས།

X