//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > སྡེ་སྲིད་ཁོག་འབུབས། > ནང་དོན།

(1) བསྟན་བཅོས་ཀྱི་མཚན་ཉིད།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 9:55:49 ཀློག་གྲངས། 95 

དེ་དག་བསྟན་འཛིན་རྣམས་ཀྱིས་བཀྲལ་པའི་བསྟན་བཅོས་ལ། མཚན་ཉིད། ངེས་ཚིག དབྱེ་བ་སྟེ་གསུམ། དང་པོ་ནི། རྒྱལ་བ་མ་ཕམ་པས་རྒྱུད་བླ་མའི་སྐབས་ལྔ་པ་ལས། གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གི དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད།། ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ།། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་།། ཞེས་བཀའ་བསྟན་གྱི་དབྱེ་བར་ཤིན་ཏུ་ཁྱབ་ཆེ་ཞིང་། སྔ་རབས་ཀུན་མཁྱེན་རོང་བོ་དང་། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱང་བཞེད་པ་སྣ་མང་ལ། ཕྱིས་ཀྱང་ནི་ལུང་འདྲེན་མཐའ་དག་གིས་མཛད་པར། ལུང་ཚིག་ལ་ཞིབ་ནན་གྱིས་དཔྱད་པ་ཆེར་མེད་པའི་རྒྱལ་པའི་བསྟན་པ་དང་། རྒྱལ་བ་སྟོན་པ་སོགས་སྣ་ཚོགས་པ་འདིའི་ཐད་ཀྱི་རྒྱ་དཔེ་དབང་པོ་རྡོ་རྗེའི་སྡེབ་སྦྱོར་ཡིན་ལ། དེའི་རྩ་བའི་སྐད་དོད། བྱིངས་ལས་ཀྲྀཏ་རྐྱེན་གྱིས་མིང་དུ་སྒྲུབ་པ་དང་། ཏི་དང་སི་སོགས་ཀྱི་ཚིག་ཏུ་སྒྲུབ་པའི་ཚུལ་ལས། ཤོ་ལོ་ཀ་གཅིག་པོ་འདི་རྒྱས་པར་འཕྲལ་གྲོལཏེ་བཤད་།༥m༠m༣ ཡ་ཏཱི། མཆོད་པའམ་རབ་ཏུ་འབད་པ་ལའོ་ཞེས་པའི་བྱིངས་ལ་ཀྭིཔ྄འོ་ཞེས་པས་ཀྭིཔ྄་བྱིན། བྱིངས་མཐའི་ཨཱ་བརྗོད་དོན་ཏེ། གང་ཞིག་ཨིཏྲ་ཀྱི་མིང་ཅན་དེ་ནི་དབྱིའོ་ཞེས་པས་ཕྱིས། ཀྭིཔ྄འོ་ཞེས་པས་ཀྭིཔ྄་ཀྱང་ཡོངས་རྫོགས་ཕྱིས། ཡཏྲ་གང་།༡༠ m ཨས྄་ཡོད་པ་ལའོ་ཞེས་པའི་བྱིངས་བཞག ཆོག་འབྱུང་ལིང་གི་པར་སྣེེ་པ་དའི་སྐྱེས་བུ་དང་པོའི་ཅིག་ཚིག་ཡཱཏ་བྱིན། བྱེད་པ་བོ་ལ་ཨཔ྄་འོས། བར་དུ་ཨཔ྄་བྱིན། ཨདུ་སོགས་ལས་འཇིག་གོ་ཞེས་པས་ཨཔ྄་འཇིག་ནམ྄་སྱོ་ཀྱི་ཨའོ་ཞེས་པའམ། ནམ྄་ཨསྱོ་ལའོ་ཞེས་པས་བྱིངས་ཀྱི་ཨ་ཕྱིས། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ས་སྲོག་མེད་དྲངས་པ་སྱཾཏྲ། ཅེས་གནས་པ། ཙ་པ་རྣམས་ཨ་བ་ལ་ཛ་བ་རྣམས་སོས་ཏ་ད་རུ་བསྒྱུར་པ་སྱཾད་ཞིག དགག་པའི་སྒྲ་ནཀྲ་བཞག ན་ཨའོ་ཞེས་པས་ནཀྲ་ཨར་བསྒྱུར་པས་ད་ཨ་མེད་ཀྱི་སྟེང་དྲངས།༡༠ m བཱི་རབ་ཏུ་སྐྱེ་བ་དང་། མཛེས་པ་དང་། འདུག་པ་དང་། ཟ་བ་རྣམས་ལ་ཡང་ངོ་ཞེས་པའི་བྱིངས་བཞག ཨུཎ྄ལ་སོགས་པ་ནི་རྟག་ཏུའོ་ཞེས་པས་ཌི་རྐྱེན་དུ་བྱིན། ཌིཏ྄་ལ་ཊིའོ་ཞེས་པས་བྱིངས་ཀྱི་ཨཱ་ཕྱིས། ཌཱ་ཡང་དེའི་དོན་ཡིན་པས་ཕྱིས། ཨི་བཞག་དྲངས་པས་བི་རྣམ་པར། ཀྵི་པ་དེད་པ་ལའོ་ཞེས་པའི་བྱིངས་བཞག ཀྟ་ཀྟ་བ་ཏུ་འོས། རྐྱེན་ཀྟ་བྱིན་ཀ་ནི། ཨུས་མ་ཡིན་པའི་ཀིཏྲ་དིཏྲ་ལའོ་ཞེས་པ་ལྟར་བྱིངས་ལ་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས། བྱིངས་མཐའི་ཨ་བརྗོད་དོན་གྱིས་ཕྱིས་དྲངས་པས་ཀྵིཔྟ་གཡེང་།༡༢m༦  མན་ཤེས་པ་ལའོ་ཞེས་པའི་བྱིངས་བཞག བཙ྄་སོགས་ལ་ཨས་འོ་ཞེས་པས་ཨས་རྐྱེན་དུ་བྱིན། བྱིངས་མཐའི་ཨ་བརྗོད་དོན་ཕྱིས་དྲངས་པས་མནསྱོ། དེ་ནས་ས་སྲོག་མེད་ནི། ས་ར་དག་གི་རྣམ་བཅད་དོ་ཞེས་པས་རྣམ་བཅད། ཧ་བ་ལ་འོས་རྣམ་བཅད་ཨུ། ཨ་ཨུ་ལ་ཨོའོ་ཞེས་པས་གོང་གི་ཨ་དང་ཨུ་གཉིས་བསྡོམས་ཏེ་ཨོ་བྱས་པ། མ་ནོ་ཡིད་ཅན། དེ་ལ་གསུམ་པའི་མང་ཚིག་བྷིས྄་བྱིན། ས་རྣམ་བཅད། ནཱ་མི་ལས་རའོ་ཞེས་པས་རྣམ་བཅད་ར་བྱས་པ་བྷིར྄་གྱིས། བཙ྄་འཆད་པ་ལའོ་ཞེས་པའི་བྱིངས་བཞག ཀྟ་ཀྟ་བ་ཏུ་འོས་ཀྟ་བྱིན། ཀ་འགྲོ་བ་ལ་ཡཛྲ་རྣམས་ཀྱི་ཡ་བ་ར་རྣམས་ཨི་ཨུ་རྀཏྲ་རྣམས་སུ་སླར་ཡང་དག་པར་བསྒྱུར་པའོ་ཞེས་པས་བ་ཨུ། རྐྱེན་གྱི་ཀ་དེའི་དོན་གྱིས་ཕྱིས་ཙ་ཙུའི་ཀུའོས་ཀ་དེ་དྲངས་པས་ཨུཀྟ། དེ་ལ་དང་པོའི་སི་བྱིན། ཨཏ་ལས་ཨམྲ་འོ་ཞེས་པས་ཨམ྄་དུ་བསྒྱུར། ཨམ྄་ཤས་དག་གི་ཨའོས། ཨ་དབྱི། མ་རྗེས་སུ་ང་རོ་བྱས་པས་ཨུཀྟཾ་བཤད་པ་འདིར་གོང་རྣམ་བཅད་ཀྱི་ར་དྲངས།༡༠ m ཤཱ་སུ་རྗེས་སུ་སྟོན་པ་ལའོ་ཞེས་པའི་བྱིངས་བཞག ངང་ཚུལ་ལ་ཏྲྀན྄་འོ་ཞེས་པས་ཏྲྀན྄་རྐྱེན་དུ་བྱིན། ན་ཁྱད་དོན་ནམ་དབྱངས་དོན་ཏེ་པྱིསཕྱིས བྱིངས་མཐའི་ཨུ་བརྗོད་དོན་ཡིན་པས་ཕྱིས་དྲངས་པས་ཤཱསྟྲྀ། དེ་ལ་སི་སོགས་ནི་རྟག་ཏུ་འོས་རྣམ་དབྱེ་གཉིས་པའི་ཨམ྄་བྱིན་སྟྲྀའི་ཨཱར྄འོ་ཞེས་པས་རྟགས་མཐའི་རྀ་ཨཱར་དུ་སོང་། དྲངས་པས་ཤཱསྟཱར་མ྄། དེ་ནས་མ་རང་སར་འཇོག་གམ། ཡང་ན་མ་ནི་རྗེས་སུ་ང་རོ་འོས་ཀླད་ཀོར་བྱས་པ་ཤཱསྟྱཻརམ་སྟོན་པ།༡༠ m ཨིཀ་དྲན་པ་ལའོ་ཞེས་པའི་བྱིངས་བཞག ཨཊ་དག་གོས་ཨ་རྐྱེན་དུ་བྱིན། ཨུ་པ་ངྷཱ་ཐུང་ངུའི་འོ་ཞེས་པས་བྱིངས་ཀྱི་ཨུ་པ་ངྷཱའི་ཨི་ཨེར་བསྒྱུར་པ་དྲངས། དེར་དེ་ལ་རྣམ་དབྱེ་དྲུག་པའི་ངས་ཨཏ྄་ལས་ཨཾ་ཨེ་ཀཾ་གཅིག་པུའམ་འབའ་ཞིག༤m ཛི་རྒྱལ་བ་ལའོ་ཞེས་པའི་བྱིངས་བཞག ཊ྄་ཀི་དག་གོ་ཞེས་པས་ནཊ྄་རྐྱེན་དུ་བྱིན། ཊ་རྗེས་འབྲེལ་ཡིན་པས་ཕྱིས་ལ་ཛི་ན། དེ་ལ་གསུམ་པའི་བྱེད་སྒྲའི་ནཱ་ཊཱབྱིན། ཨཏྲ་ལས་ཨཱོཏྲ་མ་ཡིན་པའི་ཨམ྄འོ་ཞེས་པས་ནཱ་ཊཱཨམ྄་དུ་བསྒྱུར། ཨམ་ཤས་དག་གི་ཨའོས་ཨ་ཕྱིས་མ་ནི་རྗེས་སུ་ང་རོ་འོ་ཞེས་པས་མ་ཀླད་སྐོར་བྱས་པ་ཛི་ནི་རྒྱལ་བས།༢m བད་གསལ་བར་བྱེད་པ་ལའོ་ཞེས་པའི་བྱིངས་བཞག ཀྭིཔ྄་འོས་ཀྭིཔ྄་བྱིན་ཀ་འགྲོ་བ་ལ་ཡ་ཛ་རྣམས་ཀྱི་ཡ་བ་ར་རྣམས་ཨི་ཨུ་རྀཏྲ་རྣམས་སུ་སླར་ཡང་དག་པར་བསྒྱུར་པའོ།། ཞེས་པས་བ་ཨུར་བསྒྱུར། ཀྭིཔ྄་འོས་ཀྭིཔ྄་ཕྱིས་པ་ཨུད་གནས་མེད་པ་ལ་ཡང་ན་འོས། ཡང་ན་ད་ཏར་བསྒྱུར་བ་ཨུཏ྄་ཤིན་ཏུ།༡༢mm དི་ཤ་ཤིན་ཏུ་འདོར་བ་ལའོ་ཞེས་པའི་བྱིངས་བཞག ཨཏ྄་ལས་ཤ་ཏུ་སྟེ་ཨཱཔ྄་ལ་ཡང་ནའོ་ཞེས་པས་རྐྱེན་དུ་ཤ་ཏུ་བྱིན། ཤ་ནི། ཤ་འགྲོ་བ་ལ་བཞི་བོ་བཞིན་ནོ་ཞེས་པའི་དོན་ཏེ་ཕྱིས། ཏའི་ཨུ་བརྗོད་དོན་གྱིས་ཕྱིས། བྱིངས་མཐའི་ཨ་ཡང་ཕྱིས་དྲངས་པས་དི་ཤཏ྄་ཙ་བ་རྣམས་ཨ་བ་ལ་ཛ་བ་རྣམས་སོ་ཞེས་པས་ཏ་དར་སོང་དི་ཤང་བསྟན་པ། བྷིསྲ་བཞག ས་རྣམ་བཅད་བྱས་པ་བྷིཿ ཡིས་གོང་རྒྱལ་བའི་ཛི་ནཾ་གྱི་ང་རོ་ནས་བཟུང་དབྱངས་ལ་མ། ཙ་པ་ཛ་བ་སོགས་མཚམས་སྦྱར་པས་མུངྔི་ཤངྔྷིཿ༡༢m༠m༦ མྀཙླྀ་ཐར་པ་ལའོ་ཞེས་པའི་བྱིངས་བཞག དེ་ལ་ཨུཎ྄་ལ་སོགས་པ་ནི་རྟག་ཏུ་འོས། རྐྱེན་སཔ྄་བྱིན་བྱིངས་ཀྱི་རྗེས་འབྲེལ་ལྀ་ནི། ལེ་ལྀའགྲོ་བ་དང་སུ་ཥ་སོགས་ལ་ང་འོ་ཞེས་པའི་དོན་ཏེ་ཕྱིས། ཨུ་པ་ངྷཱ་ཐུང་ངུའི་འོ་ཞེས་པའི་བྱིངས་ཀྱི་ཨུ་ལ་ཡོན་ཏན་བྱས། རྐྱེན་སབ྄་ཀྱི་པ་དེའི་དོན་ཡིན་པས་ཕྱིས། ཙུའི་ཀུའོ་ཞེས་པས་ཙ་ཀར་བསྒྱུར། ཀུ་ཨི་ལ་ལ་ཥ་རུ་བྱེད་དེ་སའོ་ཞེས་བསས་ཥར་བསྒྱུར། ཀ་ཥ་ཡང་དག་པར་སྦྱོར་བ་ཀྵའམ་དྲངས་པས་མོཀྵ་ཐར་བ།༡༢mm ༡༢mm ཨཱཔླྀ་ཁྱབ་པ་དང་དམིགས་པ་ལའོ་ཞེས་པའི་བྱིངས་བཞག ལྀ་རྗེས་འབྲེལ་གོང་ལྟར་ཕྱིས། ཀྟི་འོས་ཀྟི་བྱིན། ཀ་ནི་ཡིན་ཡོནཏན་འགོག་པའི་དོན་ཏེ་ཕྱིས་དྲངས་པ་ཨཱཔྟི་ཐོབ་བྱེད།༨mm ཥམ་རྣམ་པར་འཁྲུག་པ་ལའོ་ཞེས་པའི་བྱིངས་བཞག ཀྭིཔ྄་འོས་ཀྭིཔ྄་བྱིན་བྱིངས་མཐའི་ཨ་བརྗོད་དོན་ཏེ་ཕྱིས། དང་པོའི་ཥ་ཎ་ནི་ས་ནའོ་ཞེས་པས་ཥ་སར་བསྒྱུར། ཀྭིཔ྄་འོས་ཀྭིཔ྄་ཕྱིས། སམ྄།༡༠m ཡང་དག་པའམ་ཀུན་རྫོགས་པ་སོགས་ལ་འཇུག བྷྲྀཉ྄འཛིན་པ་ལའོ་ཞེས་པའི་བྱིངས་བཞག དངོས་པོ་ལ་གྷཉ྄་འོས་གྷཉ྄་རྐྱེན་དུ་བྱིན། བྱིངས་ཀྱི་ཉ་ནི་ཉི་ཏྲ་དང་སྭ་ར་ཏིའི་ཀ་འོའི་དོན་ཏེ་ཕྱིས། བྱིངས་ཀྱི་ནཱ་མ་འོས་བྱིངས་མཐའི་རྀ་འཕེལ་བ་ཨཱར་དུ་སོང་། རྐྱེན་གྱི་ཉ་དེའི་གོ་བྱེད་ཙམ་ཡིན་པས་ཕྱིས། གྷ་ནི་ཙ་ཛ་དག་གི་གྷ་འགྲོ་བ་ལ་ཀ་ག་དག་གོ་ཞེས་པའི་དན་དོནཏེ་ཕྱིས་སྲོག་གི་ཨ་བཞག་དྲངས་པས་བྷཱ་ར། གོང་དང་སྦྱར་པས་སོ་བྷཱ་ར་ཚོགས་པའམ་ཡང་དག་པར་འཛིན་པ་སྟེ། ཐར་བ་ཐོབ་པར་བྱེད་པའི་ཐབས་གང་ཡིན་པ་ནི་ལམ་ཡིན་ལ་དེ་ནི་ཐར་བའི་གོ་འཕང་ལ་སྙེག་ཅིང་དོན་གཉིས་ཕུན་ཚོགས་ཀྱི་འབྱོར་པ་འཚོལ་བ་རྣམས་ཐབས་ཤེས་ཀྱི་བཞོན་པས་བགྲོད་པའི་རྟེན་ཡིན་པས་ལམ་སའི་ཡོན་ཏན་གྱི་གཞི་འཛིན་པས་ན་ཡང་དག་པར་འཛིན་པ་དུས་གསུམ་གྱི་རྒྱལ་པ་སྲས་བཅས་གཤེགས་ཤིང་འབྱོན་པའི་སྲོལ་དོད་པས་བསྟོད་པ་གཅིག་པའི་གང་ཟག་རྣམས་ཀྱི་ཐུན་མོང་གི་བགྲོད་བྱར་གྱུར་པས་ཚོགས་པའམ་གཞན་དུ་བསགས་པའང་འདྲེན་ནོ།།༡༧mm ཡ་ཏ྄་གནོད་པ་ལའོ་ཞེས་པའི་བྱིངས་བཞག ཀྭིཔ྄་འོས་ཀྭིཔ྄་བྱིན་དེ་ནས་དེས་མིང་དུ་གྲུབ། ཀྭིཔ྄་འོས་ཀྭིཔ྄་ཕྱིས། དེ་རྗེས་ཡཏྲ་ལ་ཀ་ལཱ་བར། རྣམ་པ་བརྗོད་པ་ལ་ནི་ཐཱའོ་ཞེས་པས་ཐཱ་བྱིན། རྐྱེན་དང་རྣམ་དབྱེའི་གཞི་མཐུན་ཡིན་པས། དེ་ནས་ཏྱང་སོགས་ཀྱི་སི་སོགས་ལ་ཊི་ཨའོ་ཞེས་པས་འ་ཕྱིས་ཏེ་ཊི་ཨར་བསྒྱུར། ཡ་ཐཱ་ཇི་ལྟ་བ་བཞིན་ནམ་ཇི་བཞིན།༡༠mཤྭས་སྲོག་ལའོ་ཨན་ཡང་ངོ་ཞེས་པས་ཨན་སྲོག་གི་བྱིངས་བཞག ཥྭ་ཀ་ཨུ་ཨུ་ཀཎ྄་འོ་ཞེས་པས་ཨུ་རྐྱེན་དུ་བྱིན། བྱིངས་མཐའི་ཨ་བརྗོད་དོན་ཏེ་ཕྱིས་དྲངས་པས་ཨ་ནུ་རྗེས་སུ།༨mm ཀཱུ་ལ་སྒྲིབ་པ་ལའོ་ཞེས་པའི་བྱིངས་བཞག ནཱ་མི་ཨུ་པ་ངྷཱ་ལས་ཀའོ་ཞེས་པས་ཀ་རྐྱེན་དུ་བྱིན། བྱིངས་མཐའི་ཨ་བརྗོད་དོན་ཏེ་ཕྱིས་རྐྱེན་གྱི་ཀ་ནི་ཨུ་པ་མ་ཡིན་པའི་ཀིཏ་ད་ཏྲ་ལའོ།། ཞེས་པ་ལྟར་བྱིངས་ལ་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས་དྲངས་པས་ཀླུ་ལ། སི་བྱིན། ཨཏྲ་ལས་ཨམ་འོས་སི་ཨམ་དུ་བསྒྱུར། ཨམ྄་ཤསྱོ་དག་གི་ཨ་འོས་ཨ་ཕྱིས། མ་ནི་རྗེས་སུ་ང་རོ་འོས་མ་རྗེས་སུ་ང་རོར་བྱས་པ་ཀཱུ་ལཾ། གོང་དང་སྦྱར་པས་ཨ་ནུ་ཀཱུ་ལཾ་མཐུན་པ།༩m མྲྀ་ངྷུ་ཕུན་སུམ་ཚོགས་པ་ལའོ་ཞེས་པའི་བྱིངས་བཞག ནཊ་ཀི་དག་གོ་ཞེས་ཀི་རྐྱེན་དུ་བྱིན། བྱིངས་མཐའི་ཨུ་ནི། ཨུཏྲ་འགྲོ་བ་ལས་ཀྟྭཱ་སྟེ་ཨི་ཊ་ཡང་ནའོ།། ཞེས་པའི་དོན་ཡིན་པས་ཕྱིས། སུའི་རྀ་ཨུར྄འོ་ཞེས་པས་རྀ་ཨུར྄་དུ་བསྒྱུར། རྐྱེན་གྱི་ཀ་དེའི་ཁྱད་དོན་ཡིན་པས་ཕྱིས། སྲོག་གི་ཨི་བཞག ར་བ་ལ་ཨི་ཨུ་དག་གི་ཧ་ས་ལའོ་ཞེས་པས་རའི་ཨུ་པ་ངྷཱའི་ཨུ་རིང་བོར་བསྒྱུར་དྲངས་པས་མཱུརྔྷི་དེ་ལ་རྣམ་དབྱེ་གསུམ་པའི་གཅིག་ཚིག་ཊཱ་བྱིན། ནཱ་མི་ལས་དབྱངས་ལ་ནུམ྄་འོས་ནུམ྄་བྱིན། ཨུ་བརྗོད་དོན་མ་རྗེས་འབྲེལ་གྱིས་ཕྱིས། ཤས་ལ་སོགས་པ་ལ་ཨསྠི་

སོགས་ཀྱི་ཨཏྲ་ཡང་ངོ་།། ཞེས་པས་རྟགས་མཐའི་ཨི་ཨཏྲ་དུ་བསྒྱུར། ཤས་ལ་སོགས་པ་དབྱངས་ལ་མ་བ་ཡང་དག་པར་སྦྱོར་བ་མ་ཡིན་པའི་ཨཏྲ་དབྱིའོས་ཨཏྲ་ཕྱིས།རྣམ་དབྱེའི་ཊཱ་ནི། ཁྱད་དོན་ཡིན་པས་ཕྱིས། སྲོག་གི་ཨཱོ་བཞག་དྲངས་པས་མཱུརྔྷྣཱ། སྤྱི་བོར་༡༡mm༢ཏ་མུ་འདོད་པ་ལའོ་ཞེས་པའི་བྱིངས་བཞག ཨུཎ་ལ་སོགས་པ་ནི་རྟག་ཏུའོ་ཞེས་པས་དཀུ་རྐྱེན་དུ་བྱིན། ཀ་ནི་ཨུས་མ་ཡིན་པའི་ཀིཏྲ་དིཏྲ་ལའོ་ཞེས་པས་ཕྱིས། ཨ་བརྗོད་དོན་ཡིན་པས་ཕྱིས། བྱིངས་ཀྱི་ཨུ་ནི། ཨུཏྲ་འགྲོ་བ་ལས་ཀྟཱ་སྟེ་ཨིཊ྄ཡང་ནའོ་ཞེས་སམ། གང་ཞིག་ཨིཏ་ཀྱི་མིང་ཅན་དེ་ནི་དབྱིའོ་ཞེས་པས་ཕྱིས། ཨ་ནུ་དཱཏྟ་རྣམས་དབྱི་བ་ཉིད་དོས་བྱིངས་མཐའི་མ྄་ཡང་ཕྱིས་གནས་མེད་པ་ལ་ཡང་ན་འོས་ད་ཡང་ཏར་བསྒྱུར་པ་ཏཏ་དཱ།༦mm ཨ་བི་སྒྲ་ལའོ་ཞེས་པའི་བྱིངས་ལ། ནཊ་ཀི་དག་གོ་ཞེས་པས་ཀི་རྐྱེན་དུ་བྱིན། བྱིངས་མཐའི་ཨི་ནི། ཨིཏྲ་འགྲོ་བ་ལས་མུམའོ་ཞེས་པའི་དོན་ཏེ་ཕྱིས། ཕུལ་དུ་བྱུང་བའི་ཡི་གེ་རྣམ་པར་འགྱུར་ཏེ་ཞེས་པས་བ་ཡིག་པར་བསྒྱུར། རྐྱེན་གྱི་ཀ་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས་དྲངས་པས་ཨ་པི་ཡང་། རྀ་ཥི་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག ཨ་ཊ་དག་གོ་ཞེས་པས་རྐྱེན་ཨ་བྱིན། བྱིངས་མཐའི་ཨི་ནི་གང་ཞིག་ཨིཏ་ཀྱི་མིང་ཅན་དེ་ནི་དབྱི་འོས་ཕྱིས། ཨུ་པ་ངྷཱ་ཐུང་ངུའི་འོ་ཞེས་པས་བྱིངས་རྀ་རང་གི་ཡོན་ཏན་ཨར྄་དུ་སོང་དྲངས་པས་ཨཪྵ། ད་ལ་སི་བྱིན། ཨཏ྄་ལས་ཨམ྄་འོས་སི་ཨམ྄། ཨམ྄་ཤསྱོ་དག་གི་ཨའོས་ཨམ྄་གྱི་ཨ་ཕྱིས། མ་ནི་རྗེས་སུ་ང་རོ་འོས་མ྄་རྗེས་སུ་ང་རོར་བྱས་པ་ཨཪྵ་གཙུག་ལག་སྟེ་དྲང་སྲོང་བཀའ། ཨིཎ྄་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག ཨུཎ་ལ་སོགས་པ་ནི་རྟག་ཏུ་འོས། བྱིངས་གོང་གསལ་ལ་ཀྟ་ཀྟ་བ་ཏུ་འོས་ཀྟ་བྱིན། ཀ་ནི་ཨུས་མ་ཡིན་པའི་ཀིཏྲ་དིཏྲ་ལའོ་ཞེས་པའི་དོན་ཏེ་ཕྱིས། བྱིངས་ཀྱི་རྗེས་འབྲེལ་ཎ་ནི། ཨ་ནུ་དཱཏྟ་དིཏྲ་དག་གི་ཨཱོཏའོ་ཞེས་པ་ལྟར་བདག་དོན་གྱི་བྱིངས་ཀྱི་མཚན་མ་ཡིན་པས་ཕྱིས། པ་ཙ་ལས་བ་འོས་ཀྟའི་ཏ་བར་བསྒྱུར། བ་ནི་ཀ་ང་འགྲོ་བ་ཡིན་པས་བྱིངས་ལ་ཡོན་ཏན་མ་ཐོབ་པས་ཨི་བ་བཞི་ནི།༡༠m༣ པྲཱ་རབ་ཏུ་རྫོགས་པར་བྱེད་པ་ལའོ་ཞེས་པའི་བྱིངས་བཞག ཀྟི་འོས་ཀྟི་བྱིན། ཀ་ནི་ཨིཏྲ་ཡིན་ཏེ། གང་ཞིག་ཨིཏྲ་ཀྱི་མིང་ཅན་དེ་ནི་དབྱི་འོས་ཕྱིས། ངེས་པའི་ཚིག་ལས་ཡི་གེ་ཉམས་པ་ཡོད་དོ་ཞེས་པས་བྱིངས་མཐའི་ཨཱོ་རིང་ཆ་ཉམས་པར་བྱས་པ་པྲ་ཏི། ཡོངས་གྲགས་སོ་སོ། ཨི་ཥི་འདོད་པ་ལའོ་ཞེས་པའི་བྱིངས་བཞག ཆོག་འབྱུང་ལིང་གི་ཡཱཏྲ་བྱིན། བྱེད་པ་བོ་ལ་ཨཔ་འོས་བར་དུ་ཨཔ྄། ཨཔ྄་ཀྱི་པ་ནི། ནུ་དང་ཨུའཾ་པ་ལའོ་ཞེས་དང་གཉིས་ལས་བྱིངས་པ་འགྲོ་བ་ལ་ཨུ་པ་ངྷཱའི་ཡོན་ཏན་ནོ་ཞེས་པའི་དོན་ཡིན་པས་ཕྱིས། འདིར་ཡོན་ཏན་མི་དགོས་ཏེ་ཧ་སའི་མཐའ་ཅན་ཡིན་པས་སོ།། བྱིངས་མཐའི་ཨུ་ནི། གང་ཞིག་ཨིཏྲ་ཀྱི་མིང་ཅན་དེ་ནི་དབྱིའོ་ཞེས་པས་ཕྱིས། གམ྄་རྣམས་ཀྱི་ཚའོ་ཞེས་པས་ཥ་ཚར་བསྒྱུར། ཚ་ཡིའོ་ཞེས་པས་ཚ་གཉིས་སུ་སོང་། ཁ་ས་ལ་ཛྷ་ཐ་རྣམས་ཀྱི་ཙ་པ་འོས་ཚ་གོང་མ་ཙར་བསྒྱུར། ཨ་ལ་ཡའི་འོ་ཞེས་པས་ཡཱཏྲ་ཀྱི་ཡཱ་ཨཱ་རུ་སོང་། ཨ་ཨི་ལ་ཨེའོ་ཞེས་པས་ཨ་དང་ཨཱི་གཉིས་དྲིལ་ཏེ་ཨེར་བསྒྱུར་དྲངས་པ་ཨིཙྪེཏྲེ། གོང་གི་པྲ་ཏི་དང་སྦྱར་བས་པྲ་ཏཱིཙྪེ་ཏ྄་བླང་བར་གྱིས་སམ་ཨིཙྪ་འདོད་ཡཱཏ྄་རིགས་ལྟ་བུ། དེ་ལ་ཐད་འགྱུར་དབང་བཏང་ན། གང་ཞིག་རྣམ་པར་གཡེང་མེད་ཡིད་ཅན་གྱིས་བཤད་པ། སྟོན་པ་གཅིག་པུ་རྒྱལ་བས་ཤིན་ཏུ་བསྟན་པ་ཡི།། ཐར་བ་ཐོབ་བྱེད་ཚོགས་དང་ཇི་ལྟ་བཞིན་མཐུན་པ།། དེ་ཡང་གཙུག་ལག་བཞིན་དུ་སྤྱི་བོར་བླང་བར་གྱིས་ལྟ་བུའང་འབྱུང་སྟེ་ལོ་ཙཱ་བས་དོན་འགྱུར་ལུགས་སུ་བཀྲལ་བ་དང་བཅས་པ། -189གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གི །  དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད།།  -190ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ།། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བླངས།། བསྟན་བཅོས་གང་ཞིག་རྒྱལ་པས་སྟོན་པའམ་གསུངས་པའི་ལུང་འབའ་ཞིག་གི་དབང་དུ་བྱས་ནས་དོན་དེ་བརྗོད་ཀྱིས། རང་གི་རིགས་པ་དང་ལྡན་པའི་སྤོབས་པས་བརྗོད་པ་མ་ཡིན་ལ། འོན་ཀྱང་སྟོན་པའི་ལུགས་ལྟར་ཡིན་ནམ། ཕྱི་རོལ་དབང་ཕྱུག་ལ་སོགས་པས་བྱས་པའི་ལུགས་ལྟར་ཡིན་ནམ་སྙམ་པའི་ཕྱི་རོལ་བའི་ལུགས་ལ་སེམས་སམ་རྩོམ་པ་པོའི་གཞན་ལ་ཀུན་སློང་གི་ཁྱད་པར་དང་རང་ཉིད་ལ་རྙེད་པ་བཀུར་བསྟི་དང་གྲགས་པ་ལ་བལྟ་བ་སོགས་འདུ་འཛི་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཤད་པ། གང་གི་ཚེ་དེའི་དོན་ཙམ་དང་མཐོ་རིས་ཀྱི་དོན་ཙམ་སྟོན་པ་མ་ཡིན་པར་ཐར་བ་མྱང་འདས་ཀྱི་ས་ཐོབ་པའི་ལམ་དང་རྗེས་སུ་མཐུན་པར་བསྟན་པ་གང་ཡིན་པ་དེ་ཡང་དྲང་སྲོང་གི་བཀའ་སྟེ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་བཞིན་སྤྱི་བོར་བླངས་ཤིང་བཟུང་བར་བྱའོ།།

X