//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

༤༤ དབང་རིལ་ཉེར་ལྔའི་ཕྱག་ལེན།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 9:59:22 ཀློག་གྲངས། 20 

དབང་རིལ་ཉེར་ལྔའི་ཕྱག་ལེན་ནི། དབང་རིལ་འཁྲུལ་མེད་༠m༡m༠གཙོ་བོར་བྱས་པའི་དབང་དུ་བྱས་ན། བསེ་རུ་དཀར་པོ་ཆུ་བརྡར་བྱས་པ༠m༤m༠། གུར་གུམ་ཁ་ཆེ་མའམ་དཀྱུས་མ༠m༥m༠། ཆར་ཉུང་ཁཎྡྲི༠m༧m༠། ཁྱུང་སྐྱུགས༠m༣m༠། སུག་སྨེལ། ལི་ཤི ཅུ་གང་རྣམས་༠m༣m༠རེ།གླ་རྩི༠m༠m༣། རྒྱ་གར་རུ་རྟ་དང་བོད་ཀྱི་རུ་རྟ་འདྲེས་མ༠m༥m༠། གསེར་བྱེ། ཉི་དགའ། སྡིག་སྲིན་རྣམས་༠m༢m༠རེ། ཨ་རུ་གསེར་མདོག༠m༧m༠། བ་རུ་དང་། སྐྱུ་རུ་ར་༠m༤m༠རེ། ཙནྡན་དཀར་པོ༠m༣m༠། བ་ཤ་ཀ་༠m༥m༠ལྡུམ་བུ་རེ་རལ༠m༧m༠། འབྲས་སྣ་གསུམ་སོ་སོ་ནས་༠m༤m༠རེ། མཚལ་དཀར་ཏེ་རྡོ་མཚལ་རང་བྱུང་༠m༣m༠། མཁལ་མ་ཞོ་ཤ་དང་། གོ་ཡུ་༠m༤m༠བཅས་སྨན་བྱིང་བྱིངསརྣམས་ཞིབ་པར་བཏགས། དེ་ནས་དབང་རིལ་དུག་འདོན་ལ། དཀར་པོ་ཡིན་ན་མཛོ་མོའི་འོ་མ་དང་། སྔོ་ལྗང་གར་ཆང་ནང་དུ་དྲོད་བབ་ཙམ་བཙོ། སེར་པོ་ཡིན་ན་བཙོས་ཟན་ནང་དང་། དམར་པོ་གཡག་རྒོད་ཤའི་ནང་དུ་བསྟུམ་བཏུམསལ་དྲོད་བབ་ཙམ་བསྲེག ངར་འདོགས། གདན་གཙང་ཁར་དཀར་ཡོལ་གས་ཆག་མེད་པའི་ནང་བྱིས་པ་ཕ་མ་འཛོམ་ཞིང་མིང་བཀྲ་ལེགས་པས་ཆུ་མིག་ཁ་ཤར་བསྟན་ནས་སྐྱོགས་ཁ་ཐུར་དུ་གྱུས་ཏེ་བླངས་པའི་ཆུ་བླུགས། དེ་ནང་དབང་རིལ་༠m༡m༠་ཕྱེ་མ་དང་། ཁ་ཆེ། གི་ཝཾ། གླ་རྩི། ལི་ཤིཛཱ་ཏི་རྣམས་༠m༠m༡རེའི་ཕྱེ་མ་དང་ལྷན་ཅིག་ཏུ་ཞག་གཅིག་བར་དར་དཀར་གྱིས་ཁ་བཅད་ལ་བཞག དེ་ནས་སྨན་དང་བསྲེ།

X