//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་བཅུ་པ། སྣོད་ཀྱི་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:22:53 ཀློག་གྲངས། 5 

སྣོད་ཀྱི་ནད་མཁྲིས་པ་ནི་མཁྲིས་ནད་སྐབས་སུ་སོང་།ཕོ་བའི་ནད་མ་ཞུ་བ་སོགས་བད་ཀན་གྱི་སྐབས་ལྟར་ལ། ཕོ་ནད་སྤྱི་ལ། ཅོང་ཞིའི་ཅུར་ནིས་སྟེང་ཚ་ལ་ཆུ་བཅད་མང་ཙམ་བཏབ་པས་ཤིན་ཏུ་ཕན། ཕག་གྲུའི་གྲུབསྦྱོར་བའང་ལེགས། སེ་འབྲུ་ཉེར་ལྔའི་སྟེང་རྡོ་ཐལ་བུངས་མཉམ་བསྣན་ཏེ་སྟར་བུའི་ཁཎྡྲིས་འདམ་འཐགས་བྱས་པའི་རིལ་བུ་ཕོ་ནད་ཕལ་ཆེར་ལ་ཟབ། ཕོ་བར་ཁྲག་མཁྲིས་ལྷུང་བའི་བཅོས་གཞན་རྡུགས་ན་བྲག་དགུའི་སྟེང་ཀུན་དང་འཇིབ་རྩི་ཆ་སྙོམས་བྱས་པ་ཟབ། སྲིན་གཟེར་གྱིས་ཕོ་བ་སྦོས་པ་ལ་ཟུར་ལུགས་རྒྱ་སྟག་སུམ་འགྲོལ་དོམ་མཁྲིས་ཆུས་ཕུལ། རྒྱུ་མའི་ནད་རྣམས་མཁྲིས་པ་ལྟར་བཅོས། ལོང་ནད་རླུང་དང་བད་ཀན་ཕྱེད་མར་བཅོས་དགོས་ཤིང་། ལོང་རླུང་ལ་ཤིན་ཤིངཀུན་ཅུར་ནིས་དང་ཉེར་ལྔ། བདེ་བྱེད་སྙོམས་ལྡན། དྭ་ལི་ད་ལིསབརྒྱད་པ་ཟབ། ཛཱ་ཏིའི་ཕྱེ་མ་མར་ཁུས་ཕུལ་བས་ཀྱང་ཆོག མདུན་དང་རྒྱབ་ཚིགས་བཅུ་དྲུག་པ་བསྲེག ལྒང་པ་དང་བསམ་སེའུའི་ནད་རྣམས་མཁལ་བཅོས་ཀྱིས་འཐུས་སོ། །

X