//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་བདུན་པ། གཉན་རིམས་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:20:17 ཀློག་གྲངས། 40 

གཉན་རིམས་ནི། དེང་སང་དུས་དབང་གིས་ཤིན་ཏུ་མང་ཞིང་ནད་རྟགས་སྣ་ཚོགས་པ་བྱུང་བས་ཤིན་ཏུ་བརྟག་དཀའ་ཞིང་ནད་གཞན་ལའང་གཉན་ཤས་མེད་པ་ཆེར་མེད་པ་ལྟ་བུ་སྣང་བས་ཟོན་ཐེངས་དགོས། ཐོག་མ་ནས་སེམས་མི་བདེ། གཟེར་གློ་བུར་དུ་ཕོག རྩ་ཐུང་ཐུང་རྦུད་རྦུད་སྦུད་སྦུདའཕར། འཁྲིག་ཅིང་འཕར་གྲངས་མི་སྙོམས་པར་ཆེ་ཆུང་བྱེད། ཆུ་མདོག་ནག་ཞད་དང་ལྦུ་བ་རྒོད་ན་གཉན་ཤས་ཡོད། འདི་ལ་གཏེར་མའི་སྐོར་གྱི་རྟགས་བཅོས་སྲུང་བ་རྣམས་ཁོ་ན་ཟབ་པ་ལས་རྒྱུད་བཞི་སོགས་སུ་ཆེར་མི་འབྱུང་ཞིང་། སྡེ་སྲིད་ལྷན་ཐབས་དང་། ཀརྨ་ངེས་ལེགས་ཀྱི་ཨེ་ཝཾ་རྣམས་སུ་ཞིབ་ཆ་ཆེ་བས་དཔེ་དེ་དག་འབྲལ་སྤང་དགོས་པར་སྣང་། གཏེར་བྱོན་དྲག་ཁྲོས་དང་། བདུད་རྩི་བུམ་པའི་བསྒོམ་བཟླས་འཆག་མེད་ལྟ་བུ་ལྷ་སྔགས་ཀྱིས་སྲུང་བ་དང་། གུ་གེ་ཆིག་དྲིལ་དང་རྡོ་རྗེ་ཁྲབ་རིང་སོགས་རྫས་སྔགས་འཁོར་ལོས་སྲུང་བ་རྣམས་རང་གཞན་སུ་ལའང་གལ་ཆེ། ཚབས་ཆེན་ཕོག་མ་ཐག་ནས་དབང་པོ་སྡུད་པ་ལ་བཅོས་ལོང་མེད་ཅིང་། ནད་ཚབས་ཆེ་བ་ལ་རྩ་ཆུ་ནད་མེད་ལྟར་སྟོན་པ་དེའང་བཅོས་དཀའ། གཞན་གང་ལའང་ཐོག་མར་ཕུར་ནག་བཞི་ཐང་དང་། གུང་པའི་སྤྲ་ཐང་གང་རུང་བཏང་། དངོས་གཞིར་སྤྲུ་ནག་ཉེར་དགུ། ཉྭ་ལོག་འཁྲུ་སྐྱུག་སོགས་ལ་སྤྲུ་ནག་སྔོ་རིལ་ཟབ།

དོན་ལ་བབས་པའི་གཟེར་ཐུང་ལ། ཐོག་མར་ཐང་ཆེན་བརྒྱད་པ་བཏང་། ཨ་བྱག་དྲུག་པའི་གྲང་ཐང་སྐབས་སུ་བླུད། ནངས་ནུབ་དམར་པོ་རྟ་ཟི་བཏང་གཏངདགོས་ཀྱང་སྨིན་དུས་སྒུག་ལོང་ཆེར་མེད་པས། སྲོ་མ་རྟ་རིའི་བཤལ་བཏང་བ་ལེགས། སྤྱི་སྨན་འབྲི་ལུགས་སྨན་ནག སླེབ་ཆོག གཙོ་བརྒྱད་བཅུ་གཉིས། བེ་དོ་བཅུ་གསུམ། ཕྱི་རྒྱུད་མེ་ཏོག་དྲུག་པ། གཙོ་ཁྱུང་རྣམས་འཕྲོད། གཉན་བཤལ་སྲོ་མ་རྟ་རི། སེར་མོ་ལས་བྱེད་བཅུ་གཉིས། དྲག་པོ་བཅུ་གསུམ་སོགས་ཟབ། དམིགས་བསལ་མ་གཏོགས་གཏར་དང་མེ་བཙའ་མི་རུང་། དཀར་མངར་སྐྱུར་ལ་ཤིན་ཏུ་འཛེམ།

མགོ་གཟེར་ལ་མགོ་ཐང་བཅུ་གསུམ། སྤྲུ་ནག འབྲི་ལུགས་སྨན་ནགཏིག་བརྒྱད་ལ་མི་ཐོད་གསུམ་པ་བསྡེབས་པ་ཟབ།

སྙིང་གཟེར་ལ་ཨ་གར་བསིལ་བཅུད་སོགས་སྙིང་ཚད་དང་། གློ་གཟེར་གློ་ཚད་ལྟར་བཅོས་འཕྲུལ།

ཉྭ་ལོག་ལ་རྒྱ་ནག་མ། གུ་གུལ་བཅུ་གཅིག་འཕྲོད། སྤྱི་སྨན་རྣམས་ཀྱང་བཏང་ཆོག

ཆམས་ཆམརིམས་རྐེ་སྐེསྐྲངས་ཕྱིར་ཡོད་པ་ལ་ཁྱུང་སྔོན་དགུ་པ་དང་གཉེན་པོ་བཅོ་བརྒྱད། ནང་གག་པ་ལ་སྤྲུ་ནག་ཉེར་དགུའི་སྟེང་གསང་སྨན་གསུམ་བསྣན་པའི་ལྷན་ཐབས་ལུགས་དེ་ཟབ། གཉན་རིམས་ཀྱིས་སྐྲངས་སོགས་ན་ལུགས་མ་ངེས་པ་འབྱུང་བ་ལ། རྒྱ་ནག་མ་དང་། ཁྱུང་ཆེན་ཉེར་ལྔ་ཟབ།

ཕོ་བ་སོགས་སྣོད་བབས་རིགས་གོང་གསལ་ཚ་བའི་སྐབས་ལྟར་བྱ།ལར་འདི་རིགས་བླ་གཉན་ཐོར་བུ་མང་བས་ལྷན་ཐབས་གཉན་ལེ་སོགས་ལ་བལྟ་དགོས། ཚ་རིམས་དང་ཁྱད་པར་གཉན་རིགས་ཀྱི་སྨན་ལ་བཟི་ཅུང་མ་ཆེ་ན་ནོན་དཀའ་ཡང་། རླུང་དང་བསྡོངས་པའི་གཉན་ལ་གཟི་བཟིསྨན་ཁོ་ནས་དེད་འདེདམི་རུང་བ་སོགས་རིགས་རིགཔས་འཕྲུལ། ཡང་ཀུན་མཁྱེན་དྷརྨཱ་ཀ་རས་སྟོང་ནག་བསྟན་འཛིན་རབ་རྒྱས་ལ་ཞལ་རྒྱུན་རྩལ་བསྩལབ་ནི། དང་པོ་རྣམ་རྒྱལ་དམར་པོ་གསུམ། །ཚ་ལ་ཕག་བྲུན་སྟག་ཤ་བ། །སླེ་ཏྲེས་གླ་བ་གུ་གུལ་ནག སྤང་རྩི་ཀཎྲཱྀ་ཀ་རི་རྣམས། །བསྡེབས་པ་རྣམ་རྒྱལ་ཐང་ནག་ཟེར། །ཞེས་པ་དེ་དང་། ཕུར་ནག་དགུ་ཐང་དང་པོར་བཏང་བ་ཤིན་ཏུ་ཟབ། དེ་རྗེས། གི་ཝཾ་ཨུཏྦལ་གུར་གུམ་བ་ལེ་ཀ ཏིག་ཏ་བྲག་ཞུན་རུ་རྟ་བ་ཤ་ཀ། གསེར་གྱི་མེ་ཏོག་སྦྱར་བའི་གི་ཝཾ་དགུ། །དེ་སྟེང་ཨ་རུ་རུ་རྟ་ཤུ་དག་དང་། །གླ་རྩི་བོང་ང་ཕག་བྲུན་ཞད་ཙམ་སྦྱར། །གུ་གུལ་བུར་ནག་སྦྱར་བའི་བཅུ་བདུན་པ། །གི་དགུ་ཕྱུང་ཁྱུངནག་ཅེས་གྲགས་དུས་ངན་གྱི། །གཉན་ཚད་མཁྲིས་པ་རྩར་རྒྱུག་ལ་སོགས་པ། །ཀུན་ལ་ཟབ་ཁྱད་ལག་ལེན་མྱོང་གྲུབ་བོ། །ཞེས་པའི་སྨན་འདི་དུས་ངན་གྱི་གཉན་གཟེར་རིགས་ལ་ཆེས་ཟབ། ལར་ནད་འདི་ལ་སྨན་མང་མི་རུང་བ་གཏེར་མའི་སྐོར་ལས་གསུངས་པས་ཕྱི་མ་འདི་ཉིད་ལག་ལེན་བདེའོ། །

མཁྲིས་པ་རྩར་རྒྱུག་ནད་ལ་འབྲོས་འཕྲང་བསྡམ་ཞེས་ཐོག་མ་ནས་མེ་བཙས་འབྲོས་འཕྲང་བསྡམ་དགོས་པའི་རིགས་ལ། མགོ་གཟེར་སྟོབས་ཆེ་ལ་ལྟག་ཁུང་ཁ་གསུམ་དང་། མཚོག་སྲང་གསངཁ་གསུམ་བསྲེག སྟོད་བརྒྱངས་དབུགས་ཐུང་། མིག་འབུར་ཚུགས་སུ་ལྟ་ན་སྲོག་རྩར་ཤོར་བ་ཡིན་པས་ཚིགས་པ་དང་པོ་དང་དྲུག་པ་བདུན་པ་གསུམ། མདུན་གྱི་དཀར་ནག་མཚམས་རྣམས་བསྲེག

རྒྱུངས་པར་བབས་པའི་འཛུམ་བུ་ལྟག་དགྱེད་ལ་རྒྱབ་ཀྱི་ཚིགས་པ་གོང་སྨོས་གསུམ་བསྲེག རྐང་ཉྭ་ལོག་ན་ཐེ་མཐེབོང་སྤུ་སྐྱེས་དང་། ལག་ཉྭ་ལོག་ན་སྲིན་ལག་གི་རྩེ་མོ་བསྲེག དེས་མ་ཐུབ་ན་བྱིན་ཉྭའི་སྣེ་དང་། ལག་མགུལ་དུ་སྤྲ་ཚུགས་ཚུགཆུང་ངུ་གདུ་བུ་ལྟར་བསྐོར་ནས་བསྲེག ཐམས་ཅད་ལ་ཕོག་མ་ཐག་ནས་ཐང་བཏང་བ་དང་མེ་གདབ་པ་དུས་གཅིག་བྱེད། དེ་རྗེས་གཉན་སྨན་ནམ་ལོང་མེད་ན་གཉན་བཤལ་བཏང་། གཉན་ཁ་ཆག་ནས་ཆད་ཚདརྟགས་མ་ནུབ་ན་ཚད་སྨན་གང་འོས་སམ། སླེབ་ཆོག་དང་། སྨན་ནག་ཆེན་མོ་ཉིད་སྤྱི་འགྲོ་ཟབ། གཉན་རྟགས་མེད་ངེས་བྱུང་ནས་ཤ་གསར་དང་། མར་གསར་སོགས་ཟས་སྐོམ་ཆ་ཡིས་གློད་པས་རླུང་མནན་སྔོན་བསུ་བྱ་བའང་གལ་ཆེ། ལར་ནད་འདིའི་བཅོས་འབྲི་ཁུང་བའི་ཞལ་ལུང་བདུད་རྩིའི་ཆུ་རྒྱུན་དང་། ཁྱད་པར་ཀརྨ་མཚན་དཔེས་གསར་བསྒྲིགས་རྣམས་ཤིན་ཏུ་གལ་ཆེ་བར་ཡོད་ཅིང་། ཕྱི་མའི་སྨན་ནག་གཅིག་ཆོག་མའི་གསང་སྨན་དཀར་མོ་ལུག་དུག་ཅེས་ལྷོ་རྒྱུད་སྟོད་སྨད་དུ་ཡོད་པ་དེ་མ་འཁྲུལ་བ་སྔ་ཚགས་བྱ་དགོས་སོ། །

འབྲུམ་བུའི་བཅོས་ཀུན་མཁྱེན་ཆོས་འབྱུང་གིས་མཛད་པའི་ཕན་བདེ་མྱུར་སྟེར་ཤིན་ཏུ་ཟབ་ཅིང་། མདོར་བསྡུས་ན། ནད་རྟགས་རིམས་རྒོད་ཕོག་པ་དང་འདྲ་ལ་ཁྱད་པར་ཤ་མདངས་དམར་ལ་མཐུགལུས་ཐམས་ཅད་རྩེབརྩེ གློ་སྙིང་བརྡུང་། མཁྲིས་པ་སྐྱུག་པ་སྐྱ་ནད་ཀྱི་སྐབས་ཡིན་པས། སྤུ་སྒོ་དབྱེ་བའི་ཐད་སླེ་ཏྲེས་བདུན་པའམ། སླེ་ཏྲེས་བཅུ་དྲུག་པའི་བསྡུས་ཐང་དྲོན་མོ་གང་མང་བཏང་། སྨན་ཞུ་མཚམས་ཆུ་བསྐོལ་རྫེའུ་རུམ་དུ་བཅུག་ཅིང་གོས་ཀྱིས་བྱིབས་ནས་རྔུལ་འདོན། བལ་དང་སྲན་ཕྱེས་ལུས་ལ་དྲིལ་བྱ། ཐོག་མཐའ་བར་གསུམ་དུ་ལུས་ཅུང་ཟད་ཀྱང་འཁྱག་མི་རུང་ཞིང་། རླུང་དང་བསེར་བུས་གཏན་ནས་མ་ཕོག་པ་ཤིན་ཏུ་གལ་ཆེ། འདི་སྐབས་ནས་ལྷན་ཐབས་ནས་བཤད་པའི་མིག་དང་གྲེ་བའི་འབྲུམ་སྲུང་བསྟེན། ཞག་གསུམ་ཙམ་ནས་འབྲུམ་པ་ཐོན་པའི་དུས་ཡིན། མ་ཐོན་ན་ཁྲག་མཁྲིས་གཉན་ཚད་སོགས་ཀྱི་རྟགས་ཧ་ཅང་མི་ཆེ་བ་རྣམས་ལ། ལ་མོ་རྡོ་སྨན་ནམ། འབྲི་ལུགས་ཀྱི་རྡོ་སྨན་ལ་རྩ་ཁ་སྡོམ་བྱེད་རྣམས་ཕྲིས་པ་ཐུན་ཆུང་ངུ་ཆང་ཞིམ་ཉུང་ངུས་ཕུལ་ནས་ལན་ཁ་ཤས་བཏང་། ཚད་རྟགས་ཆེ། འབྲུམ་ནག་གི་དོགས་པ་ཡོད་ན་ལྷན་ཐབས་མེ་ཏོག་ཉི་ཤུ་པ་ཕག་རིལ་མ་བསྲེགས་པའི་ཐང་གིས་ཕུལ། གཉན་ཚད་ཀྱི་རྟགས་ཆེ་ན་ལྷན་ཐབས་ཀྱི་རྩི་སྨན་དང་རྡོ་རྩི་འདྲེས་མའི་སྦྱོར་བ་རྣམས་ཐང་དང་སྤེལ་ནས་བཏང་།འབྲུམ་པ་ཐོན་སྐབས་ལག་པའི་ཆང་འཆངཔ་གཡས་གཡོན་གྱི་འབྲུམ་པ་གསུམ། ཁའི་ཟུར་གཉིས། རྣ་རྒྱབ་གཉིས་སུ་བྱུང་ན་དེ་མ་ཐག་ཏུ་དཔལ་འབར་སྣུམ་ལྡན་གྱིས་བསྲེག གཉན་ཚད་ཀྱི་སྟོབས་ཆེ་ཞིང་འབྲུམ་པ་ཐོན་དཀའ། ཐོན་ནས་རྣག་ཁུགས་དཀའ་བའི་རིགས་ལ་གཉན་བཤལ་བཏང་བ་ཟབ་པས། བྱེ་རིང་གི་ཁྱུང་བཤལ་ལམ། སེར་པོ་དགུ་སྦྱོར་གྱི་བཤལ་གང་རུང་བྱ། འབྲུམ་པ་རྫོགས་ནས་ཞུད་ཀ་སྨན་གྱི་ཡོ་བྱད་ཅིག་སོགས་ཀྱིས་འབྲུམ་པའི་རྩེ་ཞོམ་པ་དང་གཏོགས་བཏོགསཀྱང་ཆུ་སེར་མེད་པའི་རྟགས་བྱུང་ན་ལྷན་ཐབས་ཀྱི་ཁོང་ཤོར་འདྲེན་སྨན་དངུལ་ཆུ་བདུན་པ་བཏང་། དེས་ཀྱང་ཐོན་དཀའ་ན། ནད་པས་མ་ཤེས་པར་བྱས་ཏེ་ནད་པ་རང་གི་བཤང་གཅི་དང་ཕག་རིལ་མ་བསྲེགས་པ་བསྡུས་པའི་ཁུ་བར། འཛིམ་དཀར་རྩ་བ་ནས་ཚད་གསུམ། དངུལ་ཆུ་ཚ་འདུལ། མུ་ཟི། ཛཱ་ཏི། གུ་གུལ། གི་ཝཾ། ཨ་ག་རུ། གླ་རྩི་རྣམས་ཀྱི་ཕྱེ་མ་བཏབ་ནས་ཉིན་ཞག་གཅིག་ལ་ལན་དྲུག་བཏང་བས་མི་ཐོན་མི་སྲིད།འདི་སྐབས་ཕལ་ཆེར་ལ་རླུང་གིས་སྨྱོ་འཆལ་བྱུང་ན་ཆང་ཞིམ་ཅུང་ཟད་བཏང་བས་སྣ་བླང་། ཚབས་ཆེ་ན་འདོན་བཞི་གང་རུང་དང་སྦྱར་ན་ལི་ཤི་ཉེར་ལྔ་སོགས་རླུང་སྨན་ཐེ་ཚོམ་མེད་པ་བཏང་བ་གནད་ཆེ། མིག་ལ་འབྲུམ་པ་བྱུང་ན་ལྷན་ཐབས་ལྟར་བཅོས། གྲེ་བར་བྱུང་ན་ཚ་ལ༠mm༠། བོད་མཚལ་བཏུལ་མ༠m༠m༣། རྒྱ་མཚལ་བཏུལ་མ༠m༠m༡། ག་བུར༠m༠m༣། གླ་རྩི་༠m༠m༣བཅས་ཀྱི་ཕྱེ་མ་སྨྱུག་སྦུབས་སམ་སོག་སྦུབས་ནས་གྲེ་བའི་ནང་དུ་སྤུར། ཁྲག་འཁྲུ་ན་མྱང་རྩི་སྤྲས་ཀྱི་ཐང་ཚན་མོ་ཕོར་ཆུང་ཕྱེད་ཙམ་ལན་ཁ་ཡར་བསྟེན། སྐྱིགས་བུ་སོགས་བླ་གཉན་བྱུང་ན་སོ་སོའི་བཅོས་ཐབས་འཕྲུལ། རྗེས་གཅོད་རྣག་སྐེམ་དངུལ་ཆུ་ཉེར་ལྔ་བཏང་ཞིང་སྤོས་དཀར་དང་རི་བོང་རིལ་མའི་དུད་པས་བདུག རྣག་ཚན་ཆེ་ན་ཕུར་ཡོག་དྲེས་མའི་ཐལ་བ་གདབ། གདོང་པའི་ཤུ་བ་སོགས་རང་བུད་མ་སོང་བར་མི་བཀོག ཐབ་ཆེ་སར་འབྲུམ་བུ་རྣག་ཏུ་ཁུགས་པ་ནས་སྔགས་དང་སྨན་གྱི་སྲུང་བ་བསྟེན། འབྲུམ་པ་སྐམས་རྗེས་སུའང་འགྲུལ་དང་ཐབ་བསུར་གསུརལ་རིང་དུ་འཛེམ། རྣག་སྐམ་ནས་ཁ་ཟས་ལྷུག་པར་བཏང་། ལན་ཚྭ་ཡུན་རིང་དུ་བསྲུང་།

སིབ་བུའམ་བེ་གེ་ནད་གོང་དང་ཕྱོགས་མཚུངས། ཐོག་མར་མ་ནུ་བཞི་ཐང་ངམ། སིབ་ཐང་གིས་སྨིན་པར་བྱས། རྩ་ཆུ་ཚ་ཤས་ཆེ་ན་སླེ་ཏྲེས་བཞི་ཐང་བཏང་། ཁོང་སྨན་བདུད་རྩི་ལོ་མ་ཤུག་པ་ཚེར་ཅན་གླ་རྩི་གུ་གུལ་ཤུ་དག་ཤིང་ཀུན་དངུལ་ཆུ་རྒོད་བཏུལ་བརྒྱད་སྦྱོར་ཆུ་བསྐོལ་གྱིས་ཕུལ། འབྲུམ་ཆུང་དམར་ཞིབ་མཆན་ཁུང་ཐོད་པ་སོགས་སུ་ཐོན་སྐབས་ལྷན་ཐབས་ཀྱི་སིབ་སྨན་ནམ། ཟུངས་བཟང་ཁྲག་མཁྲིས་ཅན་ལ་སྤང་རྩི་བཅུ་གཉིས། སྤྱི་ལ་འབྲི་ལུགས་སྨན་ནག་གམ་སླེབ་ཆོག་བཏང་ཡང་ཆོག ནད་སྟོབས་ཆེ་ན་སྲོ་མ་རྟ་རིས་སྦྱང་། བེ་གེ་མི་འཇིགས་ལྡོག་པ་འཇིགས། །ཞེས་སིབ་བུ་དངོས་གཞི་བཅོས་སླའང་། རྗེས་འགྲུལ་རྐྱེན་དང་ཟས་སྤྱོད་ཟླ་གཅིག་བར་གཟབ་དགོས། སྟོད་དུ་ལྡོག་ན་གག་པ་དང་སྟོད་གཟེར། སྨད་དུ་ལྡོག་ན་བཤལ་རིམས་སུ་འགྱུར་བས་བཅོས་དཀའ་ཞིང་དེ་དག་ཏུ་ལྡོག་ན་སོ་སོའི་བཅོས་ལྟར་བྱ། མ་ལྡོག་ན་ཞག་བཅུ་གསུམ་ནས་རུས་ཁུ་སོགས་ཆ་ཡིས་གློད། གལ་ཏེ་སོ་སོའི་གཞུང་སྨན་རྣམས་མ་འཛོམས་ན། འབྲུམ་པ་དང་སིབ་བུ་གཉིས་ཀར་ཐོག་མར་ནོར་བུ་བདུན་ཐང་ལ་གུ་གུལ་བསྣན་པའི་ཐང་གིས་སྨིན་པར་བྱས། དངོས་གཞིར་སྤྲུ་ནག་ཉེར་དགུའམ། གསང་སྨན་བསྣན་པའི་སོ་གཉིས་མ་བཏང་། རྣག་སྐེམ་ག་བུར་ཉེར་ལྔ་ཁོ་ནས་ཀྱང་ཕན་པ་ལག་བླང་དུ་སྣང་ངོ་། །

གཉན་རིམས་ལྕེ་ཐོག་ཏུ་བབས་པའི་གག་པ་ལ་འབྲི་ལུགས་གག་པའི་ཕན་པ་ཀུན་ལྡན། རྣམ་རྒྱལ་དགུ་པ། སྤྱང་ལྕེ་བརྒྱད་པ་དང་དགུ་པ། ཤུ་དག་བཞི་པ། ཁྱུང་ལྔ། གཙོ་ཁྱུང་རྣམས་ཟབ། གག་ལྷོག་རྣམས་ལ་སྨན་ལས་ཀྱང་སྔགས་ཀྱིས་ཕན་པ་ཆེ་བས་འདིར་ཡང་སྤྱང་ལྕེ་དར་དམར་གྱིས་དྲིལ་བ་ལ་སྔགས་ནས་ཁར་བཟུང་བ་ཟབ། མ་ཐུབ་ན་སྤྱི་གཙུག ལྟག་པའི་སྡུད་སྒོ། མཚོག་མའི་འདུས་སོ། སྨིན་མཚམས་གཡས་གཡོན། ཨོལ་མདུད། རྩེ་ཆུང་གཉིས་ཀྱི་མགོ་རྣམས་བསྲེག དེས་ཀྱང་མ་ཞི་ན་དྲག་པོ་བཅུ་གསུམ་དང་སྲོ་མ་རྟ་རི་གང་རིགས་ཀྱི་སྦྱོང་སྐྱུགས་བཏང་། མེ་མི་གདབ་པར་བཤལ་ཁོ་ནས་ཀྱང་འཐུས།

གཉན་ཤ་ལ་བབས་པའི་ལྷོག་པ་ལ། ཐོག་མར་སྐྱེར་ཤུན་གྱི་ཐང་བཏང་། མཐའ་སྐོར་དུ་དཀར་གསུམ་བྱུགས། ཁྱུང་ལྔ་ཝ་ཏ་མཉམ་སྦྱོར། དམར་ཆེན་རྡོ་རྗེ་ཕ་ལམ་གྱིས་གསོད། ཡང་སྔོན་མོ་ལྷོག་ཟན། མེ་ཏོག་གསུམ་པ་ཁ་ཚར་ཅན་རྣམས་རེ་རེས་ཀྱང་ཕན། བའུ་ཆུང་ངམ་སྟག་མའི་ཡུང་རྡོག་ཟེར་བ་དེའི་ཁུ་བ་བཏང་ནས་གཉིད་ན་སད་དུས་དྲག ཅིས་ཀྱང་མ་ཐུབ་ན་སྡོམ་ནག་ལ་འཇིབ་ཏུ་གཞུག ཝ་ཏ་གཅིག་རྒྱུག་ཀྱང་ཤིན་ཏུ་ཟབ། གག་པའི་ཕན་པ་ཀུན་ལྡན་དང་རྣམ་དགུ། གཙོ་ཁྱུང་རྣམས་ཀྱང་འཕྲོད། གག་ལྷོག་གཉིས་ཀའི་སྐྲངས་མཐར་རེག་པ་བདེ་སྐྱེད་བྱུགས། གཡུང་བའི་རིགས་རྣམས་དེ་ཙམ་གྱིས་ཐུབ། རྒོད་ཡང་རྒོད་ཀྱི་རིགས་ལ་བྱུག་པ་དང་ཁོང་སྨན་ཞག་གསུམ་བསྟེན་རྗེས་སྐྲངས་ཀྱི་དཀྱིལ་ལ་མངར་གསུམ་བྱུགས་ནས་ལྕགས་ཀྱི་ཏེལ་པའམ་སྤྲ་བས་བསྲེག ཁྱུང་རྒོད་མཉམ་སྦྱོར་གྱི་ཁོང་སྲུང་བཏང་ཞིང་ཐབ་སྔགས་བྱ། དེས་མ་ཐུབ་ན་གཉན་བཤལ་སྲོ་མ་རྟ་རིའམ། ཁྱུང་བཤལ་བཏང་། འདི་ཐོག་མར་བྱུང་སྐབས་ཡིན་མིན་ཐེ་ཚོམས་ཚོམན་མུ་ཟི་ཤུ་དག་གླ་རྩི་སྦྱང་སྦྱརབ་ཁོང་དུ་བཏང་། ཤུ་དག་སྦྱར་བ་བྱུགས། དཀྱིལ་དུ་ཚ་མར་བཀུས་བསྐུསན་ལྟོ་དམར་བ་དང་། སོག་འདབ། ཨན་སྟོང་། མུར་འགྲམ་རྣམས་ལ་དམར་ཐིག་འབྱུང་བར་བཤད། ཡང་ཕྱི་རྒྱུད་མེ་ཏོག་གསུམ་པ་ལ། མིང་ཅན་ནག་པོ། ཝ་ཏ་ཐུན་ལོག་ཙམ་བཏང་བ་དེ་མི་ཕྱུགས་གཉིས་ཀར་ཕན་པ་ལག་བླང་མྱོང་གྲུབ། ལྷོག་རྒོད་ཐོག་བབས་སུ་བྱུང་བ་ལ། རྟ་བླའི་རོ་མགོ་སུག་མ་ཉམས་པ་མར་གྱིས་དྲིལ་ལ་ཁྱུར་མིད་བྱས་པས་ཕན་གསུངས།

གག་ལྷོག་གཙོར་གྱུར་གཉན་རིགས་སྤྱི་འཇོམས་ཀྱི་སྔགས་རྒོད་ཤིན་ཏུ་ཟབ་པ་ནི། རང་ཉིད་ལྕགས་ཀྱི་བྱ་ཁྱུང་མེ་འབར་བ་རྭ་དང་མཆུ་སྡེར་གནམ་ལྕགས་ངར་མ་ལས་བྱས་པ། གཉན་ནད་ཐམས་ཅད་འཇོམས་པར་བྱེད་པར་བསམས་ལ། ༀ་ནག་པོ་ཀྭ་ལ་རཀྴ་རྦད་རྦད། སོད་སོད། ཕྱུང་ཕྱུང་། སྤུ་གྲིས་ཟང་ཟང་། ལྕགས་ཀྱུའི་སྡར་སྡེརམོས་གནོད་བྱེད་འབྱུང་པོའི་སྙིང་ལ་ཟོ་ཟོ། ནཱ་ག་བྱི་མ་སོད། ནཱ་ག་བྱི་མ་ལིང་སོད་སྲོཾཧཱ། ཞེས་སྨྲ་བ་བཅད་ནས་མ་ཡེངས་པར་བཟླས་གྲངས་མངས་སུ་ཐེམས་ན་གཉན་རིགས་ཐམས་ཅད་འདི་གཅིག་པུས་ཐུབ་པའི་ལག་བླང་མའོ། །གཉན་སྐྲང་ཆུང་ངུ་ལ་བྱང་བུལ་ཆུ་བྱུགས་པས་ཐུབ་བོ། །

རིམས་དང་མ་འདྲེས་པའི་ཆམས་ཆམཔ་ཁ་རྐྱང་ལ་ཟས་སྤྱོད་གཟབ་པ་ཙམ་གྱིས་འཚོ་བས་སྨན་མི་དགོས། ནོར་བུ་བདུན་ཐང་དྲོད་འཇམ་ཙམ་གྱིས་ཀྱང་ལམ་ནས་ལྡོག་པར་འགྱུར། ཅུང་ལྗི་ལྕིན་དཔའ་བོ་བཅུ་བཞིའམ། བསིལ་བཅུད་བཅོ་ལྔ། སྤྲིན་བྲལ་ཟླ་ཟེར་སོགས་འཕྲོད། སྣབས་ལུད་མང་ཞིང་གྲེ་བ་ཚ་བའི་གྲེ་ཆམ་ལ་པི་པི་ལིང་ཐུན་གཅིག་ཞོ་ནང་བཏབ་ནས་འཐུང་བས་སེལ། བོང་ང་དཀར་དམར་པི་པི་ལིང་གསུམ་ཆ་མཉམ་ཕྱེ་མ་ཞོར་སྦྱར་འཐུང་བ་ཤིན་ཏུ་ཟབ་པར་བསྔགས། ཆམས་ཆམགཞུག་ལུ་བ་ལ་ནོར་བདུན་གློ་སྨན་བཏང་། ཡང་གློ་ལུ་ཐོག་མར་བྱུང་སྐབས་ག་བུར་ཉེར་ལྔ། བར་དུ་འཁྲུགས་གློ་ཀུན་སེལ་འཕྲོད། མཐར་ལུ་བ་ཅིས་ཀྱང་མ་ཆོད་བཅོས་རྡུགས་ན། དར་མ་མཁྲིས་ཤས་ཆེ་བ་ལ་ལུག་མུར་བདུན་པ་ཙནྡན་དཀར་དམར་གཉིས་ཆ་མཉམ་བཏང་བ་དང་། བད་ཤས་ཆེ་ན་རྒྭ་ལོའི་སྨན་དམར་སྟེང་ཤིང་མངར་འཁོར་སྨན་གཅིག་གི་བུངས་མཉམ་བསྣན་པ་ཆང་གིས་ཕུལ་བས་ཕན། དེང་སང་ཆམས་ཆམཔ་ལའང་གཉན་ཤས་འཁྲི་ཞིང་ཅུང་ལྗི་ལྕིབར་སྣང་བས་ཐོག་མར་ཐང་བཏང་རྗེས།ཁྱུང་སྔོན་དགུ་པ་བཟི་ཆུང་ཅན་བཏང་ན་འཕྲོད་ཆེ་ཞིང་ལུ་བ་མི་འབྱུང་བ་ལའང་ཕན། ཆམས་ཆམརིམས་མཐའ་དག་ལ་སྨན་གང་ཡང་ཁོང་པར་མ་སོང་བའི་སྐབས་རྒྱ་ནག་མ་བཏང་ན་གཅིག་ཆོག་ཡིན་པ་ངག་རྒྱུན་ལས་ཐོས་སོ། །

X