//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

༤ དངུལ་ཆུ་འདུལ་ཚུལ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 9:13:54 ཀློག་གྲངས། 7 

ཟླ་ཤེལ་སོགས་སྨན་སྦྱོར་ཆེ་བ་རྣམས་ལ་བཏང་རྒྱུའི་དངུལ་ཆུ་གྲང་འདུལ་བསྡུས་པ་དཀར་འདུལ་དུ་གྲགས་པ་ལའང་། ལག་ལེན་ཅུང་ཟད་རྒྱས་པའི་ཕྱོགས་ནི་ཟླ་ཤེལ་སྦྱོར་ཐབས་སུ་བྲིས་ཟིན། འདིར་བསྡུས་པ་རྒྱུད་ཀྱི་དངོས་བསྟན་ནི། དངུལ་ཆུ་ཞོ་གང་ལ་སྒ་པི་ཕོ་གསུམ་སོ་སོའི་ཕྱེ་མ་མཐུར་ཐུརམགོ་གང་ཙམ་རེ་བཏབ། རའམ་གླ་ལྤགས་ཀྱི་ནང་བསྟན་དུ་བླུགས། ཁུག་མའི་སྟོད་ནས་ཁ་དམ་པར་བསྡམས་ལ་ཉི་མ་ཕྱེད་ཙམ་ལ་དལ་བུས་མཉེས་ལ་རྫས་རོ་ལྗང་ནག་གུད་དུ་ཕྱེ། དུག་ཡོད་པས་སར་སྦ། དེ་ནས་བ་གཅིན་ནང་དུ་ཁོལ་ཙམ་བཙོ་ཞིང་དཀྲུགས་ལ་ཆུ་ཕྱིར་དོར་ལ་ཆུ་གྲང་གིས་བཤལ། དེ་ནས་ལྕགས་སྐྱོགས་སུ་སྣུམ་ནག་ཕོར་ཆུང་གང་ཙམ་བསྐོལ། ཁོལ་བྱུང་དུས་དངུལ་ཆུ་སྣུམ་ནང་བཏབ། དེ་འཕྲལ་གཤའ་དཀར་ཞོ་ཕྱེད་བཏབ་ལ་མ་ཎི་ཕྲེང་སྐོར་ཙམ་གྱི་ཚོད་ཙམ་བཙོས་ལ་ཕོག སྣོད་ཀྱི་ཁ་ནས་སྣུམ་ཕྱིར་ཕོས་ལ་དངུལ་ཆུ་གྲང་དུ་བཅུག དེ་ནས་དངུལ་སྐམ་དང་མུ་ཟི་བསླད་མེད་ལྗིད་མཉམ་པར་ལྷན་ཅིག་རྡོ་གཏུན་དྲོད་ལྡན་དུ་ལེགས་པར་བསྣུར་བས་ནག་མཐིང་དངུལ་འོད་མེད་པ་བྱུང་ཚེ་དར་རས་ནག་པོར་བཏུམས་ལ་སྨན་སྦྱོར་དུ་བཏང་།

གཉན་དང་ཆུ་སེར་སོགས་ཀྱི་སྨན་སྦྱོར་ལ་བཏང་རྒྱུ་དངུལ་ཆུ་ཚ་འདུལ་ལམ་དྲག་འདུལ་རྡོ་རྗེའི་ཐིག་ཐིགསཔ་ནི། རྡོ་གཏུན་མེའམ་ཉི་མ་ལ་བསོས་བསྲོསནས་ལག་པས་རེག་མི་བཟོད་པའི་ནང་དུ་དངུལ་ཆུའི་ལྗིད་མཉམ་གྱི་མུ་ཟིའི་ཕྱེ་མ་བླུག དེ་ཞུ་བ་དང་དངུལ་ཆུ་དེ་མཉམ་བླུགས་ནས་རྡོ་ཚ་མོས་ཡུན་དུ་འདུར་ནས་དངུལ་འོད་ཅུང་ཟད་ཀྱང་མེད་པའི་ནག་མཐིང་དུ་སོང་ནས་བཞག གློ་བུར་མགྱོགས་ཐབས་དགོས་ན། ལྕགས་སྐྱོགས་མེ་ཐོག་བཙུགས་ནས་མུ་ཟི་བཞུ། དེ་ནང་དངུལ་ཆུ་བླུགས་ལ་ཤིང་བུས་དཀྲུགས། སྐྱོགས་ངོས་འབྱར་བ་རྣམས་བཀོག་ནས་རྡོ་གཞོང་དུ་ཕྱེ་མ་བྱས་པས་ཆོག་གོ

X