//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

སྐྲན་ནད་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:17:12 ཀློག་གྲངས། 30 

གུར་གུམ་ཏིག་ཏ་གསེར་མེ་ཏོག རུ་རྟ་བྲག་ཞུན་ཨ་རུ་ར། །ཧོང་ལེན་སེ་འབྲུ་སྦྱར་བའི་མཆོག ཕག་རིལ་བསྣན་པས་མཁྲིས་སྐྲན་འཇོམས། །རྒོད་བཏུལ་མགྲོན་ཐལ་ཚ་སྐྲན་འཇོམས། །སྟར་བུ་མཛེ་ཚས་ཁྲག་སྐྲན་བཤིག སྐྲན་འཇོམས་ཟླ་བསིལ་ཞེས་སུ་གྲགས། །

རྡོ་ཞུན་ཕྱེ་མ་ཞོ་གསུམ་ལ། །ཅོང་ཞི་རྒོད་བཏུལ་ཞོ་དོ་དང་། །ཚ་ཚྭབསྲེག་ཟེ་ཚ་གོ་བོའི་བྲུན། །ཚ་བ་གསུམ་དང་ཚྭ་སྣ་གསུམ། །ཐུན་རེ་སྦྱར་བས་ལྷེན་སྐྲན་བཤིག།

མི་༠m༥m༠ཕག་བྲུན་༠m༢m༠ནི་ནུས་ལྡན་བསྲེགས། །བོང་དཀར་༠m༡m༠དུག་ཉུང་༠m༢m༠བ་ལེ་ཀ༠m༡m༠། །ཀྱི་ལྕེ་༠m༡m༠དོམ་མཁྲིས་༠m༠m༡སྟར་བུ་༠m༨m༠ཧོང་ལེན་༠m༡m༠དང་། །ཚ་ལ་བཟང་པོ་༠m༠m༧མགྲོན་བུ་༠m༨m༠ཚུལ་བཞིན་བསྲེག་མགྲོན་བུ་ཁྲོབ་བརྡུང་བྱས་པས་ལྕགས་སླང་ནང་དུ་ནུས་བསྲེགས་བྱས་པ་སྨན་ཀུན་དང་བུང་བུངསམཉམ། ཞིབ་བཏགས་དཀར་གརནག་བཅུ་གཅིག་སྦྱོར་བ་ནི། །རྒྱུ་མ་ལ་སོགས་སྣོད་ཀྱི་སྐྲན་རིགས་དང་། །གསར་རྙིང་སྤྱི་དང་བུད་མེད་བུ་བཙས་རྗེས། །མངལ་སྐྲན་ལ་སོགས་ཚ་སྐྲན་རིགས་ཀུན་དང་། །ཁྱད་པར་མཁྲིས་པའི་སྐྲན་ལ་ཐེངས་པས་ཆོག

གཙོ་བོ་རྡོ་ཞུན་སྲང་གང་ལ། །ཅོང་ཞི་རྒོད་བཏུལ་ཞོ་དྲུག་སྟེ། །ཉ་སྲམ་སྤྱང་ཀིའི་རུས་པ་དང་། །དུང་མགྲོན་ཆ་མཉམ་ཁྲམ་ཁྲུམ་བརྡུང་། །ཀོང་བུར་སོལ་མེས་ནུས་བསྲེགས་ཐལ། །ཨ་རུ་བཙན་དུག་ཐར་ནུ་དང་། །བྱ་རྒོད་ཆུ་བྱ་གོ་བོའི་གྲེ། །སྔོ་དང་སྔོ་ཡི་ཚ་གསུམ་ལན་ཚྭ་ཚ་བ་སྨན་ཚ་བ་གསུམགསུམ། །ཤེལ་འདྲ་ཅོང་ཞི་དན་ཁྲ་མུ་ཟི་སེར། །འབྲུ་མར་ཞུན་མར་རྐང་མར་སྦྱར། །སླ་ང་ཁ་སྦུབ་ནང་དུ་བླུག། མཚམས་བསྡམས་ཉིན་གཅིག་སྐྱེར་མེས་བསྲེགས། །དེ་ཡི་ཐལ་བ་ཚ་བ་ལྔ་ཚ་བ་གསུམ་དང་ཤིང་ཚ་ཙི་ཏྲ་ཀ རྒྱ་ཚས་གཙོར་བྱས་ཚྭ་སྣ་དང་། །འབྲས་གསུམ་ཀ་རཉྫ་དང་བྱི་ཏང་ག། གོ་ཐལ་ཤིང་ཚ་ཀ་ཀོ་ལ། །མཚུར་གཉིས་སྟར་བུ་ལ་ཕུག་ཚྭ་ལ་དང་། །དབྱི་མང་འབམ་པོའི་ཁཎྡྲི་དང་། །བུ་རམ་སྦྱར་བའི་རིལ་བུ་དེ། །བསྐལ་མེའི་འཁོར་ལོ་ཞེས་བྱ་སྟེ། །གྲང་བའི་སྐྲན་རིགས་མ་ལུས་པ། །ཐལ་བ་རྡུལ་ཕྲན་བཞིན་དུ་བྱེད། །མ་ཞུ་ལ་སོགས་སྨོས་ཅི་དགོས། །མན་ངག་བྱེ་བ་རིང་བསྲེལ་ལུགས། །

ཚ་ཚྭབསྲེག་སྦྱོར་པ་ཕྱི་རྒྱུད་བ་ཚྭ་མེད་པའི་ཚྭ། །སྔོ་ཞིང་རོ་མངར་ལྡན་པ་ཁྱོར་པ་དོ། །བ་ཞོ་བྲེ་གང་རྒོད་ཤ་མཐེབ་ཙམ་སྦྱར། །བཙོས་དཀྲུགས་ཆུ་ཆོད་ཕྲུལ་པོར་སོང་བ་དང་། །རྫ་བླུག་དུ་བ་མི་འཆོར་ཁ་བཅད་ལ། །བོང་མེས་ཚོས་པར་བསྲེགས་པའི་ཐལ་བ་དེ། །སྟར་བུ་པི་པི་ལིང་དང་བུ་རམ་སྦྱར། །མ་ཞུ་ལྷེན་སྐྲན་ལྕགས་དྲེག་ཁྲག་བསྐྲན་སྐྲནབཤིག། ཅེས་སོགས་སྐྲན་སྨན་མང་པོ་འདུག་སྟེ་བྲིར་མ་ལངས་ལགས།

X