//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་དྲུག་པ། རིམས་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:17:58 ཀློག་གྲངས། 19 

རིམས་ཀྱི་རྟགས་བཅོས་རྣམས་གོང་གི་ཚ་བ་དང་ཕྱོགས་མཚུངས་ཤིང་། རྩ་ཕྲ་ལ་འཕར་མྱུར་བ་དེ་ལ་བདུན་ཐང་ཐེངས་རེ་ཟུང་གིས་སྨིན་ནས། བདུད་རྩི་སླེབ་ཆོག རིམས་ཀྱིས་གཙོ་བརྒྱད།གཙོ་བརྒྱད་བཅུ་གཉིས། འཛིན་པ་དགུ་སྦྱོར་སོགས་འབྲི་ལུགས་རྣམས་དང་། དཔའ་བོ་བཅུ་བཞི། ཟུངས་བཟང་ཁྲག་མཁྲིས་ཅན་ལ་སྤང་རྩི་བཅུ་གཉིས་རྣམས་ཟབ་ཀྱང་སྤང་རྩི་བཏང་སྔ་ན་བྱེར་འགྲོ་བས་བདུན་ཐང་དང་སླེབ་ཆོག་ཁོ་ན་འཕྲོད་ཆེ་ཞིང་། དེ་ལའང་རྒན་པོ་དང་རླུང་ཤས་ཆེ་བ་ལ་བདུན་ཐང་གིས་ཕུལ་ན་ལེགས། འགའ་ཞིག་ཐང་སྨན་མཉམ་དུ་བསྐོལ་བའི་ལག་ལེན་ཞིག་ཀྱང་འདུག་པ་ཁུངས་མ་མཐོང་ཡང་འཕྲོད་ཟབ་ལེགས་པ་ལྟར་སྣང་། རི་ཐང་ཕྱེ་ལུགས་སོགས་ཚ་བ་ལྟར་བྱ།

  མཁྲིས་རིམས་ཆུ་རྟགས་སེར་ཁ་ཤིན་ཏུ་ཆེ་ཞིང་ཕལ་ཆེར་མར་ནག་ཁུ་བའི་མདོག་ཏུའང་འབྱུང་བ་དེ་ལ། འབྲི་ལུགས་སྨན་ནག་ཆེན་མོ་ཟབ། སླེབ་ཆོག ཏིག་ཏ་བརྒྱད་པ། གི་ཏིག གི་ཝཾ་བཅུ་གཅིག་སོགས་ཀྱང་འཕྲོད།

  རྒྱུ་རིམས་སྐྱ་བཤལ་བཅོས་སླ། ཐོག་མ་ནས་ཁྲག་ཏུ་འཁྲུ་བ་དེ་བཅོས་དཀའ། རྒྱུ་མའི་ནང་འུར་འཁྲོག་བྱེད་ཅིང་ཆུ་མདོག་མར་ཁུ་ལྟར་བྱུང་ན་ནད་ཕོག་པ་ཡིན་པས། ཨིནྡྲ་བཞི་ཐང་གིས་སྨིན་པར་བྱས། བཤལ་བྱུང་ན་རྒྱུད་ཀྱི་བྲག་ཞུན་དགུ་པ། བྲག་ཁྱུང་། འབྲི་ལུགས་སྨན་ནག སློབ་དཔོན་རུ་རྟ་བཅུ་གསུམ། སྣོད་ཚད་སེལ་བའི་གུར་གུམ་བདུན་པ། གམ་ཕྱེ་དམར་པོ་རྣམས་བཏང་། ནད་འདི་ལ་ཟས་འཛེམ་ཤིན་ཏུ་གལ་ཆེ། ཁྱད་པར་ཤ་དང་རྩམ་པ། མཚན་ཚནམོའི་རིགས་གཏན་ནས་སྤང་། འབྲས་ཐང་ངམ་ནས་བཙོས་པའི་ཁུ་བ་དྲོ་འཇོམ་འཇམཕྲན་བུ་བསྟེན་པ་ལེགས། ཟུངས་བཟང་ལ་ཐོག་མ་ནས་མཁྲིས་བཤལ་ལམ་གཉན་བཤལ་བཏང་བས་བཅོས་སླ་ཞིང་ཟབ། དམར་བཤལ་ཚབ་ཚབསཆེ་ན་ཕྱི་རྒྱུད་ཆུ་སྡེར་དགུ་པ་དང་། མཁྲིས་ཕྱེ་བདུན་པ་གཉིས་བསྲེས་པའི་ཆུ་སྦྲུལ་མཇིང་འགྱིངབསྣོལ་སྟེང་གསང་སྨན་ཆར་སྡོད་བྱེའུའི་བྲུན་བསྣན་པ་དེ་ཐེངས་ཆོག་ཡིན། སྦྱོང་སྨན་རིགས་ལའང་གསང་སྨན་དེ་ཉིད་བསྣན་པས་རྒྱུ་མའི་རྩི་སྲུང་ཤིན་ཏུ་ཟབ། རྒྱུ་རིམས་སྤྱི་ལ་མཁྲིས་ཕྱེ་ཉེར་ལྔ། དམར་གསུམ་འཁྲུ་གཅོད་རྣམས་ཀྱང་ལེགས། ཚ་བ་ཆོགས་ནས་ཟས་སྐོམ་བག་རེ་གློད། འཁྲུ་བ་ཆུ་ཁར་ལྡིང་། མདོག་དཀར་དུ་སོང་ན་གཅོད་རན་པ་ཡིན་པས་མཁྲིས་ཕྱེ་བདུན་པ་འབྲི་ལུགས་ཁ་ཚར་ཅན་འཁྲུ་གཅོད་བཏང་། དེས་མ་ཆོད་ན་འཁྲུ་གཅོད་གཞན་ཅི་རིགས་བཏང་། ཆོད་དཀའ་ན་འབྲི་ལུགས་རྒྱུ་རྒན་འཕྲུལ་གྱི་ཐེམ་བཙོང་ཚངལྟར་བྱ། རྗེས་གསེར་མདོག་ལྔ་པ། བཅུ་གཅིག གསེར་ཞི་ཁ་སྤྲོད། པདྨ་འདབ་བརྒྱད། དྭངས་མ་ནས་གནསའཇོག་སོགས་ཀྱིས་མེ་དྲོད་གསོ་བར་བྱའོ། །

X