//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་བཞི་པ། གཅོང་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:12:18 ཀློག་གྲངས། 23 

མ་ཞུ་བའི་ནད་རྒྱུ་རྐྱེན་དྲིས་པས་ཤེས་སླ་ཡང་། ལོ་རྒས་པ་སོགས་ཀྱིས་མེ་དྲོད་ཉམས་ནས་ཟས་ཟོས་མ་ཐག་ན། སྦོ་འཁྲོག་སྒྲེག་པ་སོགས་གྲང་རྟགས་སྟོན་པ་དང་། ཟས་ཟ་ཉེས་ཀྱིས་ན་བ་གཉིས་ཡོད། མ་ཞུ་གསར་པའི་རིགས་ལ་རྩ་སྦོམ་ཞིང་འཁྲང་། མ་ཞུ་རྙིང་པ་ལ་ཤེད་ཆུང་ཞིང་རྩ་རྒྱུད་ཕྲ། ཆུ་ལ་མ་ཞུ་བ་གང་ཡིན་དེའི་དྲི་ངད་ཞིབ་ཏུ་བརྟགས་ན་ཅུང་ཟད་བྲོ། ཁ་ཟས་ཟ་ཆེ་བ་སོགས་ཀྱིས་མ་ཞུ་བ་ལ་ཟས་སྨྱུང་བར་གནས་པ་གལ་ཆེ། སྔ་མ་མ་ཞུ་སྟེང་ཕྱི་མ་ཟོས་ན་སྨན་གྱིས་ཕན་དཀའ། མེ་དྲོད་ཉམས་པ་ལ་དྲོད་སྨན་གལ་ཆེ། མ་ཞུ་སྤྱི་ལ་རྒྱམ་ཚ་བཞི་ཐང་། སེ་འབྲུའི་སྦྱོར་བའི་རིགས། ཅོང་ཞིའི་ཅུར་ནིས། རྒོད་མ་ཁ་ཕྱེ་སོགས་འཕྲོད། མ་ཞུ་གསར་པ་ལ་ཞི་བྱེད་དྲུག་པ། དཀར་པོ་དྲུག་སྦྱོར། བཅོ་ལྔ་དྲག་སྦྱོར་རྣམས་དང་། རྙིང་པ་ལ་རུ་རྟ་དྲུག་པ། གཡུ་དྲིལ། ཟླ་ཤེལ། རྣམ་རྒྱལ་རིལ་བུ་སོགས་བཏང་། ཡུན་རིང་ལོན་ནས་རིན་ཆེན་རིལ་བུ། རིན་ཆེན་མང་སྦྱོར། དབང་རིལ་རྟ་རི་མ།ཤེལ་དཀར་མཆོད་རྟེན་སོགས་དུག་གི་བཅོས་ཁོ་ན་བྱ་དགོས། ལྷེན་སོགས་ལའང་འདི་དང་མཚུངས་ཤིང་མ་ཞུ་བ་འདི་གཅོང་སྡེ་དྲུག་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཐོག་མ་ནས་ཇ་འཁྱག་པ། ཟས་ཞུ་དཀའ་བའི་རིགས་སོགས་སྤངས་ནས་མི་འབྱུང་བ་ལ་འབད་ཅིང་། བྱུང་མ་ཐག་བཏང་སྙོམས་མི་བཞག་པར་བཅོས་པ་གལ་ཆེ། སྐབས་འདིར་མཁོ་གལ་ཆེ་བ་མ་ཞུ་ཁོང་ནས་ནདཀུན་གྱི་སྤྱི་སྨན་དཀར་པོ་དྲུག་གི་སྦྱོར་བའི་འཕྲུལ་འཁོར་ནི། མ་ནུ། སྒ་སྐྱ། ཨ་རུ་ར། ལྕུམ་རྩ། ཅོང་ཞི། བུལ་ཏོག་དྲུག་པོ་རིམ་བཞིན་ཆ་རེ་བསྐྱེད་པ་ནི་རྩ་བ་ཡིན་ལ། དེ་སྟེང་རྩམ་པ་མ་ཞུ་ན་ཕབ་ཕབསདང་བུལ་ཏོག ཤ་མ་ཞུ་ན་སྤྱང་ཀིའི་ཕོ་བ་དང་སོ་བྱ་བྱ་རྒོད་ཕོ་བ་དང་གྲེ་བ་བསྣན། ཡང་ན་སོག་ཡུའི་ཐང་གིས་འཕུལ་ཡང་ཆོག སྔོ་རྔད་མ་ཞུ་ན་ཟ་ཟྭའབྲུ་དང་དབྱི་མོང་། མར་ཚིལ་མ་ཞུ་ན་ཅོང་ཞི་རྒོད་བཏུལ། རྡོ་རིགས་མ་ཞུ་ན་མཚུར་དང་ཚ་ལ། སྨན་མ་ཞུ་ན་བོང་དཀར་པི་ལིང་རྣམས་བསྣན། ཆང་མ་ཞུ་ན་ཕབ་ཕབསབསྣན་ལ་ཆང་གིས་འཕུལཕུལ ཡང་ན་སོག་ཚིགས་ཐང་གིས་འཕུལཕུལ ཇ་དང་ཆུ་མ་ཞུ་ན་ཚ་ཚྭསྣ་ཚོགས་ཚད་བསྡེབས་པའམ་ལོ་བརྒྱད་དྲི་ཆུས་འཕུལཕུལ ཞོ་དར་མ་ཞུ་ན་ཕྱུར་ཁུས་འཕུལཕུལ འབྲུ་མར་མ་ཞུ་ན་སྲན་མའི་ཐང་གིས་འཕུལཕུལ དྭངས་མ་མ་ཞུ་ན་རྒྱམ་ཚ་དང་པི་ལིང་བསྣན་པ་དང་། སེ་འབྲུ་བཞི་སྟེང་རྒྱམ་ཚ་པྲི་ཡང་ཀུ་བསྣན་པ་བཅས་ལྟག་པ་སྤྲད། སྙིགས་མ་མ་ཞུ་ན་སེ་འབྲུ་བཞི་སྟེང་། བཅའ་སྒ་རྒྱམ་ཚ་གུར་གུམ་དབྱི་མོང་བྱི་ཏང་ག་བསྣན་པའི་ལྒ་རྒོད་དགུ་པ་དང་ལྟག་པ་སྤྲད། མ་ཞུ་སྤྱི་ལ་གོ་ཐལ་བསྡེབ། ལྕུམ་ནག་རྩ་བ་བུངས་བསྐྱེད་བཏང་། བྱེར་ན་འོ་མ་ལ་ལན་ཚྭ་བཏབ་པས་བསྡུས་ལ། དེད་དཔོན་བཞི་སྦྱོར་ཐར་ཁཌྷྜྷཱ་བཅས་བསྣན་པའི་བཤལ་གྱིས་སྦྱོང་བ་ལེགས། ཁ་ཚྭར་ཚརའདི་རྣམས་རྒྱུད་ཀྱི་དགོངས་པ་ཡིན་པས་ཞི་དྲུག་ལའང་རིགས་འདྲེས་ན་ཟབ་བོ། །ཡང་དེལ་དེའུདམར་དབང་རིལ་ཉེར་ལྔ་དང་། རྒྱུད་ཀྱི་ཅོང་ཞི་དྲུག་པ། རུ་རྟ་དྲུག་པ། དཀར་པོ་དྲུག་སྦྱོར། ཞི་བྱེད་དྲུག་པ་བཅས་སྨན་ཚོ་བཞིའི་ནང་ལྡབ་འཕར་ཐམས་ཅད་འཕྲིས་འཕྲིནས་ཕྱོགས་སུ་བསྡེབས་པ་དུང་རུ་བཅོ་བརྒྱད་ཟེར་བ་འདིའང་མ་ཞུ་བ་དངོས་དང་། དེས་རྒྱུ་བྱས་པའི་ནད་རིགས་གང་ལའང་ཕན་པ་ཆེ། དྭངས་མ་གནས་འཇོག་ནང་ནུས་པ་ཚྭ་བའི་རིགས་ཆ་འཕྲི། རྒྱམ་ཚ་ཆ་བསྐྱེད་པས་མ་ཞུ་བ་དང་མཁྲིས་ནད་སོགས་ལའང་ཤིན་ཏུ་ཕན་པ་མྱོང་གྲུབ་བོ། །

  སྐྲན་ནི་དང་པོ་མ་ཞུ་བས་བསྐྱེད། ཡུན་ལོན་པ་སྐྲན་དུ་སྨིན་པ་སྟེ་རྣམ་གྲངས་མང་ཡང་ཚ་གྲང་གཉིས་སུ་འདུ། རྩ་རྒྱུད་ཞན་ཅིང་འཕར་ལུགས་ཞར། ཆུ་ལ་སྤྲིས་མ་དུམ་བུར་ཆད། ཕྱི་སྐྲན་དངོས་སུ་མཐོང་ཞིང་། ནང་སྐྲན་གར་ཡོད་དུ་ཟུག་བྱེད་ཅིང་གར་ཡོད་ཐད་དུ་དྲེགས་དྲེགཔ་ཆགས། ལྟོ་སྟོང་ནད་པ་གལ་གནརྐྱལ་དུ་ཉལ་ནས་ལག་པས་མྱོང་བས་འདྲིལ་བ་མཐོང་། གསར་པ་རྣམས་ཚ་ཤས་ཆེ། རྙིང་ནས་གྲང་ཤས་ཆེ། དེ་ལ་ཚ་སྐྲན་མཁྲིས་རྟགས་ཤས་ཆེ་བ་ལ། གར་ནག་རིགས་བྱེ་རིང་གི་མེ་མཉམ་ཆེན་མོ་སོགས་དང་། ཨེ་ཝཾ་ནང་གི་སྐྲན་སྨན་རྣམས་འཕྲོད། གྲང་སྐྲན་དེ་ལས་ལྡོག་པ་ལ། ཉང་ལུགས་རྡོ་ཐལ། བཅོ་ལྔ་དྲག་སྦྱོར་སོགས་དང་། རྒྱུད་ཀྱི་ཅོང་ཞི་འཕྲུལ་ཐལ་ལྷག་པར་ཟབ།

  ལྷེན་སྐྲན་ཟས་མི་ལེན་སྐྱུགས་པ་ལ་ཕྱི་རྒྱུད་ཚ་ཚྭསྲེག་སྦྱོར་བར་སྟར་བུ་བུངས་ཆེ་ཙམ་བསྣན་པ་ཡུན་རིང་བཏང་བས་བཤིགས་རྗེས་ཚ་ལའི་འཕྲུལ་བཤལ་བྱེད། དེ་རྗེས་ལྷེན་སྣ་ཀྲུམ་ཀྲུམ་ཕྲུམ་ཕྲུམགྱི་སྣེ་ནད་པའི་ཚོན་གང་གི་མར་སྣ་ལྷེན་གསང་ལ་མེ་གདབ།ཕོ་སྐྲན་སོགས་ཚབས་ཆེ་ན་དེ་འོག་ཚོན་གང་གི་ས་དང་། དེ་ནས་གཡས་གཡོན་དུ་ཚོན་རེ་བཅལ་བ་བཅས་ཁ་གསུམ་དང་། དབུས་ནས་འོག་ཏུ་ཚོན་གང་གི་ས། གོང་གི་ལྷེན་གསང་བཅས་ལྔ་ཚེམ་ཚོམདུ་གདབ།

  སྣོད་ཀྱི་རྒྱུ་མའི་མཁྲིས་སྐྲན་ལ་གསེར་མདོག་བཅུ་གཅིག་དང་། སྐྲན་སྨན་ལྟག་པ་སྤྲད་པ་སོགས་བབ་ཡུལ་གྱི་དབྱེ་བས་གཉེན་པོ་འཕྲུལ་ཤེས་དགོས། དཀར་པོ་དྲུག་སྦྱོར་ལ་མགྲོན་ཐལ་ཆ་མཉམ་དུ་སྦྱར་བ་དང་། བདུད་རྩི་སུམ་སྦྱོར་སྟེང་རྡོ་ཐལ་དང་སྟར་ཁཌྷྜྷཱ་སྦྱར་བ་ཀུན་ལ་འཕྲོད་ཅིང་། རྒྱུ་ལོང་ལ་བབས་ན་སྨན་ཕྱི་མའི་སྟེང་དུག་ཉུང་བོང་དཀར་རྙ་སྙལོ་བསྣན་ཅིང་ཐར་ནུའི་བཤལ་གྱིས་སྦྱང་། ཚ་གྲང་གཉིས་ཀྱི་རྗེས་གཅོད་དུ་སྐྲན་གྱི་ཕྱི་ནས་ཚོན་རེ་ཙམ་གྱི་ཕྱིའི་ཕྱོགས་བཞིར་མེ་གདབ། རིམ་པར་ཆུང་དུ་བཅར་ནས་གང་འོས་གདབ། ཐོག་མ་ནས་སྟེང་དུ་གདབ་ན་འབྱམས་ནས་བཅོས་སུ་མེད་པར་འགྲོ་བས་མི་རུང་། མེ་བཙའ་གདབ་ལུགས་དེ་ལྦ་བ་ལའང་མཚུངས་སོ། །

  བད་ཀན་སྐྱ་རྦབ་འོར་དུ་འགྱུར། དེ་དམུ་ཆུར་འགྱུར་བ་ཡིན་ཅིང་དེའི་བཅོས་ཚུལ་འབྲི་གུང་པའི་གསང་བ་སྦུབས་འདྲེན་མ་བུ་ལེ་ལག་དང་བཅས་པ་རྣམས་དང་། དེའི་དོན་ཕྱོགས་སུ་བསྡུས་ཤིང་ཟབ་གནད་མང་པོས་བརྒྱན་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་ཉིད་ཚད་ལྡན་ལག་ཏུ་བླངས་ན་དེ་ལས་ཟབ་པ་མ་མིདགོས། འདི་རྣམས་ཀྱི་ནད་རྟགས་ནི་ཐམས་ཅད་ཀྱིས་ཤེས་སླ་ཡང་སྨན་གྱིས་བཅོས་ཐུབ་པ་ནི་རེ་རེ་ཙམ་ལས་མ་མཐོང་། དེའི་རྒྱུ་རྐྱེན་ཡང་སྙིགས་དུས་འདིར་གཟའ་ཀླུ་རྒྱལ་པོ་ཤིན་ཏུ་དར་བས་དེ་དག་གི་སྡོང་ཟླ་ཡོད་པའི་ནད་རིགས་ཐམས་ཅད་བཅོས་དཀའ། དེ་ལ་བད་ཀན་ནི་ཀླུ་གཉན་ས་བདག་གི་སྡོང་ཟླ་ཅན་ཡིན་ཅིང་དེ་རྣམས་ཞེ་གནག་ཅིང་གཏིང་ཟབ་པ་ཡིན་པས་དེ་དག་གི་བཅོས་དང་གདོན་ཁྲོལ་སོགས་གྲུབ་ན་ལེགས་པར་ངེས། ཕལ་ཆེར་གཞན་དབང་སྔོན་ལས་ཀྱི་ནད་དུ་སྣང་བས་ཚོགས་གསོག་ཅི་འགྲུབ་བྱེད་པ་ཟབ། སྨན་སྤྱི་དང་ཁྱད་པར་གསང་སྨན་རྣམས་ངོས་འཛིན་མ་འཁྲུལ་བའི་དུས་བཏུས་ལོ་རེ་བཞིན་གསར་དུ་བརྗེ་བ་སོགས་བྱུང་ན་ཕན་པ་ཆེ་བར་ངེས་ཀྱང་། སྲད་རིགས་གང་བྱུང་དུས་ནམ་བདེར་འཐུས་པའི་སྨན་སྦྱོར་ལོ་གྲངས་ལོན་པ་བཏང་བ་སོགས་ལ་བརྟེན། ནད་འདི་ལ་ཐུག་ནས་སྨན་པ་རྣམས་རེ་བ་ཟད་པ་ལྟ་བུ་བྱེད་པར་སྣང་ཡང་ནད་པ་ལ་སྙིང་རྗེས་ཀུན་ནས་བསླངས། རང་ཉིད་དཀའ་ཚེགས་ལ་མི་ལྟོས་པར་ལག་ལེན་བརྩོན་འགྲུས་བྱེད་པ་བྱུང་ན་འཚོ་བ་གསུམ་ཟད་པ་མ་གཏོགས་པ་ཕལ་ཆེར་ལ་ཕན་ཐོགས་པར་མ་ཟད། རང་གི་རྒྱུད་ལ་བསོད་ནམས་རླབས་ཆེན་བསྐྱེད་པར་འགྱུར་བས་འབད་རྩོལ་སྙིང་ནས་བསྐྱེད་པ་གཅེས་སོ། །

  དེ་ལ་ཐོག་མར་སྐྱ་རྦབ་ནི། གོང་གསལ་བད་ཀན་གྱི་ནད་རྟགས་གཞིར་བཞག་ཐོག དབུགས་འཚངས། གདོང་སྐྱ་ཞིང་ཤ་ལྤགས་ཅུང་རྒྱས་པ་སྟེ། འདི་མ་ཞུ་བས་བསྐྱེད་པས་གྲང་ཤས་ཆེ་བས། ནང་སྨན་ལྕགས་ཕྱེ་བཅོ་ལྔ། བདེ་བྱེད་སྙོམས་ལྡན། སེ་འབྲུའི་སྦྱོར་བ་རྣམས་བཏང་། ཉིན་གུང་སྨན། མཁལ་རྐེད་མན་ཆད་སྐྲངས་ཤིང་ན་བ་ལ་སེ་འབྲུ་ཉི་དཀྱིལ་དྭ་ལི་ད་ལིསབསྡེབས་པ། བདེ་བྱེད་ཀུན་ཕན། ཆབ་རྟགས་ཅུང་སེར་བ་ལ། གླང་ཆེན་གང་གཱ་ཆུ་སྒྱུར། སེ་འབྲུ་ཉི་དགའ། འབོལ་སྨན་བདུན་པ། གུར་གུམ་ཆུ་འབེབས་སོགས་བཏང་། ནུབ་སྨན་དྭ་ལི་ད་ལིསབཅུ་དྲུག་སོགས་རྒྱུད་ཀྱི་དྭ་ལིའི་སྦྱོར་བའི་རིགས་ལེགས་ཤིང་། གློ་ལུས་རྐྱེན་ནས་བྱུང་བའི་རིགས་ལ་ཨ་གར་བཅོ་ལྔ་དང་སོ་ལྔ། ཅུ་གང་ཉེར་ལྔ་སོགས་འཕྲོད། བདུད་རྩི་སུམ་སྦྱོར་སྟེང་སྐྱུ་རུ་ར། འུ་སུ། དྭ་ལིས། ལྕམ་འབྲུ། ག་དུར་བསྣན་པའི་བདུད་རྩི་བརྒྱད་སྦྱོར་གཞན་གནོད་མེད་ཅིང་ཡུན་དུ་བསྟེན་ན་ཤིན་ཏུ་བསྔགས།

  སྔ་མ་ལས་སྐྲངས་ཅུང་ཟད་ཆེ་ཞིང་གཞོགས་འོག་ཏུ་གང་བསྟན་ལ་སྐྲངས་བྱོ་བླུགས་བྱེད་ཚེ་འོར་ཡིན། ཚ་གྲང་དང་བསྟུན་ནས་བཅོས་གང་གོངམཚུངས་བྱ། བདེ་བྱེད་ཆེ་འབྲིང་ཆུང་གསུམ་སོགས་ཆུ་སྒྱུར་རིགས་གོང་ལས་ཆ་བསྐྱེད་དེ་བཏང་ལུགས་རིགས་རིགཔས་འཕྲུལ། ཐམས་ཅད་སྐྱུ་རུ་རའི་ཐང་གིས་ཕུལ། འདི་སྐབས་རིན་ཆེན་རིལ་བུ་བཏང་ན་ལྡོག་པའང་སྲིད།

  སྐྲང་གཞི་དངོས་བྱུང་ནས་དམུ་ཆུ་ཡིན། དེ་ལ་ནད་གཞན་གྱི་གྲོགས་ཡོད་པ་ནི་རྟེན་ཅན་ཏེ་ངོས་འཛིན་གསོ་བ་གཉིས་ཀ་དཀའ། ཆམས་ཆམརིམས་དང་འབམ་གྱི་གཞུག་སོགས་ལ་འབྱུང་བས་སྔ་ཚེ་ནས་རྩ་ཆུ་སོགས་ལ་བྱ་ར་ཞིབ་མོ་ཐེངས་དགོས། ནད་གཞན་གྲོགས་མེད་པ་ནི་རྟེན་མེད་དེ་ངོས་འཛིན་དང་གསོ་སླ། རིགས་མང་ཡང་ཚ་གྲང་གཉིས་སུ་འདུ། དེ་ལ་ཚ་ཆུའི་རྟགས་རྩ་བྱིང་ཡང་གཏིང་ན་གྲིམས་ཞད་ཡོད། ཆུ་མདོག་སེར་ཁ་ཆགས། ནད་རྒྱས་ནས་དམར་སེར་དུ་འགྱུར། ལྦུ་བ་སོབ་ལ་གཡུང་བ་དང་། རྒོད་ཅིང་མི་སྡོད་པའང་ཡོད། རྔམས་རྔམཔ་ཤིན་ཏུ་རྒོད། ལུས་ཉོབ། འདི་ལ་སྐྲངས་མངོན་དཀའ་ཞིང་ཆུ་ལྡོག་པ་དང་ཕོ་བ་སྐྲངས་པ་ནི་གཏན་ནས་མི་ཆོསའཆོས སྐྲངས་པའང་ཆེར་མངོན་ནས་བཅོས་དཀའ་བས་བྱ་ར་འཕྲལ་དུ་མི་ལྷོད་པར་སྒྲིམས་དགོས། དེ་ལ་སྔོན་འགྲོ་ཨམྦྷཱི་དྲུག་ཐང་ཚད་ལྡན་ཞག་རེ་ཟུང་བསྟེན། འདི་ལ་སྲད་དཀར་མ་འཁྲུལ་བ་དང་སྐྱུ་རུ་ར་བུངས་བསྐྱེད་པ་གནད་ཆེ། ཚ་ཆུ་དྲག་པོ་ལ་ཐང་འདི་མི་འཕྲོད་པའང་ཡོད་པས་ཚོད་ཤེས་དགོས།དེ་ནས་ནངས་མོ་གུར་གུམ་ཆུ་འབེབས། གུར་གུམ་ཆུ་སྒྱུར། བདེ་བྱེད་ཆུ་སྒྱུར་རིགས་རྣམས་འུ་སྐྱུར་གཉིས་ཀྱི་ཐང་གིས་འཕུལཕུལ ཉིན་གུང་འབོལ་སྨན་བདུན་པ་ལ་སྐྱུ་རུ་བུངས་ལོག་ཅན་འུ་སྐྱུར་ཐང་གིས་ཕུལ། འདི་ན་ནངགུར་གུམ་ལ་ཁ་ཆེ་མི་འདེབས་བལ་གུར་སྦྱོར་དགོས། གཞན་ཡང་གླང་ཆེན་གངྒཱ་ཆུ་སྒྱུར། སྨན་ནག་ཆུ་སྨན། ཉམས་ཡིག་གི་ཝཾ་བཅུ་གཅིག རྒྱུད་ཀྱི་གི་ཝཾ་དགུ་པ་རྣམས་གང་རིགས་སྐྱུར་ཐང་གིས་འཕུལཕུལ འདི་རྣམས་ལ་གླང་ཆེན་གི་ཝཾ་དངོས་བུངས་བསྐྱེད་ནས་གཏོང་བ་གནད། ནུབ་སྨན་ཟླ་ཤེལ་ཆུ་སྒྱུར་སོགས་ཆུ་སྒྱུར་རིགས་དང་། འབྲི་ལུགས་བོང་དཀར་བཅུ་པ། ཆུ་སྨན་བདེ་བའི་འཁོར་ལོ་སོགས་སྐྱུ་རུ་རའི་ཐང་གིས་འཕུལ་ཕུལལ་སྐབས་བསྟུན་བཏང་ཆུ་གཞིའི་རིགས་ལ་བཏུང་བ་ཤིན་ཏུ་ཉུང་བ་གལ་ཆེ་ཞིང་ཁྱད་པར་ཆང་རག་གཏན་ནས་འགྲོ་མི་ཉན། སེང་ཁཌྷྜྷཱ་གྱི་ཇ་དང་སྐྱུ་རུ་རའི་ཐང་གིས་སྐོམ་སེལ་བ་གལ་ཆེ། ལྡོག་དཀའ་ན་རིན་ཆེན་རིལ་བུས་ལྡོག་པའང་སྲིད། འདི་ལ་དཔྱད་མི་རུང་ཡང་ཅིས་ཀྱང་སེལ་དཀའ་ན་ཆུ་སྦྱོང་གི་རིགས་གང་འོས་སམ། བ་ཆུའི་འཕྲུལ་བཤལ་གཞུང་བཞིན་སྦྱར་བའི་སྟེང་འབུ་སྐྱོགས་བསྣན་པའམ། ཡང་ན་བདེ་བའི་འཁོར་ལོ་དང་། འབུ་སྐྱོགས་བདུན་པ་ལྟག་པ་སྤྲད་པའི་བཤལ་བཏང་བས་སེལ་བར་གསུངས། རྗེས་གཅོད་ཆུ་གསང་ཚིགས་པ་དང་པོ་བཅུ་གསུམ་བཅོ་བརྒྱད་རྣམས་མེས་བསྡམ། ཟས་སྤྱོད་རིང་དུ་གཟབ།

  གྲང་ཆུའི་རྟགས་བད་ཀན་སྤྱི་ལྟར་ལ་ཆུ་མདོག་སྔོ། ལྦུ་བ་སོབ་ཅིང་དལ་བས་སྣོད་ཁེངས་པའང་འབྱུང་། སྐྲངས་པ་སྐྱ་སོབ་ལ་ཕལ་ཆེར་སྨད་ནས་རིམ་གྱིས་རྒྱས། དེ་ལ་ཐོག་མར་དྭ་ལི་ད་ལིསབཅུ་དྲུག་བཏང་། དེ་ནས་ཆུ་སྒྱུར་རིགས་དང་། དྭངས་མ་ཆུ་འདྲེན་སོགས་བཏང་བ་ཡིན་ལ། ལྟག་པ་སྤྲད་སྐབས་ནངས་སྨན་སེ་འབྲུའི་སྦྱོར་བའི་རིགས། བདེ་བྱེད་སྙོམས་ལྡན། ལྕགས་ཕྱེ་བཅོ་ལྔ། ཉིན་གུང་གུར་གུམ་དང་བདེ་བྱེད་ཆུ་སྒྱུར། བདེ་བྱེད་ཀུན་ཕན། དྭངས་མ་གནས་འཇོག དྭངས་མ་ཆུ་འདྲེན། དགོང་མོད་མོརདྭ་ལི་ད་ལིསབཅུ་དྲུག ཕྱི་རྒྱུད་དྭ་ལིས་ད་ལིའིསྦྱོར་བའི་རིགས། ཤིང་ཀུན་ཅུར་ནིས་སོགས་བཏང་། གྲང་ཆུའི་སྨན་རྣམས་ཉི་དགའི་ཐང་གིས་འཕུལ་ཕུལབ་ལེགས། རིན་ཆེན་རིལ་བུ་མི་འཕྲོད། ཡན་ལག་གི་སྐྲངས་རྣམས་རིམ་གྱིས་བྲི་བའམ། མ་བྲི་ཡང་ཕོ་བ་ལྷག་པར་སྐྲངས་པ་ནི་འཚོ་དཀའ་བས། སེ་འབྲུ་བཞི་པའི་སྟེང་སྒ་ཏིག༡mm༡།བ་ཆུའི་ཁཎྡྲི༠mm༠། ཐར་ཁཌྷྜྷཱ་༠mm༠བཅས་བསྣན་པ་བཏང་བས་ཆུ་འདྲོང་བར་གསུངས། ཚ་ཆུས་ཕོ་བ་སྐྲངས་པ་ལའང་ཅུ་གང་བདེ་བྱེད་བཤལ་སྨན་གསུམ་བསྣན་པ་བཏང་བས་ཟབ་པར་བཤད། རྗེས་གཅོད་ཚ་གྲང་གཉིས་ཀར་སྐེམ་བྱེད་ཀྱི་བྱུགས་པ་སྐྲང་ལྷག་སྟེང་བྱུགས་ཤིང་མེ་དང་ཉི་མ་ལ་བསྲོ། ནད་ལྷག་མེད་ཞི་སྐབས་ཆུ་ཚན་བསྟེན་པ་དང་ཆུ་གསང་ཁ་གསུམ་ལ་མེ་གདབ། ཆུ་ལྷག་ཞི་དཀའ་ན་ཟངས་ཐལ་ཉེར་ལྔ་སོགས་སྦྱར། སློང་རྐྱེན་གྱི་ཟས་སྤྱོད་སྤྱི་དང་ཁྱད་པར་རླན་གྲང་བསེར་བུ་ཞུ་དཀའི་བཟའ་བཏུང་ཆུ་ངན་པ་སོགས་རྟག་ཏུ་སྤང་། ཆུ་ནད་ཐམས་ཅད་ལ་བསྔགས་པའི་སྐྱུ་རུའང་ཁཎྡྲི་ལེགས་པར་བསྐོལ་བ་དང་། ར་མོ་ཤེལ་སྨན་ལུགས་ཀྱི་གསང་སྨན་ངོས་འཛིན་འབྲི་ལུགས་ཀྱི་མན་ངག་ལས་འབྱུང་བ་རྣམས་མ་ནོར་ཞིང་སོ་སོའི་དུས་གནད་མ་ཡོལ་བར་བཏུས། རྨ་ཅུང་ཟད་ཕབ་ལ་གྲིབ་སྐམ་བྱས་པ་རྣམས་ཕྱོགས་གཅིག་ཁཎྡྲི་བྱས་པ་ཉིད་སྡུད་ཁ་གདུས་ཁུརྣམས་ལ་བསྡེབས་པ་བྱུང་ན་ཕན་ངེས་པའི་མན་ངག་སྙིང་ཐིག་མ་ཡིན་གསུངས། གློ་བར་བབས་ནས་ལུད་པ་སྐྱ་སོབ་ལུ། རྔམ་པ་འདེགས། གདོང་པ་སྐྲངས་པ་ལ་ཅུ་གང་ཆུ་སྒྱུར་རམ། རྒུན་འབྲུམ་བདུན་སྦྱོར་ནང་ཤིང་ཚ་འཕྲིས། སྐྱུ་རུ་ར་བུངས་བསྐྱེད་པ་དང་ཆུ་སྨན་སྤེལ། ཚ་ཆུ་དང་བསྡོངས་ན་འབོལ་བདུན་སྟེང་རྒུན་འབྲུམ་བདུན་པ་བསྣན་པ་དང་། ཨམྦྷཱི་དྲུག་ཐང་ཤིང་མངར་བསྐྱེད་པས་ཕུལ། སྐྲན་དང་བསྡོངས་པ་ལ་ཐུར་མ་བྱ་བར་བཤད་ཀྱང་ལག་ལེན་ཚད་ལྡན་མེད་ན་མི་བཏུབ། ལུ་ཆུང་བྱེད། ཆུ་མདོག་སྨུག་ཁ་ཡོད་པ་མཆིན་པའི་ཟགས་ཆུ་དང་འབམ་གཞུག་ཆུར་འགྱུར་བའི་རིགས་ལ་གུར་གུམ་བདུན་སྦྱོར། གླང་ཆེན་ཆུ་སྒྱུར་སོགས་དང་། འབམ་གཞུག་ཚ་ཆུར་གྱུར་པ་ལ་གུར་ཏིག་བསྔགས། ཆུ་ནད་བྱེར་ནས་ཡུན་རིང་དུ་མནར་བ་དང་། སྨུག་པོའི་ཟགས་ཆུ་སོགས་ལ་ཟླ་ཤེལ་བདུད་རྩི་ཐིག་ཐིགསཔ་ཁོ་ན་ཟབ། ཆུ་སེར་དང་བསྡོངས་ནས་སྐྲངས་ཤིན་ཏུ་ཆེ་ཞིང་ཆུ་སེར་བརྡོལ་བ་ལ་གསང་སྨན་ཆིག་བརྒྱུད་བཏང་བས་ཕན་པར་བཤད། མདོར་དྲིལ་ན་ཚ་ཆུ་ལ་འབོལ་སྨན་བདུན་པ་དང་། གྲང་ཆུ་ལ་ཨམྦྷཱི་དྲུག་ཐང་ངམ། ད་ལི་ལིསབཅུ་དྲུག་མ་ནུ་བཞི་ཐང་གིས་འཕུལ་ཕུལབ་ཞག་ཁ་ཡར་བསྟེན་རྗེས། དངོས་གཞིར་ཚ་ཆུ་ལ་ཆུ་འབེབས་དཀའ་ན་འབོལ་སྨན་སྟེང་རྒྱ་སྡིག གསེར་བྱེ། ལྕམ་པ་བསྣན་པ་དང་། གྲང་ཆུ་ལ་ཆུ་རྩི་ཉེར་ལྔའམ། སེ་འབྲུའི་རིགས་སོགས་གང་འཕྲོད་སྦྱོར། ཤིན་ཏུ་སྐྲངས་ཆེ་ཞིང་ཆུ་སེར་དང་བསྡོངས་ན་སྒ་ཏིག་ཁཎྡྲིའམ་བ་ཆུའི་ཁཎྡྲི་བསྣན་ལ་བཏང་། སྲད་རིགས་འགྲོ་བའི་སྨན་རྣམས་ཚ་ཆུ་ལ་མི་འཕྲོད་པས་བཏང་སྲོལ་མེད། ཚ་ཆུ་ཡག་ཉེས་ཆེ་ཡང་སྣ་ལོན་སླ། གྲང་ཆུ་སྨན་སོགས་ཀྱིས་ཡག་ཉེས་འཕྲལ་དུ་མི་བྱེད་ཀྱང་གདིང་གཏིངཆེ། སྤྱིར་གོང་སྨོས་སྨན་རྣམས་ཐོག་མ་ནས་འཕྲོད་ཉམས་དང་ངོ་ལོན་པ་ཞིག་མ་བྱུང་ན་དཀའ་བར་སྣང་ངོ་། །

X