//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་དགུ་པ། དོན་ལྔའི་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:22:07 ཀློག་གྲངས། 13 

སྙིང་ནད་གོང་གསལ་རྣམས་ཀྱིས་འཐུས། སྙིང་སྲིན་སོགས་མན་རྒྱུད་ལྟར་བཅོས་དགོས།

གློ་ནད་ཁྲག་འཁྲུགས་ཆམས་ཆམཔ་སོགས་ཀྱི་ནད་མཇུག་གློ་བར་ཞེན་པ་ཡིན་པས། ཐོག་མར་གཙོ་བོ་ཉེར་ལྔ་དང་། ཙནྡན་བཅོ་ལྔས་ཚད་པ་བཅག གློ་རླུང་ལྦུ་སོབ་ལུ་བ་ལ་བདུད་རྩི་འཆི་སོས། འཁྲུགས་གློ་ཀུན་སེལ། ཨ་གར་རིགས་བ་འོ་དང་ཆང་སོགས་གང་འོས་ཕུལ་ནས་བཏང་། བད་གློ་འཚང་ཞིང་རྒྱུན་དུ་ལུ་བ་ལ་རྒུན་འབྲུམ་བདུན་པ་ཁ་ཚར་ཅན་དང་། སྤང་རྒྱན་བཅོ་ལྔ་ཡང་ཟབ། མན་བསིལ། དྭ་ལི་ད་ལིསབཅུ་དྲུག ཨ་གར་བཅོ་ལྔ་རྣམས་ལྟག་པ་སྤྲད་པའང་འཕྲོད། གློ་རྣག་ཡོད་རྟགས་ཆུ་གར་ཞིང་ཀུ་ཡ་སྤྲིན་དང་རྣག་འདྲ་བ་བྱུང་ན་དཀར་པོ་ཡར་འདྲེན། མན་རྒྱུད་སྟར་བུ་པཉྪ་གང་རུང་བཏང་བས་གྱེན་དུ་དྲངས་ཐུབ་ནས་རྣག་སྐེམ་ལ། ཟངས་ཐལ་ཉེར་ལྔ་དང་། བསེ་རུ་ཉེར་ལྔའི་སྟེང་ཟངས་ཐལ། དངུལ་ཆུ། དུང་ཐལ་བསྡེབས་པ་ཟབ། ཡང་རླུང་ཤས་དང་གཉན་ཁ་མེད་ན། ག་བུར་ཉེར་ལྔ། དཔའ་བོ་བཅུ་བཞི་སོགས་བཏང་བས་ལུད་པ་གར། མཐར་ལུད་པ་སྐྱ་སོབ་ཏུ་འགྱུར། ཆུ་དྭངས། རླུང་རྟགས་བྱུང་ན་སོ་ལྔ། དྲང་སྲོང་ཨར་བརྒྱད། ཨ་གར་བཅོ་ལྔ་སོགས་བཏང་། ཤ་གསར་དང་བ་འོས་ལུས་ཟུངས་གསོ། དམར་པོ་གསུམ་བ་འོ་ལ་སྦངས་པའི་ཁུ་བས་ཅུ་གང་ཉེར་ལྔ་ཕུལ་བ་ཡུན་གང་འོས་བསྟེན། གློ་བ་སུཪྻ་ལ་ཟངས་ཐལ་ཉེར་ལྔ་དང་། བསེ་རུ་ཉེར་ལྔ་ཟབ། རྒྱུན་དུ་གློ་རོ་ལུ་བ་ལ་ག་བུར་ཉེར་ལྔའི་ག་བུར་ཚབ་ལ་སྟོང་ཟིལ་དང་། སྲོ་ལོ་དམར་པོ་ཁ་ཚར་བཏབ་པས་ཕན། འཁྲུགས་ལུ་ལ་ནོར་བདུན་གློ་སྨན། ཕྱི་རྒྱུད་ཙནྡན་བརྒྱད་པ། བོང་དམར་བདུན་པ། འཁྲུགས་ཁྲག་ཀུན་སེལ་རྣམས་ཟབ། གློ་རྒན་རྗེས་གཅོད་ཚིགས་པ་བཞི་པ་དང་ལྔ་པ་བསྲེག

མཆིན་པའི་ནད་སྨུག་པོ་ཁྲག་རུལ་མཆིན་པར་སླེབ་པ་དང་ཆང་རག་འཐུང་ཆེ་བ་དང་། མཁྲིས་ནད་ཡུན་ལོན་སོགས་ཀྱིས་རྩིབ་ལོགས་གཡས་གཟེར། མིག་དམར་ཞིང་གདོང་སྨུག ལག་གཡས་ཀྱི་ཀན་རྩ་འབུར་བའམ་ཡང་ན་ཞན། ཆུ་མདོག་དམར་སྨུག་འབྱུང་། ནད་ཞེན་ཤོར་ན་བཅོས་དཀའ་བས་ཐང་ཆེན་ཉེར་ལྔས་བསྡུས། མཆིན་ནད་སྤྱི་ལ། ཟླ་ཤེལ། བདེ་མྱུག གཡུ་སྙིང་རྙིངཉེར་ལྔ། གླང་ཆེན་བཅུ་གསུམ་དང་བཅོ་བརྒྱད། གི་དགུ། གུར་གུམ་བཅུ་གསུམ། མཆོག་བདུན། མན་བསིལ། སྨུག་པོའི་གཡུལ་རྒྱལ་སོགས་ཟབ། སྨུག་པོ་ཤས་ཆེ་ཞིང་གྲང་གཞི་མེད་ན་སྐྱུ་རུ་ཉེར་ལྔ་ལེགས། བདུད་རྩི་སུམ་སྦྱོར་སྟེང་གི་ཝཾ་བྲག་ཞུན་བསྡེབས་པ་མཆིན་མཆེར་གཉིས་ཀར་འཕྲོད། མང་སྦྱོར་ཆེན་མོའང་ཟབ་ཅིང་རྗེས་གཅོད་མཆིན་རྩ་གཏར། ཕོ་མཆིན་ནད་རིགས་སྤྱི་ལ་དབང་རིལ་ཉེར་ལྔ་ཚད་ལྡན་སྦྱར་བས་ཕན་ཆེ་བ་ལག་བླང་མ་ཡིན། མཆིན་ནད་ལ་ལུ་ཆུང་བྱེད་པ་མང་། ལུད་པ་སྐྱ་སོབ་འབྱུང་བ་དེ་ལ་ཉི་ཟླ་ཁ་སྦྱོར་ཟབ།

མཆེར་ནད་ལ་སྦོས་གཟེར་བྱེད་ཅིང་གཡོན་ངོས་ན། མཆུ་སྔོ་བའམ་སྐྲངས། བེར་ལྦ་ཟེར་བའི་ཤུ་ཐོར་དང་གློག་ཤུ་ངེས་མེད་འབྱུང་། ཤིག་མང་བའང་མཆེར་ནད་ཡིན། དེ་ལ་ཆུ་དམར་པོ་ལྗང་ཞད་ཡོད་ན་ཚ་ཞད་ཡོད་པས་མཆེར་ཚད་ལྟར་བཅོས། གྲང་ཞད་ཅན་ལ་ཀོ་ལ་བཅུ་གཅིག བཅོ་ལྔ། བཅུ་དགུ་རྣམས་དང་། ཞི་དྲུག ཨ་རུ་བདུན་པ་བསྲེས་པའང་ཟབ། ཟ་འཕྲུག་བྱུང་ན་དེ་སྟེང་སྤོས་དཀར་བཅུ་པ་གདབ་ལ་གཏང་།

མཁལ་ནད་ནི། ཁྲག་ནད་སྨད་བབས་ཀྱི་རྒྱུ་སོགས་ལས་འབྱུང་ཞིང་མཁལ་རྐེད་ན་ཞིང་རྐང་པ་བཤལ་བ་སོགས་གྲང་གཉན་སྤྱི་ལ།དངུལ་ཁྱུང་མེ་དབལ་ཅན། ཨར་ཁྱུང་། དངུལ་ཆུ་ཉེར་ལྔ་སོགས་སྐབས་དང་བསྟུན། ཆུ་མདོག་དམར་ལ་སྙིགས་མ་ཅན་གཉན་འགྲམ་འགྲམསརྩ་འགྲམ་འགྲམསགྲང་ཁྲག་སོགས་སུ་འབོད་པ་དེ་ལ། ཨ་རུ་བཅུ་པ་དང་། བཅོ་བརྒྱད། ངར་ཕུག་ཨ་རུ་ཉེར་བཞི། སྭོ་རའི་བྱ་ཁྱུང་། ཨར་ཁྱུང་སོགས་ཀྱིས་གཉན་ཚད་བཅག ཆུ་དྭངས་ཤིང་གཟེར་ཆག་ཚེ་ཕྱི་རྒྱུད་སུག་སྨེལ་བཅུ་པ། གོ་ཡུ་དགུ་སྦྱོར་དང་བཅུ་གསུམ། སེ་འབྲུ་ཉི་དཀྱིལ་དང་ལྔ་པ། བདེ་བྱེད་ཀུན་ཕན་སོགས་ཟབ། འགྲམ་འགྲམསཀྱི་རིགས་ལ། རྒྱུ་ཞབས་གཟེར། ཆུ་ལམ་ཚ་ཞིང་སྙིགས་མ་འོ་རུལ་ལྟ་བུ་འོང་བ་དེ་ལ་སེར་ཤས་ཆེ་ན་ཁྲག་དང་གཉན། སྔོ་ཤས་ཆེ་ན་རླུང་དང་གྲང་བ་ཡིན་ཅིང་། འགའ་ཞིག་ལ་གཤང་བཤངགཅི་ཐམས་ཅད་ཁྲག་ཏུ་འོང་བའང་ཡོད་ཅིང་དེ་རིགས་བཅོས་དཀའ། འདི་ལ་གཉན་ཁ་དང་གདོན་ཆེ་བས་ཐོག་མར་དྲོད་སྨན་འགྲོ་མི་རུང་། ཨར་ཁྱུང་དང་སྭོར་ཁྱུང་། ཆོས་ཉིད་དམར་མོ། ཨ་རུ་བཅོ་བརྒྱད་སོགས་ཡུན་རིང་འཐུང་བས་གཉན་ཁ་ཆག་བཅགནས་ཟུག་གཟེར་ཆུང་། ཆུའི་དམར་མདངས་ཡལ་ན་གོང་སྨོས་གོ་ཡུའི་སྦྱོར་བ་སོགས་དང་། བསམ་འཕེལ་ནོར་སྦྱོར་བཏང་། གྲང་འགྲམ་འགྲམསསོགས་གནམ་ལྕགས་ཟིལ་བཤལ་ཆེས་ཕན་ཀྱང་ཅུང་ཟད་རྩུབ། ཟུག་གཟེར་གཏན་མེད་དུ་སོང་སྐབས་ཨ་རུ་ཟག་ཟགསགཅོད། ཉི་ཟླ་གྱེན་ཟློག་སོགས་དང་སུག་སྨེལ་བཅུ་པ་བཏང་། འབྲས་བུ་སྐྲངས་ཤིང་རྩ་རྒྱུད་གཟེར་བ་དང་། ཕོ་མཚན་སྐྲངས་ནས་འགྲེངས་པ་སོགས་ཀྱང་འདིའི་ཁོངས་སུ་གཏོགས་པས་གོང་སྨན་རྣམས་དང་། ལྷག་པར་ཨར་ཁྱུང་། སྤོས་ཁྱུང་། རྩ་ཐག་བཅུ་གསུམ་དང་བཅུ་དྲུག དར་ཕུག་བྲེ་ག་བཅུ་གསུམ། སེ་འབྲུ་བཅོ་ལྔ་ཟབ། ཡང་དྲེས་མའི་འབྲུ། ཐང་ཕྲོམ་ནག་པོའི་འབྲུ། སུག་སྨེལ། སྡིག་སྲིན་བཞི་ཆ་གཉིས་རེ། བྲེ་ག སྨད་འབྲས་གསུམ། དམར་པོ་གསུམ། ཨ་རུ་མཁལ་ཞོ། བ་ཤ་ཀ་རྣམས་ཆ་རེ་རེ་སྦྱར་བས་རྩ་འགྲམ་འགྲམསམཁལ་རླུང་། ཚ་གྲང་འབྲས་བུ་སྐྲངས་པ་རྣམས་ལ་འཕྲལ་དུ་ཕན་པས་ཆེས་ཟབ། འབྲས་བུ་སྐྲངས་ཕྱོགས་ཀྱི་རྐང་མཐེབ་སྤུ་འཁྱིལ་གང་འོས་བསྲེག ཕོ་མཚན་སྐྲངས་པ་འབྱར་སོགས་ཀྱིས་མ་ཞི་ན་ལྤགས་པགསསྣེ་གཙགས་བུས་དྲལ་ནས་ཆུ་བཏོན་མཐར། འབྱར་ཆེན་བཅོ་བརྒྱད་ཀྱིས་འབྱར་བྱ། མཁལ་མའི་ཐད་རྨ་འབྱུང་བའི་སཱིཪྻ་ལ། ཨར་ཁྱུང་། གུར་ཁྱུང་། བསམ་འཕེལ་ནོར་བུ་ཟངས་ཐལ་བསྡེབས་པ་ཟབ། བྱིན་གཞུག་གཏར། མཐར་ཟངས་ཏེལ་མེ་ཚུགས་གདབ། མཁལ་ནད་སྤྱིའི་མཐར་ན་ལོ་རྒས་པ་ལ་ཚིགས་པ་བཅུ་གསུམ་དང་བཅུ་བཞི་བསྲེག གཞོན་པ་ལ་གཏར་ག་བྱ། མཁལ་རྐེད་ཀྱི་ནད་སྤྱི་ལ་གོ་ཡུ་བདེ་བའི་དཔག་བསམ། ཨ་རུ་བཅོ་བརྒྱད་དང་སོ་ལྔ། གཉན་ཤས་ཅུང་ཡོད་པའམ་ཡོད་པར་དོགས་པ་ལ་རྒྱ་ནག་མ་དང་། མན་ངག་འགམ་ཕྱེ་དམར་པོ་རྣམས་ལེགས། མཁལ་རྩ་འགྲམ་འགྲམསཔ་ལའང་དེ་རྣམས། ཨར་ཁྱུང་ཟབ། ཁྲག་ཁམས་ཀྱིས་སྟོང་སྟོདགཟེར་སོགས་འདྲེས་པའི་གྲང་ཁྲག་ལ། གུར་གུམ་བཅུ་གསུམ། གཉེན་པོ་བཅོ་བརྒྱད། སེ་འབྲུ་ཀུན་ཕན་རྣམས་ཟབ་ཅིང་། མཐར་སྨད་དུ་ཐབས་བབསཚེ་བྱིན་གཞུག་དང་བྱིན་ཀྱོག་གཏར། མཁལ་གསང་ལ་མེ་བཙས་རྗེས་གཅོད་བྱ། ཁམས་ཟགས་ཚ་འཛག་ལ་སྭོ་རའི་བྱ་ཁྱུང་། དོམ་མཁྲིས་ཁ་ཆེ་ཧ་ལོ་བུངས་བསྐྱེད་པ་དང་། རྡོ་རྗེ་ཁྱུང་དམར། ཆོས་ཉིད་རིལ་བུ་རྣམས་དང་། ལྷན་ཐབས་འཛག་སྡོམ་ལ་ལྕམ་དཀར་མེ་ཏོག་མང་མའི་བུངས་མཉམ་གཏོང་བ་དེ་ཆེས་ཟབ། གྲང་འཛག་ལ་རེ་རིམིག་དགུ་པ་ཧ་ལོའི་ཐང་གིས་ཕུལ་བའམ།ཉི་དཀྱིལ་སྟེང་ཁ་ཆེ། དོམ་མཁྲིས་གངས་སྦལ་ལམ་སྲམ་གྱི་གཞུག་ཏོ་བསྣན་པ། གཉིས་ཀ་ལ་ཛཱ་དངུལ་སྦྱོར་བ་ཟབ། ཛཱ་དངུལ་ཁ་ཚར། སེ་འབྲུ། སུག་མེལ། ཤིང་ཚ། པི་པི་ལིང་། གུར་གུམ། དོམ་མཁྲིས། གོ་ཡུ་བཅས་འདེབས་པ་དྷརྨཱ་ཀ་རིའི་རའིཞལ་རྒྱུན་ཡིན་ཟེར། ཆུ་བཙགས་རྗེས་སུ་ཆུ་ཁ་ཚ་བ་ལ་སྐྱེར་ཤུན་ལྔ་པ་ཁོ་ན་ཟབ། བསྐྱེད་སྐྱེསཔའི་ཁམས་རྣག་ལྟ་བུ་དང་། སྐབས་སུ་ཁྲག་ཀྱང་འོང་བ་དེ་ལ་ཨ་རུ་བཅོ་བརྒྱད་དང་། སྭོ་རའི་བྱ་ཁྱུང་ལྟག་སྤྲོད་ཟབ། འབའ་སམ་སྨན་མར་ཚད་ལྡན་སྟེང་། སེ་འབྲུ་ཉི་དཀྱིལ་ལ་དབང་ལག བྲེ་ག གང་གངསསྦལ་ལམ་སྲམ་གྱི་ཤ་བསྣན་པ་ཁ་ཚར་བཏབ་པས་མཁལ་རྐེད་གྲང་ནད་སྤྱི་དང་། ཁྱད་པར་ལུས་སྟོབས་ཆུང་བ་ལ་བསྔགས། མཁལ་རྐེད་རྐྱང་པ་ལ་གོ་ཡུ་དགུ་སྦྱོར་ཁ་ཚར་བཏབ་ཀྱང་ལེགས་སོ། །

X