//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

༤༢ ཙནྡན་མར་ཁུ་ཕབ་ཚུལ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 9:58:15 ཀློག་གྲངས། 8 

ཙནྡན་མར་ཁུའམ་ཤུག་རག་ཏུ་གྲགས་པ་ནི། ཤུག་པ་སྤ་མ་སྡོང་པོ་ཐང་ཆུ་ཅན་གཞོག་པ་དེ་རྫ་མའི་ནང་དུ་གང་ངེས་བླུག ས་ལ་དོང་བྲུས་པའི་ནང་དུ་སྣོད་ཅིག་ཁ་ཡར་ལ་ཟེད་པའི་སྟེང་རྡོ་ལེབ་ཁུང་བུ་བདུན་ཙམ་ཡོད་པས་བཀབ། དེ་སྟེང་ཤུག་པས་བཀང་བའི་རྫ་མ་ཁ་སྦུབས་ལ་ས་དོང་མཚམས་ནས་སྲུབ་མེད་པར་རྫ་མའི་ཕྱི་ངོས་འདག་ཞལ་བྱས་ནས་སྐམ་དུ་གཞུག དེ་ནས་སོལ་མེ་འབུད་ནས་ཉིན་གཅིག་ཙམ་བསྲེགས་པས་ཤུག་པའི་ཁུ་བ་རྡོ་ལེབ་ཐུག་བུ་གནས་དོང་གི་སྣོད་དུ་འཁྱིལ་པ་དེས་ཆུ་སེར་སོགས་པགས་ནད་རིགས་ལ་ཆེས་ཟབ་པའོ། །འདི་ལའང་འོག་ཏུ་ཆུ་རླན་མེད་ན་མང་པོ་མི་བབས་རིམ་གྱིས་སྐམ་འགྲོ་བས། དོང་ནང་ཆུ་དོང་ལ་རྫ་མ་ནུབ་པ་བྱ། ལྟག་ནས་ཝ་བརྐོས་ནས་ཆུ་ཁྲིད། འོག་ནས་ཝ་ལ་ཆུ་ཕྱིར་འགྲོ་རྒྱུ་ཡོད་པ་བྱ་བ་དང་། ཤུག་པའི་ཤིང་ལའང་ཚིལ་ཞགས་ཞགཅུང་ཟད་བརྒྱབ་ན་ལེགས་པ་ལག་བླང་ངོ་། །

X