//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

༡ རིན་པོ་ཆེའི་དུག་འདོན།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:53:46 ཀློག་གྲངས། 3 

ཐོག་མར་རིན་པོ་ཆེའི་དུག་འདོན་ནི། གཡུ་རྙིང་བྱི་རུ་མུ་ཏིག་སོགས་གང་ཡིན་ཁྲོལ་ཙམ་བརྡུངས་པའི་ལྗིད་དང་མཉམ་པའི་ཚ་ལ་དང་ཟེ་ཚ། ཟེ་ཚའི་སུམ་ཆ་བེ་ལྗང་རེ་རལ་མཆོག་ཡིན་ཀྱང་མ་རྙེད་ན་ལྡུམ་བུ་རེ་རལ་དང་གངྒཱ་ཆུང་། སྟར་བུའི་ཁཎྡྲི་མང་ཙམ། ཨ་རུ་ར་རུས་པ་བཅས་པ་དང་། མགྲོན་བུ་ལྡེ་སྦོཅན་གྱི་ཐལ་བ་ཚྭ་འདེབས་ཙམ། གླ་རྩི་དྲི་ཐོན་ཙམ་བཅས་ལོ་བརྒྱད་དྲི་ཆུར་བཏབ་ལ་ཉི་མ་ཕྱེད་ཙམ་མམ་བྱི་རུ་མདོག་འགྱུར་ཙམ་དུ་བཙོ། དེ་རྗེས་ཆང་བཟང་པོ་བསྣན་ནས་བཙོ། དེ་རྗེས་ཆུ་གྲང་གིས་དག་པར་བཀྲུ། དེ་རྗེས་ཆུ་གཙང་ནང་དུ་ལན་གསུམ་བཙོས་ལ་བཤལ་ལོ། །

X