//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་དང་པོ། རླུང་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:07:25 ཀློག་གྲངས། 104 

དེ་ལ་དང་པོ་རླུང་ནད་སྤྱིའི་སློང་རྐྱེན། སེམས་ལས་ཆེ་བ།ཁྲག་ཟག་ཟགསཔ། འཁྲུ་སྐྱུག་མང་བ། རིག་པ་གཅུན་དྲག་དྲགསཔ། ཟས་བཅུད་མེད་དང་སྐོམ་འཁྱག་པ་མང་བ་སོགས་ཀྱིས་སློང་། ནད་གཞན་རྣམས་ཀྱི་སྣ་འདྲེན་དང་མཇུག་སྡུད་ཀྱང་བྱེད་པས་དུས་རྒྱུན་དུ་རླུང་ལ་ཟོན་བྱེད་དགོས། ནད་རྟགས་གཡལ་མང་། གཉིད་ཡེར། མགོ་བོ་འཁོར། རྣ་བ་འུར། སྙིང་དང་རོ་སྟོད་དཔྱི་རྐེད་སོགས་ན་ཞིང་གཟེར་བ་ངེས་མེད་དུ་འཕོ། གྲང་ཤུམ་དང་འདར་གཡེང་བྱེད། རུས་ཚིགས་ཁོལ། སེམས་འཕྱོ་དགོངས་དང་ཐོ་རངས་ལྡངས་ལྡངཞིང་སྦུ་ལྦུསོབ་ལུ། རྩ་མགྱོགས་དལ་མ་ངེས་ཀྱང་མནན་མི་བཟོད་པར་སྟོང་པ་ཆུ་སྟེང་རྐྱལ་བ་བུས་པ་བཞག་པ་དང་མཚུངས་ལ། སྐབས་སུ་སྡོད་ཆུང་ཡང་བྱེད། ཆུ་སྔོ་ཞིང་སླ་ལ་སྦུ་ལྦུབ་ཆེ། དྲི་རོ་རླངས་པ་ཆུང་། ཚད་གཞུག་སོགས་ལ་དམར་སེར་དུ་ཡོད་ཀྱང་ཀུ་ཡ་མེད་ལ་དྭངས་ན་རླུང་ཡིན། ལྕེ་དམར་ལ་སྐོམ་སྐམཞིང་ཟུར་དུ་འབྲུམ་ཕྲན་ཧྲོབ་ཙམ་འབྱུང་། དེ་ལ་སྨན་ཤིང་ཀུན་ཉེར་ལྔ། ཨ་གར་སོ་ལྔ། ཛཱ་ཏི་བཅུ་བཞི་སོགས་སྤྱི་འགྲོ་འཕྲོད།ནད་གཞན་དང་འདྲེས་པར་དོགས་པ་ལ་ཨ་གར་བཅོ་ལྔ་ལགསལེགས སྨན་རྟ་ཆང་དང་རུས་ཁུ་ལ་བྱ། ཤ་རྙིང་བུར་ཞོ་སོགས་དྲོད་བཅུད་བསྟེན། དྲོ་སར་བསྡད་ཅིང་སྨྲ་བརྗོད་མང་པོ་སྤང་། ཚིག་མི་སྙན་པ་མི་སྨྲ། རླུང་གསང་སྤྱི་གཙུག ཚིགས་པ་དྲུག་བདུན།བྲང་གཞུང་། གཉའ་ལྟག རྐང་ལག་གི་མཐིལ་བཞི་སོགས་ལ་ཛཱ་ཏི་མར་སྦྱར་རམ་ཕྱེ་འཕུར་བྱུགས། ཡང་ན་ཧོར་གྱི་མེ་བཙའ་ཞེས་གོ་སྙོད་འབྲས་བུའི་ཕྱེ་མ་དང་ཕྱེ་འཕུར་སྦྱར་བ་རས་ཐུམ་བྱས་ཏེ་མེ་ལ་ཚན་མོར་བསྲོས་པས་དེ་རྣམས་སུ་དྲོད་དུགས་བྱ། སོ་ལྔ་དང་རྩམ་པ་བསྲེས་པའམ་རྩམ་བདུག་རྐྱང་པས་ཀྱང་ཕན་ནོ། །

རླུང་དང་ཁྲག་མཁྲིས་བསྡོངས་པ་ཁྲག་རླུང་ཡིན། རྩ་ཆུ་སོགས་རླུང་གཞིར་བཞག་ཐོག་དབུགས་འཚངས། རོ་སྟོད་མདུན་རྒྱབ་སྦྲགས་པའམ་རྒྱབ་ངོས་གཟེར་ཆེ། སྐབས་རེ་བདེ་ཞིང་སྐབས་སུ་ཐུ་བ་རེས་མོས་བྱེད་པ་ནད་རྟགས་ཡིན་ཡང་། དེང་སང་དུས་དབང་གིས་འདི་ན་མཁན་མང་ཞིང་གདོན་རྒྱབ་ཆེ་བས་ན་ལུགས་དང་ནད་རྟགས་སྣ་ཚོགས་འབྱུང་ཞིང་ངོས་ཟིན་པར་དཀའ་བས། གཟེར་མིག་སྟེང་རྩམ་པ་བྱུག་ན་ཅུང་ཞི་བ་སྙམ་བྱེད་ན་ངས་ངེསཔ་ཡིན། དེ་ལ་འཚངས་ཤས་ཆེ་ན་རླུང་ཤས་ཆེ་བས། མ་ནུ་བཞི་སྟེང་ཀོ་བྱི་བསྣན་པའི་ཀོ་བྱི་ལྔ་ཐང་། ཁྱད་པར་ཀོ་བྱི་བཅུ་གསུམ་ཟབ། ཀོ་བྱི་བདུན་པ། རྡོ་རྗེ་རབ་འཇོམས་རྣམས་ཟབ། གདོན་ཅན་ལ་ཨ་གར་ཉི་ཤུ་དང་སོ་ལྔ་ཟབ་ཀྱང་། སོ་ལྔ་བཏང་བ་ལས་གཟེར་སར་བྱུགས་པ་དང་དུ་ཚགས་སུ་འཐེན་པ་ཟབ། ཡང་ན་ཕན་བདེ་ཆར་རྒྱུན་ནང་ཚངས་པ་དབུགས་སེལ་དུ་གྲགས་པ། གུར་གུམ། བ་ཤ་ཀ ཙནྡན་དཀར་དམར། གུ་གུལ། གླ་རྩི་དྲི་ཐོན་བཅས་ཀྱི་སྟེང་དུ་འུག་པ་ལག་པ་དང་གཟེར་འཇོམས་གང་འཛོམ་ཨར་ནག་བཅས་ཕྱེ་མར་བསྡེབས་ནས་འཐེན་པས་ཕན་ཆེ། སྐབས་འདིར་རླུང་ལ་གནོད་པས་ཙན་དཀར་ཉུང་དགོས། ཤིན་ཏུ་འཚངས་ཆེ་ན་དེ་སྟེང་ཀོ་བྱིའི་སྤུ་བསྡེབ། དུད་འཐེན་འདིས་ཆམ་པ་སྤོར་འཚངས་དང་གདོང་སྲིན་འཚངས་ཤས་ཅན་སོགས་ལའང་ཕན། གཟེར་ཤས་ཆེ་ན་ཁྲག་སྟོབས་ཆེ་བས་སྐྱུ་རུ་ཉེར་ལྔ་འཕྲུལ་འཁོར་ཅནརྒྭ་ལོ་སྐྱུ་རུའི་ཁ་ཚར་ཅན། མན་ངག་བསིལ་སྦྱོར། བདུད་རྩི་གསུམ་སྦྱོར་སྟེང་རུ་རྟ་ཨ་བྱག་གཟེར་འཇོམས་ཧོང་ལེན་བསྣན་པ་ཟབ། ལུས་བྱིངས་གཟེར་ངེས་མེད་བྱེད་པ་ལ་ཨ་གར་སོ་ལྔ། ཕྱི་རྒྱུད་ཨར་བརྒྱད་སྟེང་ཀོ་བྱི་ལ་སྤུ་བཞར་བསྣན་པ། ཀོ་བྱི་ལྔ་ཐང་དང་གསེར་ཐང་བཅོ་བརྒྱད། བརླ་རྐང་དཔྱི་རྐེད་དུ་གཟེར་མིག་འཕོ་བ་ལ་ཕྱེ་འཕུར་བྱུགས་ན་ཕན། རྐང་ནད་ཀྱི་སྨན་དང་བྱུག་པ་གཏན་ནས་མི་རུང་། ཁྲག་རླུང་སྨད་དུ་བབས་ན་འབམ་དུ་འགྱུར་བ་ཡིན། སྟོད་སྨད་གང་དུ་གཟེར་ཡང་ཨ་གར་བཅོ་ལྔ་འཕྲོད། སྟོད་སྨད་སྤྱི་སྨན་ཡིན་པས་གཞན་གནོད་མེད། ཁྱད་པར་སྟོད་འཚངས་གཉན་དང་བསྡོངས་པ་ལ་སྨན་གང་བྱུང་བཏང་མི་རུང་ཞིང་སྲོག་འཛིན་ནོར་བུ་ཟབ། ཨ་གར་བཅོ་ལྔས་དེ་ལའང་མི་གནོད་པས་ཐོག་མར་བཏང་ན་ངོས་འབྱེད། ཁྲག་རླུང་ཆམས་ཆམཔ་དང་བསྡོངས་ན། མ་ནུ་བཞི་ཐང་། ཀོ་བྱི་ལྔ་ཐང་། སྤྲིན་བྲལ་ཟླ་ཟེར། བསིལ་བཅུད་བཅོ་ལྔ་རྣམས་དང་། བདུད་རྩི་སུམ་སྦྱོར་ལ་སླེ་ཏྲེས། ཀཎྡྲི་ཀ་རི། ཨ་གར་བསྣན་པ་ཟབ། འདི་ཁྲག་རླུང་རིགས་སྤྱི་ལའང་འཕྲོད་ཆེ། ཁྲག་རླུང་གིས་མགོ་གཟེར་ན་སྨན་རྣམས་ཐོད་རུས་བཅུ་པའི་ཐང་གིས་ཕུལ།

སྙིང་རླུང་ཚིག་པ་ཟ། དོན་མེད་པར་སེམས་སྡུག གཉིད་ཡེར་བའི་རིགས་ལ་གདོན་རྒྱབ་མེད་པ་ཆེར་མེད་ཀྱང་། ཞུད་ཆེ་ཆུང་ཡོད་པས། གདོན་ཆེན་རིགས་ལ་རིམ་གྲོ་གཙོར་བྱེད་དགོས། གཟེར་ཆེ་ན་འབྲོང་རྩེ་ཨར་བརྒྱད་ཀྱིས་ཟུག་གཅོག རྒྱུན་སྨན་ལ་ཨ་གར་ཉི་ཤུ་སོགས་ཨ་གར་རིགས་གང་འོས་དང་། ཁྱད་པར་རྒྱུད་ཀྱི་སྲོག་འཛིན་བརྒྱད་པ། བྱེ་རིང་སེམས་ཀྱི་བདེ་སྐྱིད། བི་མ་ལ། སྲོག་རླུང་འཇོམས་རྡོར། རྡོ་རྗེ་རབ་འཇོམས་རྣམས་མྱོས་ཁུའམ་རུས་ཁུ་གང་རུང་གིས་ཕུལ། ཡང་། ཨར་ནག ཛཱ་ཏི། སྙིང་ཞོ་ཤ རུ་རྟ་སྤོས་དཀར། ཤ་ཆེན་བཅས་ཨར་ནག་དྲུག་སྦྱོར་སྙིང་རླུང་སྤྱི་ལ་ཕན། སྨན་དང་ཟས་སྤྱོད་བསིལ་གྱི་རིགས་འགྲོ་མི་རུང་། ཟླ་བ་གསུམ་བཞི་སོང་ནས་བཙན་དུག་སྨན་མར་བསྟེན་པ་ལེགས་ཀྱང་ཤེས་རབ་ཅན་ལ་གནོད་གསུངས། རིམ་གྱིས་ཇེ་དྭངས་སོང་ན་རྗེས་གཅོད་ནུ་གསང་ཁ་བཞི། དཀར་ནག་མཚམས། ཚིགས་པ་དྲུག་བདུན་རྣམས་མེ་བཙའ་བཙསབསྡམ་དགོས་ཀྱང་ཧ་ཅང་བསྲེག་སྔ་མི་རུང་། མ་ཐུབ་རྐང་མཐིལ་རྒྱུ་རྩ་གཏར། རྒྱལ་གདོན་དང་བསྡོངས་ན་ཁྱུང་སྟེང་ཛཱ་ཏི་བསྣན་པ་གསང་ནས་གཏོང་བ་དང་། གྲི་སྙིང་ཚད་ལྡན་མ་ཚོར་བར་སྦྱིན་པ་ཟབ། །

ཆམས་ཆམགཞུག་ལྟ་བུར་དགོང་མོ་ཤིན་ཏུ་ལུ་བའི་གློ་རླུང་ལ།མན་རྒྱུད་ཀྱི་བསིལ་བཅུད་དགུ་པ། འབྲས་གསུམ་བདུན་པ་རྣམས་དང་། དྲང་སྲོང་ཨར་བརྒྱད་བདུན་ཐང་བསྲེས་པའི་བཅོ་ལྔ་ཆང་ངམ་རུས་ཁུས་ཕུལ་བ་ཟབ། ཡུན་རིང་ན་ཚིག་ཚིགསཔ་བཞི་ལྔར་མེ་བཙའ་གདབ། གློ་ཡུལ་ལ་དགོང་མོར་མར་དཀར་བྱུགས།

བད་རླུང་འདྲེས་པས་མགོ་བོ་འཁོར། ཞེན་པ་མི་བདེ་སྟོང་སྐྱུག་བྱེད་པ་ལ་རྒྱུད་ཀྱི་ཨར་བརྒྱད་དང་བདུད་རྩི་སུམ་སྦྱོར་སྦྱར་བའམ། དེ་སྟེང་ཙན་དཀར་དང་བ་ཤ་ཀ་སྦྱར་བའི་བདུད་རྩི་བཅུ་གསུམ། བདུད་རྩི་སུམ་སྦྱོར་སྟེང་སེ་བའི་མེ་ཏོག་བུངས་མཉམ་བསྣན་པའི་རིལ་དཀར་པད་སྡོང་། ཡང་ན་སུམ་སྦྱོར་སྟེང་མ་ནུའི་བུངས་མཉམ་གྱི་ཨ་རུ་སྐྱུ་རུ། དེ་ལྔ་དང་བུངས་མཉམ་སེ་མེ་བསྣན་པས་ཕན་པ་མྱོང་གྲུབ། ཛཱ་ཏི་ཉེར་ལྔ། ཨ་གར་སོ་ལྔའང་འཕྲོད། ཁྱད་པར་བྱེ་རིང་ལུག་ཀླད་རིལ་བུ་ཡོད་ན་ཟབ་པས་རིལ་བུ་མར་ཁུ་གྲུངས་པར་བཏབ། སྒྲོལ་མ་ཚར་གཉིས་ཀྱི་ཡུན་དུ་བཅོས་བཙོསནས་བཏང་། ལྟག་པའི་སྡུད་སྒོ། མཚོག་གསང་། རྣ་རྩེའི་དབུས་དྲང་པོ་ནས་སོར་རེ་རེ་གཞལ་བ་སྟེ་མགོའི་རྒྱ་བཞི་དང་སྤྱི་གཙུག་ལ་ཚུག་གསེར་དངུལ་ཟངས་རྭ་སོགས་ངར་ནས་ན་སར་གནོན་པ་གམ་མེ་བཙའ་གདབ། དེ་དག་ལ་ཕྱེ་འཕུར་བྱུགས་པས་ཀྱང་གནས་སྐབས་ཙམ་ཕན་ཞིང་ཐུབ་དཀའ་ན་རྫ་མའི་འཁྲུལ་འཁོར་བྱ། རླུང་རྐྱང་གིས་མགོ་འཁོར་ཞིང་ནག་ཐོམ་དང་ཟི་ཆོམ་བྱེད། རྣ་བ་འུར་ཏིང་གྲགས་པ་སོགས་ལ་སྨན་གོང་གསལ་རྣམས་དང་། ལུག་མགོ་ལོ་གསུམ་ལོན་པ་སོགས་རྙིང་པའི་རུས་ཐང་ཁ་ཚར་ཅན་ཞག་ཤས་བསྟེན་རྗེས། སྣ་རྩེ་ནས་རང་སོར་བཅུ་གཉིས་གྱེན་དུ་གཞལ་མཚམས་གསང་དང་། སྤྱི་གཙུག་གི་སྐྲ་འཁྱིལ་དབུས་གཙུག་གསང་བཅས་གཉིས། ལྟག་རུས་འབུར་པོའི་གཤམ་སྣེ་འགའ་ཞིག་ལ་ཀྱོང་ཙམ་ཡོད་པ་ལྟག་པའི་བསྡུད་སྒོ་ཟེར་བ་བཅས་གསུམ་དུ་ལུས་བསྲང་བའི་དབུས་དྲང་པོར་ཚུག་གམ་མེ་བཙའ་གདབ། འདི་རྣམས་ལ་རླུང་སློང་བས་གཏར་ཁ་མི་རུང་ངོ་། །

རླུང་ཁྲག་པུས་མོར་བབས་པ་ཅེ་སྤྱང་མགོ་དང་གཉན་གྱི་སྐྲངས་རྒོད་ནོར་སོ་ཆེ་བས། གཉན་ལ་བ་སྤུའི་ཁུང་བུ་མི་མངོན། རླུང་སྐྲངས་ལ་མངོན་ཞིང་། ཚ་དྲོད་ཆེ་ཡང་སྐྲངས་མདོག་སྐྱ། སྐར་ཆུས་རེག་བྱ་ཉམས་པར་བྲན་པས་གཉན་སྐྲངས་ཡིན་ན་གཟེར་ཞི་འགྲོ།དེ་ལ་གཉན་བཅོས་བྱ། རླུང་སྐྲངས་ཡིན་ན་ཕྱུར་འཕྱུརའོང་བས། ཚྭ་སྒོག་སྐྱ་མར་དཀར། རྩམ་པ་བཅས་ཕྱེ་བོལ་བྱས་ནས་དྲིལ་ཕྱིས་དང་འབྱར་ནན་བྱས་པས་ཞིའོ། །ཁོང་སྨན་སྤོས་དཀར་བཅུ་པ་དང་ཨར་བརྒྱད་སོགས་བསྡེབས་པའམ་ལྟག་སྤྲོད་དུ་བཏང་། །

གོང་ངོས། ཡིག་ཆ་མི་འདུག
X