//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > སྡེ་སྲིད་ཁོག་འབུབས། > ནང་དོན།

གསོ་རིག་རྒྱུད་བཞི་བཀའ་ཡིན་ཚུལ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 9:59:25 ཀློག་གྲངས། 36 

སྐབས་དོན་རྒྱུད་ཆེན་འདི་ཉིད་ནང་དོན་དང་སྦྱར་ན་གཡུ་ཐོག་ཆེན་པོ་ལ་སྨན་བླས་གསུངས་པའི་གསང་བའི་གནས་སོགས་དོན་ལ་གནས་མོད། ཕྱི་ནང་སོགས་སྤྲོས་པ་དང་བཞེད་པ་ཇི་སྙེད་དུ་གྱུར་པ་རྣམས་དང་སྦྱོར་ན། ཕྱི་གོང་དུ་བརྗོད་པའི་དྲང་སྲོང་གི་གནས་རྣམས་གང་མོས་སུ་བྱས་ཀྱང་འགལ་བ་ཆེར་མེད་རུང་། དོན་ཚད་གྲུབ་ལྟར་སྣང་དུ་བདག་གི་བླ་མ་ལྔ་པ་ཆེན་པོའི་བཞེད་པ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་འཁྲུངས། ནང་གསང་གཡུ་ཐོག་རྙིང་མའི་རྣམ་ཐར་དུ་སྨན་རྒྱལ་གྱིས་གསུངས་པ་གོང་སོང་ལྟར་དང་། སྟོན་པས་སུམ་ཅུ་རྩ་གསུམ་སོགས་སུ་གསུངས་པའི་སྔགས་རྒྱུད་རྣམས་སུའང་གདུལ་བྱའི་དབང་གིས་མིའི་འགྲོ་བ་འདུལ་བའི་ཐབས་ཚུལ་སྣ་ཚོགས་གསུངས་པ་བཞིན། རྒྱུད་འདི་ཨོ་རྒྱན་གྱི་ཡུལ་དུ་གསུངས་ཀྱང་གངས་ཅན་ཡུལ་དུས་དང་མཚུངས་པར་གསུངས་པའི་ཆོས་དུ་མ་འབྱུང་བར་སོམ་ཉི་མ་དགོས་རུང་རྟོགས་དཔྱོད་མཁན་པོ་རྣམས་ལ་འཆད་བདེ་བའི་ཕྱིར་དེར་མ་འདུས་པ་གངས་ཅན་ཡུལ་དུས་ཀྱི་གཡུ་ཐོག་ཆེན་པོས་རྩ་རྒྱུད་ཀྱི་ལེའུའི་གྲངས་དང་། བཤད་རྒྱུད་དུ་ཇ་དང་སྨན་ཟས་ལེའུ་སོགས་སུ་ཐོར་བུའི་བསྣན་ཁ་དང་བཅོས། ཕྱི་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟག་པ་དང་མ་བུ་དགྲ་གྲོགས། ཇ་དཀར་ཡོལ་ལ་སོགས་པ་དང་། མན་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ཁ་དང་ཞུས་ལེགས་པར་དག་པར་མཛད་པ་རྣམས་ཀྱང་གཡུ་ཐོག་ཆེན་པོ་དེ་ཉིད་ངེས་དོན་དུ་རིགས་འདུས་སྨན་པའི་རྒྱལ་པོའི་སྐུར་བཞེངས་པར་མ་ཟད། རྣམ་པའི་སྒོ་ནས་ཀྱང་གོང་དུ་བཤད་པའི་རྩོམ་པའི་རྒྱུ་ཀུན་ཚང་ཞིང་། མཛང་མ་ཁང་སྙིང་ཏིག་གི་ལོ་རྒྱུས་འདྲེན་བྱེད་དགེ་བའི་ལྕགས་ཀྱུར། དེ་དག་རྣམས་ཀྱང་རྗེ་གཡུ་ཐོག་པ་རྣམ་པ་གཅིག་ཏུ་སིངྡྷ་རྣམ་པ་གཉིས་ལུས་ཐོག་འདིར་ཐོབ། ཡི་དམ་ལྷ་རྣམས་ཀྱིས་ལུང་བསྟན་རྗེས་སུ་གནང་པ་བྱིན་པ་ལ་བརྟེན་ནས། གསང་སྔགས་བླ་ན་མེད་པའི་རྒྱུད་དང་བྱིན་རླབས་ཁྱད་པར་སྤུ་ཙམ་མེད། ཅེས་དང་། རིགས་གསུམ་མགོན་པོ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་པ་ལ་ལྷ་དང་ལྷ་མོ་དཔག་ཏུ་མེད་པའི་མཆོད་པ་འབུལ་བ་དང་བཅས་མདུན་གྱི་ནམ་མཁར་བྱོན་ནས། ཨ་ལ་ལ་རྒྱུད་ཆེན་པོ་འདི་ཉིད་མ་འོངས་པ་ན་ལུས་ཅན་རྣམས་ཀྱི་སྐྱབས་བླ་ན་མེད་པའི་ཡུལ་དུ་འགྱུར་ཅིང་། འདི་ཉིད་བཞུགས་པའི་ཡུལ་ཕྱོགས་ཐམས་ཅད་བཀྲ་ཤིས་ཞིང་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར། འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཉན་པ་དང་། ཀུན་ཏུ་བྱང་ཆུབ་པར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་སྟོན་པ་དེ་དག་ཀྱང་ནི་རྒྱལ་བ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར། ཐ་ན་གཞུང་འདིའི་ཚིགས་བཅད་བློར་ཟིན་པ་དེ་དག་ཀྱང་སླར་འཁོར་བར་ལྷུང་བར་མི་འགྱུར་ཞིང་། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་འབྱང་པར་འགྱུར། ཞེས་གསུངས་ཤིང་། དེ་ལྟར་བསྣན་ཁ་མཛད་པ་རྣམས་བཀའ་དང་བསྲེས་ཏེ་དབྱེ་བ་མེད་པར་མཛད་པ་ནི། སྙིགས་དུས་ཀྱི་སྐྱེ་བོ་དོན་ལ་མི་དཔྱོད་ཅིང་ཚིག་ལ་ལྟ་བ་རྣམས་ཀྱི་ངོར་བློ་དྲང་བའི་ཕྱིར་ཡིན་ལ། དེ་ལ་ཉེས་པ་མི་འཇུག་པ་ནི། བཀའ་གདམས་ཐིག་ལེ་བཅུ་དྲུག་ཇོ་བོ་ཡབ་སྲས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་གྱི་རོལ་གར་ལས་ཤར་ནའང་། དོན་གྱི་བརྒྱུད་པ་རྡོ་རྗེ་འཆང་ནས་སྙེག་དགོས་པ་བཞིན་ཡིན་པར་བདག་གི་བླ་མ་ལྔ་པ་ཆེན་པོས་བཞེད་པ་ལྟར་རོ།། རྒྱུད་བཞིའི་འཆད་ཐབས་སུ་ཆ་ལག་ཡིག་རྙིང་འགའ་ཞིག་ཏུ། ཡིད་བཞིན་ནོར་བུའི་རྒྱུད་ཆེན་འདི་ཉིད་ལ།། མེད་ཐབས་མེད་པ་གཅེས་པའི་བུ།། བཅུ་དང་གསུམ་གྱི་གྲངས་བསྟན་པ།། རྒྱུད་ཀྱི་ཁོག་པ་འབུབས་པ་ལ།། ཁོག་འབུབས་ཉི་འོད་རབ་གསལ་ཡོད།། ཅེས་སོགས་རྒྱུ་མཚན་དང་བཅས་པའི་ས་བཅད་ཤེས་རབ་ཉིན་བྱེད ཁ་སྐོངས་ལུས་ཀྱི་བུ་ཡིགགང་བ་སྙིང་གཏམ་གྱི་སྐོར གབ་ཡིག་མིང་དོན་བརྡ་སྤྲོད བཞི་བརྒྱ་རྩ་བཞིའི་བསྡུས་ཚུལ ཟད་འཕེལ་བྱེད་པའི་འབྲུ་འགྲེལ ཉེས་པ་གསུམ་གྱི་འབྲུ་འགྲེལ མགོ་ཆག་ཟླུམ་བཅོས་ཤོག་གཅིགགཉན་ལྷོག་བཅོས་ཐབས་རིགས་གསུམ༡༠ དྲང་སྲོང་གཟའི་བཅོས་ཐབས༡༡ དབང་པོ་རིལ་བུའི་བརྟག་ཐབས༡༢ ཕན་བྱེད་སྔགས་འབུམ་༡༣རྣམས། དཀར་ཆག་འཕྱུགས་མེད་དམ་པ་ཞེས་པར་བཤད་འདུག་པ་དང་། བཅོ་བརྒྱད་དུ་འདོད་པའི་ཕྱོགས་ལ། ཁོག་འབུབས་ཁྱུང་ཆེན་ལྡིང་བ། སྟོང་ཐུན་མཛེས་པའི་འཇའ་རིས། ས་བཅད་སྟག་མོའི་རྔམ་ཐབས ཊིཀྐ་ཊཱ་ཀཱམུན་སེལ་སྒྲོན་མེ འགྲེལ་བ་འབུམ་ནག་གསལ་སྒྲོན རྩོང་རྩོདབཟློག་གེགས་སེལ་འཁོར་ལོ སྐོར་ཚོམས་སྟོང་ཐུན་བཅུ་གཅིག མིང་དོན་བརྡ་སྤྲོད་རྣམ་ལྔ ལག་ལེན་རིན་ཆེན་གཏེར་སྤུངས ཁ་ཐོར་རིན་ཆེན་སྤུངས་པ༡༠ ལག་ལེན་སྨར་དམརའཁྲིད་ཡིག་ཆུང་༡༡ མེད་ཐབས་མེད་པ་རྣམ་གསུམ༡༢ གབ་པ་བཅོ་བརྒྱད༡༣ ཟབ་པ་རྣམ་གསུམ༡༤ མཁས་ཁྱད་ངོ་མཚར་བཞི་སྤྲུགས༡༥ རྒྱུད་ཆུང་བདུད་རྩི་སྙིང་པོ༡༦ གསོ་དཔྱད་མུ་ཏིག་འཕྲེང་བ༡༧ ཕན་བྱ་སྔགས་འབུམ་དཀར་པོ་༡༨དང་བཅོ་བརྒྱད་དུ་བཤད་པའི་ཕྱི་མ་གྲགས་ཆེ་བ་ལྟར་གྱི་ད་ལྟ་བར་དུ་འཁོད་པ་རྣམས་འགྲེལ་བ་འབུམ་ནག་མ་འབྱོར་བར་འབུམ་ཆུང་གིས་གོ་བཅད་པ་དང་། ངོ་བོ་ཇི་ལྟར་རུང་མིང་མཐུན་པ་རྣམས་ཀྱང་དེའི་སྐབས་མ་དཔེ་དག་མིན་ཅི་རིགས་ལས་ཕྱག་ཏུ་མ་འབྱོར་བ་ནས་ཞབས་བསྐུལ་ཞུ་མི་རྣམས་ཀྱི་བསྡོས་དྲག་གི་སྐྱོན་ཙམ་དང་། པར་དུ་མ་འཁོད་པ་ཕྱིས་དཔེ་འབྱོར་བ་ཆ་ལག་གི་གྲས་ཡིན་ངེས་སྔོའི་མན་ངག་འཁྲུལ་སེལ་སྒྲོན་མེ། གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གཉིས་དང་། བར་འཁོད་གྲས་ནས་སྐོར་ཚོམས་སྟོང་ཐུན་བཅུ་གཅིག ལག་ལེན་སྨར་དམརའཁྲིད་ཡིག་ཆུང་། གབ་པ་བཅོ་བརྒྱད། མེད་ཐབས་མེད་པ་རྣམ་གསུམ། ཁ་འཐོར་རིན་ཆེན་སྤུངས་པ། ཁྱད་པར་ཟབ་པ་རྣམ་གསུམ། མཁས་ཁྱད་ངོ་མཚར་བཞི་སྤྲུགས། བདུད་རྩི་སྙིང་པོ། མུ་ཏོག་ཏིགའཕྲེང་བ་རྣམས་གཡུ་ཐོག་པ་རང་གི་གསུང་ཡིན་པར་ཕལ་ཆེར་བཞེད་རུང་། བརྒྱུད་པའི་རྣམ་ཐར་མེད་ཐབས་མེད་པ་ཞེས་པ་འདིའི་སྟོད་ཆའི་ཤློ་ཀ་འགའ་ཞིག་གཡུ་ཐོག་པའི་གསུང་ཡིན་དུ་ཆུག་ཆུགསཀྱང་། བྱིངས། དྲང་སྲོང་གཡུ་ཐོག་མགོན་པོ་དེས།། ཞེས་དང་། ཁོ་བོ་རུ་མཚམས་སུམ་པའི་བུ།། ཞེས་སུམ་སྟོན་ཡེ་ཤེས་གཟུངས་ཀྱི་གསུང་དུ་གདོན་མི་ཟ་ཞིང་། བར་དུ་སུམ་སྟོན་གྱི་གསུང་མིན་པར་དོགས་པ་འབུམ་ཆུང་འཁོད་འདུག་སྟེ་རྩ་བའི་དཀར་ཆག་དང་བསྟུན་ན་འགྲེལ་བ་འབུམ་ནག་སུམ་སྟོན་གྱིས་མཛད་ངེས་རྣམས་ཆ་ལག་གྲས་ཡིན་ལ། གཞན་མ་པར་རྣམས་འཁོད་ནས་ཊིཀྐ་ཊཱ་ཀཱམུན་སེལ་སྒྲོན་མེ་དང་མིང་དོན་བརྡ་སྤྲོད་རྣམ་ལྔ་བཻ་རོས་མཛད་པར་གྲགས་པ་དངོས་དེ་ཡིན་མིན་ཇི་ལྟར་ནའང་གོང་སོང་དང་། གཞན་མ་རྫ་ཡེ་ཤེས་གཟུངས། ཤག་རམ་པ་ཉི་མ་དཔལ། འབལ་སྨན། བྲང་ཏི། རོག་སྟོན་དཀོན་ཅོག་སྐྱབས་སོགས་བོད་སྔ་རབས་པ་ཤེས་བྱ་ཆེ་ཆུང་རིགས་པས་བྱས་སམ་སྙམ། གཞན་ཡང་སྨན་པའི་རྒྱལ་པོ་གཡུ་ཐོག་པ་དེས། སྔོ་འབུམ་ཆེན་མོ། མན་ངག་གི་སྙིང་པོ་དྲིལ་པ་འབུམ་ཁུ་ཚུར། ཐོར་བུ་མེ་ལེན། དེབ་ཆིངས་སྒྱོགས་སོགས་ཀྱི་དཔེའུ་དཔེརིས། བྱང་ཁོག་གི་རྩ་པྲ། སྨུག་པོ་གསོ་བ་ཆུ་རྒྱུན་གྱི་གདམས་པ། ལག་ལེན་པོད་ཆུང་། ཆུའི་འཁོར་ལོ་དང་པྲ་གསལ་བའི་མེ་ལོང་། བུ་དོན་མ། འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ། དུག་ནད་ཞི་བ། མོ་ནད་བཅོས་ཐབས་ཡིག་སྣ་བཅུ་བཞི་པ། གཟེར་སྨན་གཉེན་པོ་ལྔ་སྦྱོར། སྨན་པའི་བྱ་བ་མདོར་བསྡུས་པ་སོགས་མཛད་དེ་བོད་གངས་ཅན་མུན་པའི་གླིང་དུ་གསོ་རིག་བསྟན་པའི་སྒྲོན་མེ་སྦར། བདག་གི་བླ་མ་ལྔ་པ་ཆེན་པོའི་བཀའ་ལས། སྐུ་གསུམ་རིགས་འདུས་སྨན་རྒྱལ་རྡོ་རྗེ་འཆང་།། གདུལ་བྱའི་སྣང་ངོར་འཚམ་པའི་ཟློས་གར་ལ།། གཡུ་ཐོག་མགོན་པོར་གྲགས་དེ་ངེས་དོན་དུ།། དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་ལྷུན་གྱིས་གྲུབ།། ཅེས་གསུངས་པ་ལྟར་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་འགྲོ་བ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་དུ་རིགས་འདུས་སྨན་གྱི་བླ་མ་མིའི་གཟུགས་སུ་བྱོན་པ་རྒྱལ་བའི་སྲས་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་ངོ་མཚར་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དངོས་སུ་སྟོན་པར་མཛད་པ་འདིའི་ཐུགས་ཀྱི་དགོངས་པའི་ཀློང་ནས་ཉམས་ཆོས་ཀྱི་ཚུལ་དུ་རྡོལ་པ། དཀར་ཆག་གསལ་བའི་སྒྲོན་མེ་ལས། ཐུགས་རྗེ་ཉི་འོད་ཆོས་ཚན་སུམ་ཅུ་ལྔ།། རྩ་བ་གསུམ་གྱི་ཐུགས་སྲོག་གཅིག་དྲིལ་འདི།། དུས་གསུམ་རྒྱལ་བའི་སྲོག་སྒྲུབ་མཐར་ཐུག་ཡིན།། ཞེས་ཟབ་པ་ལས་ཀྱང་ཆེས་ཟབ་པ་སྙིང་ཏིག་གི་ཆོས་སྐོར། ཀུན་གྱི་ཐུན་མོང་ཐོག་མར་ལོ་རྒྱུས་ནི།། གདུལ་བྱ་ངེས་ཤེས་འདྲེན་བྱེད་ལྕགས་ཀྱུ་ཡིན།། ཞེས་པ་ལྟར་ལོ་རྒྱུས། བདེ་ཆེན་ཀློང་ཡངས་སྐལ་ལྡན་སྨིན་པར་བྱེད།། ཅེས་པ་བཞིན་སྨིན་བྱེད་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་ཅོད་པན། བུམ་པ། དབུ་རྒྱན། གོས་རྒྱན། སྨན་རག་གཏོར་ཚོགས་རྔ་ཆེན། རྒྱུད་བཞིའི་གླེགས་བམ། ཀ་པཱ་ལ་མེ་ལོང་སྨན་བཅོས། གཙགས་བུ། མེ་བཙའ། སྐམ་པ། མཚོན་ཀྱུང་ཀྱོངབུ། ཐུར་མ་སྟེ་ཆ་དཔྱད་ཀྱི་དབང་། རིགས་ལྔའི་ཕྱག་མཚན།ལྷུང་བཟེད། གྲི་གུག ཐོད་ཁྲག་རྣམས་ཕྱིའི་དབང་། རིགས་འདུས་ལྷ་དབང་། ཡེ་ཤེས་ལྔའི་དབང་། དྲང་སྲོང་བཀའ་སྲུང་དང་བཅས་པའི་ནང་གི་དབང་། བྱང་སེམས་ཀྱི་གསང་དབང་། ཕྱག་རྒྱའི་དཀྱིལ་འཁོར་དུ་རིག་པ་བརྟུལ་ཞུགས་ཀྱི་དབང་། རྡོར་དྲིལ་མེ་ལོང་མན་ཤེལ་སོགས་ལ་བརྟེན་ནས་རིག་པ་ཡེ་ཤེས་ཀྱི་དབང་། ལྟ་སྒོམ་སྤྱོད་པ་འབྲས་བུ་ངོ་སྤྲོད་དེ་དེ་ཁོ་ན་ཉིད་ཀྱི་དབང་། འཆི་མེད་ཚེ་དབང་ལྷ་མོའི་རྗེས་གནང་། དྲང་སྲོང་སེར་སྐྱའི་རིག་གཏད་རྣམས། བསྐྱེད་རིམ་ཕྱི་ནང་གསང་བ་དྲིལ་སྒྲུབ་དང་།། ཞེས་ལམ་མཆོག་ཟབ་མོ་བླ་སྒྲུབ་སྐོར།། ཕྱི་གཏོར་ལས་གཞུང་སྨན་གཏོར་ལྷན་ཐབས་ནི།། ཞེས་མགྲོན་ཚིམ་ཞིང་དངོས་གྲུབ་འབྱུང་བ་འཕྲིན་ལས་སྐོར། རྫོགས་རིམ་ཡང་ཟབ་མཁའ་འགྲོའི་སྲོག་སྙིང་འདི།། ཞེས་ཚེ་གཅིག་སངས་རྒྱས་སྒྲུབ་པ་རྫོགས་རིམ་སྐོར། གེགས་སེལ་ལམ་རྟགས་གསལ་བྱེད་གསོལ་འདེབས་ནི།། ཞེས་མ་ཚང་བ་ཚང་བར་བྱེད་པ་ཁ་སྐོང་གི་སྐོར། འཆི་བདག་བདུད་འཇོམས་ལྷན་ཐབས་སྦྱིན་སྲེག་དང་།། ཞེས་བར་ཆད་སེལ་བ་ཚེ་སྒྲུབ་བསྲུང་སྲེག་གི་སྐོར། པྲ་སྒྲུབ་རྗེས་གནང་སྒབ་འདྲེ་མནན་པ་གསུམ།། ཞེས་གཞན་དྲིང་མི་འཇོག་པར་ནད་པ་གསོ་བ་སྨན་གྱི་པྲ་སྒྲུབ་སྐོར། མངོན་རྟོགས་མདངས་བསྐང་གསོལ་ཁ་སྔགས་བྱང་སྲོག། སྤུ་གྲི་དུག་ངར་གནམ་ལྕགས་ཐོག་དང་འདྲ།། བསྟན་པའི་དགྲ་བགེགས་སྒྲོལ་པའི་མཚོན་ཆ་ཡིན།། ཞེས་དགྲ་བོ་ཆམ་ལ་འབེབས་པ་བཀའ་སྲུང་སྐོར་དང་སྡེ་ཆེན་དགུའི་བདག་ཉིད་ཅན་གྱི་ཟབ་ཆས། ཇི་སྐད་དུ། རིགས་འདུས་བླ་མ་སྨན་རྒྱལ་གཡུ་ཐོག་རྗེ།། རྗེ་བཙུན་སུམ་སྟོན་རྣམ་འཕྲུལ་དབང་པོའི་སྡེ།། སྡེ་བཅས་གདམས་པའི་མཛོད་འཛིན་ཀུན་དགའི་དཔལ།། དཔལ་ལྡན་རྡོ་རྗེ་འཆང་དེའི་གསུང་གི་བཅུད།། བཅུད་ལྡན་འཆི་མེད་རྣམས་ཀྱི་བདུད་རྩི་གང་།། གང་ཞིག་སངས་རྒྱས་སར་འཁྲིད་ནུས་ལྡན་ཚེ།། ཚེ་གཅིག་ཀུན་མཁྱེན་སྒྲུབ་པ་ཟབ་མོའི་ཐེག། ཐེག་མཆོག་འདི་ཡི་དཔེ་ཟླར་འོས་སམ་སྙམ།། ཞེས་པ་ལྟར་བདག་གི་བླ་མ་ལྔ་པ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོས་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་བཞེས་ཤིང་། ལས་བྱང་དཔག་བསམ་ལྗོན་ཤིང་བཀའ་རྩོམ་གྱིས་མཚོན་དར་རྒྱས་སུ་མཛད། དཔོན་སློབ་བརྒྱ་ཕྲག་སྐོར་གཙང་གི་ཚོང་འདུས་མགུར་མོར་བཙད་པོ་ཇ་དར་ཡབ་སྲས་ཀྱིས་སྤྱན་དྲངས། དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་བ་བརྩམས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གས་འཁྲིད་ཟླ་བ་ལྔའི་བར་བསྐྱངས། གྲོལ་བའི་དགའ་སྟོན་གྱི་དུས་བཙད་པོས་ཚོགས་འཁོར་དང་འབུལ་བ་རྒྱ་ཆེར་བསྟབས། སྨན་བླ་གསང་སྒྲུབ་ལ་སོགས་པའི་དབང་། རྗེས་གནང་། བྱིན་འབེབས་སོགས་མང་བར་མཛད་པའི་མཐར། ཉིན་གཅིག་ཉི་མ་རྟོད་ལ་མནན། སྐུ་ལུས་ཀྱི་བཀོད་པ་སྣ་ཚོགས་བསྟན། ནམ་མཁའ་གཡའ་དག་པ་ལ་འཇའ་འོད་ཁ་དོག་ལྔ་པའི་གུར་ཕུབ། སྔོན་མ་ཚོར་བའི་དྲི་ཞིམ་པོ་འཐུལ། མེ་ཏོག་འདབ་མ་བཅུ་དྲུག་ཡོད་པ་མཁའ་ལས་བབས། ཁྱད་པར་བཙད་པོའི་ཁང་ཁྱིམ་གྱི་ཉེ་ཀོར་འཁོརདུ་ཨ་རུ་ར་གསེར་མདོག་རློན་པའི་ཆར་བབས། དེའི་ནང་ནས་ཆེ་ཆུང་སྙིམ་པ་ཁ་སྦྱར་ཙམ་ཁ་དོག་སེར་པོ་འཛམ་བུ་ཆུ་བོའི་གསེར་གྱི་མདངས་འཕྲོག་པ་ཞིག་གཡུ་ཐོག་པ་ཉིད་ཀྱི་ཕྱག་ཏུ་བྱུང་། དེར་ཚོགས་ཀུན་གྱིས་ཨ་རུ་ར་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བགོས་པས་མི་རེར་བྲེ་བཅོ་ལྔ་དང་ཕུལ་ཕྱེད་རེ་ཐོབ་སྐད། རྒྱ་གར་དུ་འཚོ་བྱེད་གཞོན་ནུ། གུ་རུ་པདྨ། དཔའ་བོ། དམ་པ། བིཪྭ་པ། སྐྱེས་བུ་མེ་ལྷ། བོད་ཡུལ་འདིར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། དྭགས་པོ་ལྷ་རྗེ་རྣམས་ཐུགས་བརྒྱུད་གཅིག་པ་ལ་དགོངས་པའི་ང་རང་ཡིན་པར་ཞལ་གྱིས་འཆོས། མདོར་བསྡུ་ན། ཀ་ཡེ་གསོན་དང་སྐལ་ལྡན་ཀུན།། ལགས་ལེགསཔར་གསན་དང་འཇིག་རྟེན་མི།། ལྷག་པར་འདིར་ཚོགས་ལྷ་མི་རྣམས།། ཁྱེད་སྔོན་ཆད་མ་ཉན་དགུ་ཉན་ཡང་།། འཁྲུལ་ཚིག་ཅལ་ཅོལ་ལུང་མ་བསྟན།། དེ་རིང་ཉན་པ་དོན་ཆེན་ཡིན།། སྔོན་ཆད་མ་བལྟས་དགུ་བལྟས་ཀྱང་།། རྫུན་སྣང་འཁྲུལ་བའི་རི་མོ་ཡིན།། དེ་རིང་བལྟོས་དང་སྒྲིབ་གཉིས་འདག། མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན།། ང་བདེ་གཤེགས་ཀུན་གྱི་ཕོ་ཉ་ཡིན།། ལུས་ཅན་ཀུན་གྱི་སྐྱབས་མགོན་ཡིན།། བརྟན་གཡོ་ཤེས་བྱ་གར་ཁྱབ་ཏུ།། ང་ཡི་ལུས་ངག་ཡིད་ཀྱིས་ཁྱབ།། སྒྱུ་ལུས་གཟུགས་ཀྱི་ཕུང་བོ་འདི།། ཡི་དམ་ལྷ་ཚོགས་ངོ་བོར་གྲུབ།། སྙིགས་མ་བརྡོས་བཅས་རང་སར་དག། འཇའ་ཚོན་ལྟ་བུར་ངོས་བཟུང་མེད།། ཆུ་ཟླའི་གར་བཞིན་ཅི་ཡང་འཆར།། ངག་གྲག་གྲགསསྟོང་བྲག་ཅའི་གླུ་དབྱངས་ལ།། བརྒྱད་ཁྲི་བཞི་སྟོང་ཆོས་སྒྲ་སྒྲོག། གང་ལ་གང་འདུལ་ཆོས་ཆར་འབེབས།། སེམས་ཅན་སྨིན་གྲོལ་ལམ་ལ་འགོད།། སེམས་གསལ་སྟོང་སྤྲོས་བྲལ་གཉུག་མའི་ངང་།། བདེ་ཆེན་ཁྱབ་བརྡལ་རྒྱུན་ཆད་མེད།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པས།། སྤྲོས་མཚན་རང་སར་གྲོལ་ནས་གདའ།། ཞེས་སོགས་དང་། བདག་འདྲ་གཡུ་ཐོག་མགོན་པོ་ཡིས།། མི་ལོ་བདུན་ཅུ་རྩ་དྲུག་ཏུ།། རིན་ཆེན་གསོ་དཔྱད་སྲོག་བཞིན་བསྐྱངས།། ཞེས་པ་ལྟར་དགུང་ལོ་བདུན་ཅུ་དོན་དྲུག་གི་རིང་འགྲོ་དོན་ལེགས་པར་མཛད་དེ་སྐུ་ལུས་མ་སྤངས་པར་ཁ་སྤྱོད་ཀྱི་གནས་སུ་གཤེགས་པའི་ཚུལ་ཡང་།། ད་ལྟར་བཞུགས་དང་སླད་ཀྱིས་འབྱོན།། བུ་དང་སློབ་མས་དེ་ལྟར་དགོངས།། རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས།། ད་ནི་མཁའ་སྤྱོད་གནས་སུ་འགྲོ།། ཞེས་པ་ལྟར་དང་།

X