//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

མཁྲིས་པའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 10:47:37 ཀློག་གྲངས། 108 

མཁྲིས་བཅོས་སྐབས་ཀྱི་མགོ་ཐང་གསུམ་པ་ནི། །མི་ཐོད་རྙིང་པ་བསྲེགས་ཐལ་འབྲུག་རུས་ཏིག་ཏ་གསུམ། །སུམ་གཉིས་བསྡུས་གྲང་མགོ་ནད་སེལ་བར་བྱེད། །ཅེས་སོ། །

མགོ་ཐང་བཅུ་གསུམ་ནི། མི་ཐོད་རྙིང་པ་བསྲེགས་ཐལའབྲུག་རུས་ཏིག་ཏ་དང་། །གུར་གུམ་གཡའ་ཀྱི་ཨ་བྱག་འཛིན་པ་དཀར། །བོང་དཀར་དོམ་མཁྲིས་གངས་ཏིག་ཐིགསགསེར་མེ་ཏོག ཐང་ཕྲོམ་དཀར་པོ་རྡོ་དྲེག་སྦྱར་བ་འདི། །མན་ངག་གུར་གུམ་བཅུ་གསུམ་ཞེས་གྲགས་པ། །ཁྲག་མཁྲིས་མགོ་ནད་ཡ་མ་དཀར་ནག་དང་། །ཀླད་པའི་ཚད་རིགས་མཐའ་དག་འཇོམས་ཞེས་བཤད། །ཅེས་སོ། །

ཐོད་རུས་བཅུ་པ་ནི། མི་ཐོད་རྙིང་པ་འབྲུག་རུས་ཏིག་ཏ་དང་། །མ་ནུ་ཀཎྡྲི་ཀ་རི་སླེ་ཏྲེས་སྒ། །ཏིག་ཏ་དང་ནི་ཀྱི་ལྕེ་བོང་དཀར་གྱིས། །མགོ་བོའི་ཚད་པ་ཀུན་ལ་བསྔགས་པ་སྟེ། །འདི་ལ་ཐོད་རུས་བཅུ་པ་ཞེས་སུ་གྲགས། །

ཏིག་ཏ་༡m༠m༠གསེར་གྱི་མེ་ཏོག་༠m༨m༠བོང་ང་དཀར༠m༨m༠། །རུ་རྟ་༠m༥m༠རྩ་མཁྲིས་༠m༨m༠ཧོང་ལེན་༠m༥m༠པཪྤ་ཏ༠m༤m༠། །སྐྱེར་ཤུན་༠m༧m༠འདི་སྟེང་གཡའ་ཀྱི་བསྣན་པས་མན་ངག་ཟབཀ་ར་སྦྱར་བའི་ཏིག་ཏ་བརྒྱད། །མཁྲིས་ཚད་མིག་སེར་ཤ་མདངས་སེར་བ་འཇོམས། །

གཡའ་ཀྱི་ཉེར་ལྔ་ནི། གཡའ་ཀྱི་ཆུ་རུག་བ་ཤ་ཀ་རེ་རལ། །བྲེ་ག་བོང་ང་དཀར་པོ་བ་ལེ་ཀ གསེར་མེ་རྩ་མཁྲིས་སྐྱེར་དཀར་བར་ཤུན་དང་། །གསེར་གྱི་ཕུད་བུ་འབྲས་བུ་གསུམ་པ་དང་། །ཤུ་དག་སྤང་སྤོས་སེ་རྒོད་བར་ཤུན་དང་། །འོམ་བུ་ཀྱི་ལྕེ་དཀར་པོ་པཪྤ་ཏ། །པདྨ་ཙ་ཙཱརི་ལྕུམ་རྩ་དཀར་པོཏིག་ཏ་དུག་མོ་ཉུང་། །བྲག་ཞུན་དོམ་མཁྲིས་ཛཱ་ཏི་ཀ་ར་སྦྱར། །ཉི་ཤུ་རྩ་ལྔས་མཁྲིས་པ་བཅོས་རྡུག་རྡུགསསེལ། །

ཏིག་ཏ་ཉི་ཤུ་རྩ་ལྔའི་སྦྱོར་བ་ནི། །ཏིག་ཏ་རིགས་གསུམ་གསེར་མེ་དུག་མོ་ཉུང་། །རྒུན་འབྲུམ་ཀྱི་ལྕེ་བོང་དཀར་ཛཱ་ཏི་དང་། །ཨ་རུ་ར་དང་རུ་རྟ་ཅུ་གང་བ། །ཨ་ཀྲོང་བྲག་ཞུན་བ་ཤ་ཀ་སེ་འབྲུ། །གུར་གུམ་སུག་སྨེལ་པི་པི་ལིང་རྒྱ་སྐྱེགས། །དོམ་མཁྲིས་ལི་ཤི་སེང་ཕྲོམ་དཀར་པོ་དང་། །ཤུག་ཚེར་ཀ་ར་སྦྱར་བའི་ཉི་ཤུ་ལྔས། །དོན་སྣོད་མཁྲིས་པ་བབས་པའི་སྤྱི་སྨན་ཡིན། །

མཁྲིས་ལས་རྣམ་རྒྱལ་སྦྱོར་བ་ནི། །པུཎྡྲི་རི་ཀ་སེ་བའི་མེ་ཏོག་བཅོ་ལྔ་པ། །ཀ་ན་ཀ་གསེར་མེ་ཡི་མེ་ཏོག་བདུན། །ཧ་རི་ཏ་ཨ་རུ་གསེར་མདོག་ནི་བབ་ཕབསལྡན་པ། །མཁྲིས་པའི་སྤྱི་སྨན་ངོ་མཚར་ཆེ། །ཞེས་སོ། །

ཁྲག་མཁྲིས་སྨན་གླང་ཆེན་རིགས་ཞེས་གསུངས་པ་མཚོན་ན། གི་ཝཾ་དགུ་སྟེང་རྒྱ་མཚལ་དམར་པོ་གསུམ། །བསེ་རུ་མ་ནུ་འུ་སུ་སྐྱུ་རུ་སྦྱར། །གླང་ཆེན་གམ་ཕྱེ་དམར་པོ་ཞེས་བྱ་བ། །མཆིན་ཁྲག་ཕོ་ཁར་བབས་དང་དོན་དུ་ལྷུང་། །སྨུག་པོ་ཚ་བ་རྒྱས་པ་ལ་སོགས་པ། །བད་ཀན་སྨུག་པོ་སེལ་བྱེད་ཁྱད་པར་འཕགས། །

ནྡ་ནྡབཅོ་བརྒྱད་སྦྱོར་བ་ནི། །ཙནྡ་ཙནྡནགི་ཝཾ་བཟང་པོ་དྲུག། ཨ་རུ་གསེར་མདོག་སུམ་ཅུ་ཏིག། རུ་རྟ་རྒྱ་སྐྱེགས་པྲི་ཡངྐུ། །ཧོང་ལེན་རེ་སྐོན་བ་ཤ་ཀ། བཙོད་དང་འབྲི་མོག་ཀ་ར་སྦྱར། །བྲག་ཞུན་ཐང་གིས་ཕུལ་ལ་བཏང་། །ཕན་ཡོན་འཁྲུ་སྐྱུགས་འགྲིལ་བ་དང་། །རྩིབས་རྩིབལོགས་རོ་སྟོད་གཟེར་བ་དང་། །སྙིང་རླུང་རྒྱུ་བ་ངན་པ་དང་། །རྩ་ཆད་རྩ་འདྲུལ་ཤ་འཕྲིག་དང་། །མགོ་བོ་ན་ཞིང་མིག་མི་གསལ། །ཁ་ལྕེ་སྐམ་ཞིང་གྲེ་བ་ཚ། །མཆིན་མཁྲིས་ཕོ་བ་རྒྱུ་མ་ལ། །སྨུག་རྨུགཅིང་ཚ་བ་བྱེར་བ་དེངས། །མེ་དབལ་ཆུ་ཡིས་གསོད་དང་མཚུངས། །

གུར་གུམ་ཅུ་གང་ཨུཏྦལ་བ་ལེ་ཀ ཏིག་ཏ་ཨ་རུ་མཚེ་ལྡུམ་ཀ་ར་སྦྱར། །གུར་གུམ་མཆོག་བདུནམཆིན་ནད་གསར་རྙིང་དང་། །མཆིན་པ་སྣད་འགྲམ་འགྲམསཁྲག་རྒྱས་མིག་སེར་སེལ། །

གི་ཝཾ་གུར་གུམ་ཨུཏྦལ་བ་ལེ་ཀ ཏིག་ཏ་བྲག་ཞུན་རུ་རྟ་བ་ཤ་ཀ གསེར་གྱི་མེ་ཏོག་ཀ་ར་གི་ཝང་དགུ། མཆིན་པ་སྣད་འགྲམ་འགྲམསམཆིན་ཁྲག་རྒྱས་པ་སེལ། །ཞེས་སོ། །

དེའང་གུར་གུམ་མཆོག་བདུན་དང་ཏིག་ཏ་བརྒྱད་པ་བསྲེས་པ་གུར་ཏིག གི་ཝང་དགུ་པ་དང་ཏིག་བརྒྱད་བསྲེས་པ་གི་ཏིགབདུད་རྩི་སུམ་སྦྱོར་དང་ཏིག་བརྒྱད་བསྡེབས་པ་བདུད་ཏིག་སོགས་མཆིན་མཁྲིས་ཁྲག་མཁྲིས་བད་མཁྲིས་སོགས་ལ་ཟབ་པར་གསུངས། བད་མཁྲིས་སྐབས། སྐྱུ་རུ་ཉེར་ལྔ། མན་ངག་བསིལ་སྦྱོར་སོགས་སྨུག་པོའི་སྐབས་ལྟར་དང་།

གྲུབ་ཐོབ་རིལ་དཀར་སྦྱོར་བ་ནི། ཅོང་ཞི་༠m༤m༠གསེར་མདོག་༠m༡m༠ཧོང་ལེན་༠m༡m༠དང་། །རེ་སྐོན་༠m༡m༠ཁམས་རུས་༠m༡m༠བྲག་གི་ཞུན༠m༤m༠། །ཚད་སྦྱར་མེ་ཏོག་བཅུད་སྦྲང་རྩི་ཀྱིས་སྦྲུས། །ཕྱི་ནང་ཕལ་ཆེར་ནད་ཀུན་དང་། །ཁྱད་པར་བད་ཁྲག་ནད་ལ་བསྔགས། །དེ་སྟེང་སེ་མེ་སེ་བའི་མེ་ཏོག་སྤྱི་བསྡོམས་སུམ་ཆ་ཙམ་སུམ་ཆ་བསྣན། །བད་མཁྲིས་མགོ་ནད་སྤྱི་ལ་ཕན། །རིལ་དཀར་པད་སྡོང་ཅན་ཞེས་གྲགས། །

སེ་འབྲུ་༠m༨m༠ཤིང་ཚ་༠m༡m༠སུག་སྨེལ་༠m༡m༠པི་པི་ལིང་༠m༢m༠། །གནས་ཀྱི་སྐབས་ཐོབ་སྒ་གྲང་བ་ལ་སྒ་སྐྱ་གུར་ཚ་བ་ལ་གུར་གུམ་གང་རིགས་སྦྱར། །དེ་སྟེང་གར་ནག་གསེར་མེ་གསེར་མདོག་དང་། །སེ་མེ་ཆ་སྙོམས་ཞིབ་བཏགས་ཚ་གྲང་རྟས། །འཕུལ་བས་མ་ཞུ་གསར་རྙིང་བད་སྐྱ་སྨུག མཁྲིས་པ་ཕོ་རིགས་ལྡན་འདུག་འདུསལ་སོགས་པ། །ཁྱད་པར་བད་ཀན་སེར་པོའི་བད་མཁྲིས་ནད་ལ་བསྔགས། །སེ་འབྲུ་པདྨ་འདབ་བརྒྱད་ཅེས་བྱའོ། །

གསེར་མདོག་ཅོང་ཞི་བྲག་ཞུན་གསུམ། །རུ་རྟ་འུ་སུ་མ་ནུ་གསུམ། །སྟར་བུ་རྒྱ་ཚ་ཕོ་རིལ་གསུམ། །སེ་འབྲུ་ཤིང་ཚ་པི་ལིང་གསུམ། །བཟང་དྲུག་ཀ་ར་སྦྱར་བ་ཡི། །གསེར་མདོག་བཅོ་བརྒྱད་སྦྱོར་བ་འདིས། །སྐྱ་སེར་སྨུག་པོ་འཐབ་དང་གབ། །བྲང་ཚ་ཆུ་ཚན་སྐྱུགས་པ་སོགས། །མདོར་ན་འདུས་ནད་སྨུག་པོའི་ནད། །བྱེར་རྒྱས་འགྱིངས་འདྲིལ་ཐམས་ཅད་འཇོམས། །ཞེས་སོ། །

གསེར་མདོག་ལྔ་པའི་སྦྱོར་བ་ནི། །གསེར་མདོག་༡m༣m༠སེ་འབྲུ་༠m༣m༠གསེར་མེ་ཏོག༠m༤m༣། །བྲག་ཞུན་༠m༣m༧ཕག་རིལ་ཐལ་བ་ལྔ༡m༣m༠། །ཀ་ར་སྦྱར་བ་ཆུ་བསྐོལ་འཕུལ། །མ་ཞུ་མིག་སེར་མཁྲིས་ནད་དང་། །མཁྲིས་པ་སྣོད་ལྷུང་ཤ་མདངས་སེར། །ཚ་གྲང་མཁྲིས་པའི་ནད་ཡུལ་འབྱིན། །ཞེས་སོ། །

ཚེ་བྷྲཱུྃ་ལུགས་ཀྱི་གར་ནག་བཅོ་ལྔ་ནི། །གར་ནག་༡m༠m༠གླ་རྩི་༠m༥m༠གུ་གུལ་༠m༥m༠སྔོ་སྒ་༠m༥m༠དང་། །བྱི་ཏང་༠m༥m༠ལང་ཐང་མེ་རུ་པཪྤ་ཏ། །ཏིག་ཏ་གསེར་མེ་བོང་དཀར་རྩ་མཁྲིས་དང་། །རུ་རྟ་ཧོང་ལེན་སྐྱེར་ཤུན་སྦྱར་བ་ཡིས། །བད་མཁྲིས་མགོ་ན་ཁྲག་མཁྲིས་སྲིན་བསྡོང་བའི། །མགོ་བོ་གཟེར་ལ་སླེབས་ཆོག་བདུད་རྩིར་མཚུངས། །ཞེས་སོ། །

ཨ་རུ་གསེར་མདོག་སེ་འབྲུ་དང་། །སྐྱུ་རུ་དུག་ཉུང་གསེར་མེ་ཏོག ཛཱ་གོར་ཛཱ་གོར་ནི་ཟིར་དཀར་བྲག་ཞུན་གུར་གུམ་དང་། །རུ་རྟ་སེ་བའི་མེ་ཏོག་རྣམས། །ཀ་ར་སྦྱར་བ་ཆུ་བསྐོལ་འཕུལ། །གསེར་མདོག་བཅུ་པའི་འབྲི་གུང་གཅེས་བསྡུས་ལས་སོ་སྦྱོར་བ་འདིས། །བད་མཁྲིས་མིག་སེར་སེལ་བའི་མཆོག

  གསེར་མདོག་ལྔ་སྟེང་གླ་རྩི་བོང་དཀར་པཪྤ་ཏ། །བྱི་ཏང་འཛིན་པ་སེ་བའི་མེ་ཏོག་རྣམས། །གསེར་མདོག་བཅུ་གཅིག་ཅེས་བྱའི་སྦྱོར་བ་འདིས། །ཆུ་བསྐོལ་འཕུལ་བ་མཁྲིས་སྐྲན་དུག་ཐབས་དང་། །བད་མཁྲིས་མགོ་ནད་ཕོ་བ་རྒྱུ་མར་རྒྱུ། །ཁྲག་མཁྲིས་ལྷུང་དང་སྣོད་ཀྱི་མཁྲིས་སྐྲན་དང་། །མ་ཞུ་མིག་སེར་ཁྱད་པར་ཡ་མ་ཡི། །ཚད་པ་འཇོམས་ཤིང་ཤ་སེར་མིག་སེར་དང་། །ཀྵ་ཡ་ནག་པོ་སོགས་ཀྱི་ནད་རྣམས་ལ། །དྲི་བྲོ་ཙམ་གྱིས་ཐེ་ཚོམ་མི་དགོས་སོ། །ཞེས་སོ། །

གུར་ཁྱུང་ནི་གུར་གུམ་བཅུ་གསུམ་དང་ཁྱུང་ལྔ་བསྡེབས་པའོ། །

མཁྲིས་པའི་སྤྱི་སྨན་ནི། བཤད་རྒྱུད་ལས། ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་། །བོང་ང་དཀར་པོ་རྩ་མཁྲིས་གཡའ་ཀྱི་མ། །ཀྱི་ལྕེ་སྐྱེར་བ་མཁྲིས་པ་སེལ་བའི་སྡེ། །ཞེས་སོགས་རྒྱུད་དང་མན་ངག་ལས་བྱུང་བའི་མཁྲིས་པའི་སྤྱི་སྨན་སོགས་སོ། །

མཁྲིས་པ་སྣོད་བབས་གྲང་མཁྲིས་སྨན་གསེར་ཞི་ནི། གསེར་མདོག་ལྔ་བ་ཞི་དྲུག་བསྲེས་པའོ། །ཤ་སེར་སྐབས་མན་རྒྱུད་ཏིག་ཏའི་མང་སྦྱོར་གསུངས་པ་ནི། །མཁྲིས་པ་ཤ་སེར་ཏིག་ཏ་དུག་མོ་ཉུང་། །གསེར་གྱི་མེ་ཏོག་ཧོང་ལེན་བ་ཤ་ཀ བོང་ང་དཀར་པོ་བ་ལེ་ཀ་ཐང་བཏང་། །ཞེས་དང་། ཏིག་ཏའི་བཤལ་བྱ་ཏིག་ཏ། དུག་མོ་ཉུང་། ཀྱི་ལྕེ། དུར་བྱིད་ཀྱིས་སྦྱོང་དང་ཕྱི་རྗེས་བསིལ་ཤས་བཅད། །གུར་གུམ་བདུན་པ་སྦྱར་བཏང་ཞོ་དཀྲུགས་བྱིན། །ཞེས་གསུངས།

གཡའ་ཀྱི་བདུན་པ་ནི། གཡའ་ཀྱི་གུར་གུམ་གསེར་མེ་དང་། །དོམ་མཁྲིས་ཏིག་ཏ་པཪྤ་ཏ། །གངྒཱ་ཆུང་དང་བདུན་པོ་འདི། །ཚ་མཁྲིས་སེལ་བའི་བདུད་རྩི་ཡིན། །ཞེས་སོ། །

བྲག་ཞུན་གླ་རྩི་གུར་གུམ་སུག་སྨེལ་དང་། །དོམ་མཁྲིས་བོང་ང་འཇིབ་རྩི་ཨ་རུ་ར། །ག་དུར་ཀ་ར་ཆ་མཉམ་ བྲག་ཞུན་དགུ། །ཕོ་བའི་ཁྲག་མཁྲིས་ཚད་པ་སེལ་བར་བྱེད། །

དོམ་མཁྲིས་གསེར་གྱི་མེ་ཏོག་དུག་མོ་ཉུང་། །གླ་སྒང་བོང་ང་དཀར་པོ་བ་ལེ་ཀ རེ་སྐོན་ཀ་ར་སྦྱར་བའི་མཁྲིས་ཕྱེ་བདུན། །རྒྱུ་ལོང་བསྣད་འགྲམ་འགྲམསཁྲག་མཁྲིས་ཚ་འཁྲུ་གཅོད། །

བདུད་རྩི་སླེབས་ཆོག་སྦྱོར་བ་ནི། །རླུང་ཀླུངགི་ཕག་ནག་སྙིགས་མ་དེ། །ནུས་ལྡན་བསྲེགས་པ་ཆ་དྲུག་ལ། །ཁ་བསྒྱུར་རིམས་སྤྱིར་དེ་བ་དེ་བ། གསེར་མེ། པཪྤ་ཏ།ག་དུར། ཨ་རུ་ར་ལྔ། །བདུད་རྩི་ལོ་མ་ཆ་གཉིས་རབ་ཏུ་གཅེས། །མཁྲིས་པའི་ཚད་རིམས་མཐའ་དག་ལ། །སླེབས་ཆོག་བདུད་རྩི་དངོས་དང་མཚུངས། །དེ་སྟེང་ཁ་བསྒྱུར་མགོ་གཟེར་ལ། །མི་ཐོད་བསྲེགས་ཐལ་འབྲུག་རུས་སུམ་ཅུ་ཏིག གཡའ་ཀྱི་ཨ་བྱག་རྣམ་པ་གཉིས། །སྣོད་ཚད་སེལ་བའི་ཨིནྡྲ་བཞི། །ཕོ་མཆིན་ཁ་བསྒྱུར་བྲག་གི་ཞུན། །ཚད་གསར་འཇོམས་པའི་གླ་བའི་རྩི། །བདུད་རྩི་ལོ་མ་རབ་ཏུ་གཅེས། །ཀུན་ཀྱང་ཐིག་ལེ་ཅན་དུ་ཤེས། །མཁྲིས་པ་ཚད་རིམས་མཐའ་དག་ལ། །སྨིན་སྡུད་གསོད་གསུམ་མྱུར་བྱེད་པའི། །སྨན་ནག་འབྲིང་པོ་ཞེས་བྱའོ། །གཞན་ཡང་ཁ་བསྒྱུར་རིག་པས་དཔྱད། །རྒྱས་པ་སྨན་ནག་ཆེན་པོ་ནི། །ལག་ལེན་སྙིང་ནོར་ནང་གསལ་ནིལོ། །

གར་ནག་བཅུ་པའི་སྦྱོར་བ་ནི། །གྲང་མཁྲིས་སེ་འབྲུ་བཞི་ཤིང་ཚ་སུག་སྨེལ་པི་པི་ལིང་སྟེང་ཨ་རུ་ར། །རྒྱམ་ཚ་གསེར་གྱི་མེ་ཏོག་དུག་མོ་ཉུང་། །དོམ་མཁྲིས་ཕག་རིལ་ནུས་ལྡན་བསྲེགས་པའི་ཐལ། །གཙོར་བསྐྱེད་གར་ནག་བཅུ་པ་ཞེས་བྱ་བ། །རླུང་དང་མ་ཞུ་བད་སྐྲན་ལ་སོགས་པ། །གཞན་དབང་ལྡན་པའི་མཁྲིས་ཀུན་འདི་ཡིས་སེལ། །གཞན་ལས་ཁྱད་འཕགས་མན་ངག་ལག་བླངས་ཟབ། །ཁྱད་པར་གྲང་མཁྲིས་འཇོམས་པའི་སྨན་མཆོག་ཡིན། །

མཁྲིས་པར་ཨ་རུའི་གསེར་བཤལ་ནི། །གསེར་མདོག་བཟང་པོ་སུམ་ཆ་སྟེ། །གཅིག་ནི་བ་ཆུ་ཕུལ་གང་དུ། །བཙོས་པ་ཆུ་དེ་བསྟིམ་ནས་བཏོན། །གཅིག་ནི་བག་ཟན་ནང་དུ་བསྟུམབཏུམས། །སླ་ངར་དུ་བ་མ་ཤོར་བསྲེག ཟན་ཚིག་ཨ་རུ་མ་ཚིག་ཚད། །གཅིག་ནི་བཅོ་ལྔའི་ཟླ་བ་དུས། །མཁར་འཁརགཞོང་ནང་བཞག་ནམ་ལངས་བསྡུ། །ཁ་བསྒྱུར་ཐར་ནུ་དུར་བྱིད་གཉིས། །ཞོ་རེ་ལྦུ་བ་བྲ་ཡི་རིལ་མ་ཙམ། །རྒྱ་ཚ་སྲན་གསུམ་ཐར་ནུ་བདུན། །སྲོད་ལ་སློང་བྱེད་ཐུན་གཅིག་བཏང་། །ནམ་གུང་འཁྲུ་བྱེད་ཐུན་གཅིག་བཏང་། །ཐོ་རངས་སྦྱོང་བྱེད་ཐུན་གཅིག་བཏང་། །ཚད་ནི་སུམ་ཆ་སུམ་གཉིས་དང་། །ཕྱེད་བཅས་བཏང་བ་ཐུན་ཚད་ལགས། །བཙོས་བསྲེགས་རྗེན་གསུམ་སྦྱོར་བ་ནི། །མཁྲིས་ནད་དུག་དང་སྨུག་པོ་ལ། །འདི་ལས་ལྷག་པའི་སྦྱོང་གཞན་མེད། །ཅེས་སོ། །

X