//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

བད་ཀན་སྐྱ་རྦབ་འོར་དམུ་ཆུ་སོགས་སྐྲང་རིགས་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:18:11 ཀློག་གྲངས། 22 

བད་ཀན་སྐྱ་རྦབ་འོར་དམུ་ཆུ་སོགས་སྐྲང་རིགས་སྨན་སྐོར་ནི། དེ་ཡང་འཇམ་མགོན་བླ་མ་རྗེས། གསང་སྨན་རྣམས་ངོས་འཛིན་མ་འཁྲུལ་བའི་དུས་བཏུ་གསུངས་པ་ལྟར། འབྲི་ལུགས་ར་མོ་ཆེ་སྨན་གཉིས་ཆབ་འདྲེན་རྣམས་ཆ་མཉམ་གྱི་ཁཎྡྲི་བཟོ་བ་ཤིན་ཏུ་ཟབ་ཚུལ་གསུང་རྒྱུན་ལྟར་ངོས་འཛིན་ནི། ཐོད་དཀར་སྨུག་པོ་ཞེས་བྱ་བ་སྤྱི་ཁྱབ་ཏུ་ཆབ་འདྲེན་གཡའ་སྤང་མཚམས་སུ་སྐྱེ་བའི་མེ་ཏོག་མཐིང་ག་དང་རྒྱ་ཁ་ཤར་བ་གཉིས་རིགས་གཅིག་པས་ཟླ་བ་དྲུག་པར་བཏུས་པ་དང་གཅིག མདངས་མེད་མུ་ཟི་ཞེས་པ་སྲད་ནག་འབྲུག་མ་གྲགས་གང་གོངངམ་བྱ་རྗེ་མ་གྲགས་གང་གོངབཏུས་པ་དང་གཉིས། ཡང་སྔོན་མ་དང་དབྱིབས་འདྲ་བ་ལ་བོང་ཚད་དེ་ལས་ཤིན་ཏུ་ཐུང་བའི་བྱི་སྲད་ཆུང་བ་དང་གསུམ། སྤང་དུ་སྐྱེ་བའི་ཆུ་དེ་བ་དང་བཞི། སྒ་ཏིག་ནག་པོ་ཟླ་བ་ལྔ་པར་བཏུས་པ་དང་ལྔ། བྱི་རུའི་ཕྲེང་ལྡན་ཞེས་པ་ཞིང་གི་མུ་འགྲམ་སོགས་ལ་སྐྱེ་བའི་རྐང་རིང་པོ་མེ་ཏོག་དང་གོང་བུ་སྲན་མ་ཇི་ལྟ་བ་ཡོད་པ་དང་དྲུག སྲད་དཀར་ཉི་མ་མ་ལྡོག་གང་གོངབཏུས་པ་དང་བདུན། བྱི་སྲན་ནམ་རྐྱལ་པ་ཆུ་ཐུབ་ཏུ་གྲགས་པ་རྒོད་གཡུང་གཉིས་ལས། ལག་ལེན་སྐབས་གཡུང་བ་དེ་ཕྱག་རྒྱུན་ལགས་པ་དང་བརྒྱད། ཆུ་མ་རྩི་དང་དགུ། ཆབ་འདྲེན་ཨ་ལག་རྟ་ཞེས་པ་མེ་ཏོག་རྒྱ་ཁ་སྲན་མ་ཇི་ལྟ་བ་སྟོན་དུས་འབྲས་བུའི་མཐའ་ལ་ཚེར་མ་ཡོད་པ་བཅས་ཆབ་འདྲེན་བཅུ་པོའི་ཁཎྡྲི་ཚུལ་བཞིན་བྱས་པ་ཆུ་ཐག་ཆོད་ཁར་ཁ་ཚར་གསང་བ་སྦུག་འདྲེན་དུ་ཡོད་པ་རྣམས་བཏབ་ནས་ལེགས་པར་དཀྲུགས། ཆུ་ཐག་ཆོད་པ་དང་སྣོད་དུ་བཅངས་ལ། སླར་ཚ་གྲང་ལྡན་འདུས་གང་ཡིན་གྱི་ཆུ་སྨན་སྟེང་དུ་བསྣན་ནས་བཏང་ཞེས་པ་དར་ཕུག་ཨེ་མཆིས་ཨེམ་ཆིསགསུང་གསུངསཔ་དང་། འཆི་མེད་ནོར་ཕྲེང་ལྷན་ཐབས་ལས། ཨ་ལགྟ་ནི།ཡུ་མོ་མདེལ་མདེའུའབྱིན་ལྟ་བུ་བྲག་ལོགས་ལ་སྐྱེ་བའི་མེ་ཏོག་སྐྱེས་པས་དོང་རལ་བཏགས་པ་འདྲ་བ། མུ་ཟི་མདངས་མེད། བྱེ་བྱུརུའི་ཕྲེང་ལྡན། སྲན་མ་ནག་ཆུང་ན་ཁར་སྐྱེ་བའི་མེ་ཏོག་དང་གོང་བུ་སྲན་མ་འདྲ་ཞིང་རྐང་རིང་བ་དེ་གསུམ་ཞལ་རྒྱུན་གྱི་སྨན་མཆོག་དང་། གཞན་ཡང་ཆུ་མ་རྩི་ཡོངས་གྲགས་ཟླ་བ་དྲུག་པར་བཏུ། སྲད་ནག་ཁུ་བྱུག་མ་སླེབ་གོང་བཏུ། པྲི་ཡང་ཀུ་བྱ་མ་གྲགས་གོང་བཏུ། གླང་སྣ་དམར་པོའི་མེ་ཏོག་ཤར་མ་ཐག་ཏུ་བཏུ། ཨུཏྦལ་ཟླ་བ་ལྔ་པར་བཏུ། ཉི་དགའ་ཟླ་བ་དྲུག་པར་བཏུ། གུར་གུམ་ནི་བལ་གུམ་གུརདང་། སྐྱུ་རུ་ར་འབྲས་བུ་དོར། ཅེས་སོགས་གསུངས་པ་འཕྲོས་དོན་ལགས།

སྐྱ་རྦབ་ནད་ལ་ལྕགས་ཕྱེ་བཅོ་ལྔལྕགས་ཕྱེ་དང་ཨ་རུ་གཉིས་སྐམ་བཏགས་རྩི་བཞིན་ལྕགས་འོད་མེད་ངེས་ཀྱིས་ཆོག་ནི། །ལྕགས་ཕྱེ་འབྲས་བུ་གསུམ་དང་ཚ་བ་གསུམ། །ད་ལི་ལིསཤིང་ཚྭ་སེ་འབྲུ་སུག་སྨེལ་དང་། །གསེར་ཕྱེ་གཟེ་མ་ལྕམ་པ་སྡིག་སྲིན་རྣམས། །གཙོ་བོ་ལྕགས་ཕྱེ་ཐུན་གཉིས་ཚད་དུ་སྦྱར། །ཚྭ་ཆུ་ཤས་ཆེ་འབྲས་གསུམ་གཟེ་ལྕམ་བསྐྱེད། །གྲང་ཆུ་ཆེ་ན་ཚ་བ་གསུམ་པོ་བསྐྱེད། །ཆུ་སྨན་གཞིར་བཞག་བཞི་ཆ་མཉམ་པར་གཅེས། །སྐྱ་རྦབ་འོར་གྱི་དུས་སུ་ཆུ་སྨན་ཕྲི། །ཆུ་ཡོད་འདྲེན་ཞིང་ཆུ་མེད་སྐེམ་པར་བྱེད། །

གླང་ཆེན་གངྒཱ་ཆུ་སྒྱུར་འདྲ་མིན་ནི། །གི་ཝང་དགུ་སྟེང་འབྲས་གསུམ་སྲད་དཀར་ནག་གཟེ་མ། །ལྕམ་པ་སྡིག་སྲིན་འུ་སུ་སྦྱར་བ་ཡི། །གླང་ཆེན་གངྒཱའི་ཆུ་སྒྱུར་ཞེས་བྱ་སྟེ། །ལུད་པ་མང་ན་མཚལ་དང་ཅུ་གང་དང་། །ཙནྡ་ཙནྡནབསྣན་པས་སྨུག་པོ་བྱེར་ཆུ་དང་། །དུག་ནད་རུས་ཞེན་དམུ་ཆུ་མཆིན་རྒྱས་ནད། །རྐང་འབམ་དབུགས་ཐུང་ནད་ཀུན་འཇོམས་པར་བྱེད། །ཅེས་སོ། །

གླང་ཆེན་དགུ་སྟེང་སྐྱུ་རུ་སྲད་དཀར་དང་། །གླང་སྣ་གཟེ་ལྕམ་གསེར་བྱེ་འབུ་སྐྱོགས་དང་། །འུ་སུ་བསྣན་པའི་གླང་ཆེན་ཆུ་སྒྱུར་འདིས། །ཆུ་ནད་རིགས་ཀུན་སེལ་བྱེད་མཆོག་ཏུ་གོ ཞེས་དང་།

གླང་ཆེན་གི་དགུ་ཝཾའུ་སྐྱུར་མ་ནུ་པྲི་ཡང་ཀུ། །རྒྱ་ཚ་གསེར་བྱེ་སྡིག་སྲིན་གཟེ་ལྕམ་གཉིས། །སྤོས་དཀར་སྦྱར་བས་གླང་ཆེན་བཅུ་དགུ་ཟེར། །སྨན་གྱི་ཆ་ཚད་གི་ཝང་མདོག་གྱུར་ལ། །ཆུ་སྨན་རྣམས་དང་སྐྱུ་རུ་བུངས་ཆེར་བསྐྱེད། །ཆུ་བསྐོལ་ངད་ཡལ་འཕུལ་བས་ཚྭ་ཆུའི་རིགས། །ཀུན་སེལ་མཁས་པའི་མན་ངག་ཞལ་རྒྱུན་ལགས། །ཞེས་དང་།

ཟུར་མཁར་ཁྱད་ཆོས་གླང་ཆེན་ཆུ་སྒྱུར་ནི། །གླང་ཆེན་ཁ་ཆེ་གུར་གུམ་གཉིས། །ཙནྡ་ཙནྡནདཀར་དམར་བ་ལེ་གསུམ། །གསེར་མདོག་བ་རུ་སྐྱུ་རུ་གསུམ། །ཨུཏྦལ་གསེར་མེ་པྲི་ཡང་ཀུ། འུ་སུ་ཏིག་ཏ་བྲག་ཞུན་གསུམ། །ཅུ་གང་རྒྱ་མཚལ་རུ་རྟ་གསུམ། །བསེ་རུ་གླ་རྩི་བོང་དཀར་བ་ཤ་ཀ གླང་སྣ་སྲད་དཀར་ལྕམ་པ་གསུམ། །དུག་ནད་རུས་ལ་ཞེན་པ་དང་། །སྨུག་པོ་རྩ་ལ་ཞེན་པ་དང་། །ཚ་ཆུ་ཚ་གླང་སྦོས་པ་དང་། །ཁྱད་པར་རྐང་འབམ་ནད་ལ་བསྔགས། །ཞེས་དང་།

གླང་ཆེན་དགུ་སྟེང་རྒྱ་མཚལ་བསེ་རུ་དང་། །ག་དུར་བོང་དཀར་པྲི་ཡང་ཙནྡ་ཙནྡནགཉིས། །གཟེ་མ་ལྕམ་པ་སྡིག་སྲིན་གསེར་བྱེ་སྦྱར། །སྨུག་པོ་ཚ་ཆུ་རྒྱས་པའི་གཉེན་པོ་ཡིན། །ཞེས་སོ། །

ཕྱེ་མ་གུར་གུམ་༠m༥m༠དང་ནི་པྲི་ཡང་ཀུ༠m༡m༦། །ཨུཏྦལ་༠m༡m༣གསེར་གྱི་མེ་ཏོག་༠m༠m༨བོང་ང་དཀར་༠m༡m༤། །བ་ཤ་ཀ་༠m༤m༥དང་སྐྱུ་རུ་ར་༠m༡m༢སྦྱར་བ། །གུར་གུམ་བདུན་ནམ་འབོལ་སྨན་བདུན་པ་སྟེ། །ཆུ་མདོག་ལྗང་ན་པི་ལིང་ཨ་གར་བསྣན། །སེར་ན་ཀྱི་ལྕེ་དུག་ཉུང་བསྣན། །དཀར་ན་རུ་རྟ་བ་ལུ་བསྣན། །ཤ་ལྤགས་བར་གྱི་ཆུ་ལྷག་ལ། །ཉི་དགའ་འུ་སུ་པཉྪ་བསྣན་པར་བྱ། །ཆུ་བསྐོལ་ཧཱུྃ་བྷི་དྲུག་ཐང་གང་རུང་འཕུལ། །ཚྭ་ཆུའི་རྟག་རྟགསཆེ་ཡུན་རིང་བསྟེན། །དེ་ཡི་དྲི་ཆུ་བུངས་ཆེ་ཕོ་བ་བདེ། །ཚ་བའི་ཆུ་དེ་ལྡན་ནམ་གྲང་ཆུར་སྒྱུར། །མ་འགྱུར་སྲིད་ཀྱང་ཚ་ཆུའི་རླབས་འདིས་ཆོག ལྡན་ནམ་གྲང་ཆུ་ལ་ཡང་ཞག་འགའི་བར། །ཐོག་མར་སྨན་འདི་བཏང་བར་མྱོང་བས་གྲུབ། །ཁ་ཚར་གོང་གསལ་བཏགས་པས་གུར་གུམ་ཆུ་འབེབས་ཞེསཟེར། །

ད་ལི་ལིསབཅུ་དྲུག་སྦྱོར་བ་ནི། །སེ་འབྲུ་ཤིང་ཚ་པི་པི་ལིང་། །སུག་སྨེལ་གུར་གུམ་རྣམ་པ་ལྔ། །ལུས་སྤྱིའི་འདུ་བ་སྙོམས་པར་བྱེད། །ཤ་ཕོ་རུ་རྟ་ལི་ཤི་དང་། །ཨར་ནག་ཛཱ་ཏི་སྙིང་ཞོ་ཤས། །ཐོར་བུའི་རླུང་རྣམས་སེལ་བར་བྱེད། །རྒུན་འབྲུམ་ཤིང་མངར་ཅུ་གང་དང་། །ག་དུར་གློ་བའི་ནད་རྣམས་སེལ། །ད་ལི་ལིསསྡིག་སྲིན་སྦྱོར་བ་ཡིས། །ཆུ་སེར་སྐྱ་རྦབ་ནད་རིགས་འཇོམས། །སྦྲང་དང་བུང་བུརདཀར་རྟར་བསྐྱོན་པས། །སྨན་ནུས་མྱུར་དུ་འབྱིན་པར་བྱེད། །ཀུན་གྱི་ཕན་ཡོན་བསྟན་པ་ནི། །མ་ཞུ་གླང་ཐབས་ཕོ་བ་སྦོས། །ཚ་གྲང་འཐབ་པའི་ནད་རྣམས་དང་། །སྟོད་འཚང་བད་རླུང་མགོ་འཁོར་དང་། །གློ་ལུ་སྐད་འགགས་ལུས་པོ་སྐྲངས། །སྐྱ་རྦབ་ས་ཆུ་མ་ཐུབ་ལ། །སླེབས་པས་ཆོག་པ་ཁོ་བོས་མཐོང་། །

ཅུ་གང་བདེ་བྱེད་ཆུང་འབྲིང་ཆེ་གསུམ་འབྲི་ལུགས་ནི། །བསིལ་གསུམ་ཅུ་གང་༠m༡m༤བལ་གུར་༠m༢m༢ལི་ཤི་༠m༡m༠ཨུཏྦལ་༠m༥m༦སེ་འབྲུ་༠m༡m༡པི་པི་ལིང་༠m༢m༨། །ཤིང་ཚ་༠m༣m༨ཀ་ར་བཞི་འགྱུར་ཅུ་གང་བདུན། །ཚ་གྲང་ཆ་མཉམ་དང་ག་འབྱེད་པར་བྱེད། །གོང་སྟེང་སྐྱུ་རུ་བུངས་མཉམ་བདེ་བྱེད་ཆུང་། །དེ་སྟེང་གསེར་བྱེ་སྡིག་སྲིན་ཉི་དགའ་བ། །འུ་སུ་ཤིང་མངར་བཀྲ་འབུམ་གཅེས་བསྡུས་ལ་ལསཔྲི་ཡང་ཀུ་ཤིང་མངར་མན་མཛད་འདུག་གཟེ་མ་དེ་ཀུན་དང་། །སྐྱུ་རུ་བུངས་མཉམ་བདེ་བྱེད་འབྲིང་པོ་ཡིན། །དེ་སྟེང་དུང་འདྲ་འབུ་སྐྱོགས་འཁོར་ལོས་སྔོན་མོ་ཆབ་འདྲེན་སྲད་དཀར་བསྒྱུར། །ཨ་བྷི་བུངས་མཉམ་ཆེན་པོ་ཡིན། །ཕྱེ་མ་འུ་སྐྱུར་ལྷ་མོ་ཡིན། །ཐང་གིས་འཕུལ་བཏང་ཚ་གྲང་མཉམ། །རྩ་སྦུག་འགགས་སྦྱང་བྱེར་འཛག་དང་། །ལྡན་པ་ལ་སོགས་ཆུ་རིགས་ཀུན། །གསང་བའི་ལམ་དུ་འདྲེན་པའི་མཆོག འབྲི་གུང་ལུགས་ཏེ་བཀྲ་འབུམ་གཅེས་བསྡུས་ལས། །གྲང་བས་བརླན་ཞིང་ཟུག་རྔུ་གཟེར་བ་ན། །པཉྪ་པི་ལིང་རྣོན་པོ་གསུམ་རྒྱ་ཚ། སྡིག་སྲིན། གསེར་ཕྱེ་གྱིས་མྱུར་དུ་འབིགས། །ཚ་བའི་གཟེར་གྱིས་གདུང་བའི་ཉམ་ཐག་ལ། །སྨིན་གས་ལྷ་མོ་བུ་སྐྱུ་རུ། ལྕམ་པ། འུ་སུདང་མཐུན་གྲུབ་བྱ། །མཚོ་མོ་ཡུལ་ཡུརདུ་དྲོངས་འདྲོངསཔ་ཐག་ཆོད་དོ། །ཞེས་གསུངས།

ཤིང་མངར་འུ་སུ་ལྕམ་པ་དང་། །སྲད་དཀར་སྐྱུ་རུ་གླང་སྣ་དྲུག འདི་ལ་ཧཱུྃ་བྷི་དྲུག་སྦྱོར་ཟེར། །ཚ་ཆུ་རྩ་ལམ་འབྱེད་པའི་མཆོག

སྨན་ནག་ཆུ་སྨན་ནི། རླུང་ཀླུངགི་ཕག་ནག་ཟེགས་སིགསམ་ཕུལ་གང་ལ། །གྲོག་གྲོགསབཞི་སྲད་དཀར། ཧོང་ལེན། དེ་བ། སྤྱི་བཞུར་བཞི་ཕུལ་ཕྱེད་སོ་སོར་ནུས་ལྡན་བསྲེགས། །གཉན་རིམས་ཕོ་བར་བབས་ལ་བདུད་རྩི་ཡིན། །ཞེས་སྟེང་གྲང་བར་སེ་འབྲུ་བཞི་ལྔ་དང་། །ཆུ་བབ་དཀའ་ན་ཆུ་སྨན་བསྣན། །ཞེས་སོ། །

ཉམས་ཡིག་གི་ཝང་བཅུ་གཅིག་ནི། །གི་ཝང་ཙནྡ་ཙནྡནདམར་པོ་དང་། །ཅུ་གང་གུར་གུམ་བ་ཤ་ཀ རེ་སྐོན་ཏིག་ཏ་བྲག་ཞུན་དང་། །མ་ནུ་འུ་སུ་ཨུཏྦལ་རྣམས། །འདི་ནི་གི་ཝང་བཅུ་གཅིག་སྦྱོར། །སྨུག་པོ་ཚ་བ་རྒྱས་ལ་བསྔགས། །

འབྲི་ལུགས་བོང་དཀར་བཅུ་པ་ནི། །བོང་དཀར་གུར་གུམ་པྲི་ཡང་ཀུ། །ག་དུར་བཞི་པོ་གཙོ་བོ་ལ། །བྲག་ཞུན་གླ་རྩི་གསེར་མདོག་དང་། །སུག་སྨེལ་དོམ་མཁྲིས་ཉི་དགའ་དྲུག། འཁོར་གྱི་སྨན་དྲུག་ཆ་རེ་ལ། །གཙོ་བོ་བོང་དཀར་འཇིབ་རྩི་གཉིས། །ཆ་གསུམ་གུར་གུམ་ག་དུར་ཆ་གཉིས་རེ། །ཞིབ་པར་བཏགས་ནས་ཀ་རའི་རྟ་ལ་བསྐྱོན། །གུང་གཉིས་ཁོལ་ཙམ་ཆུ་ཡིས་འཕུལ། །བཏང་བས་ཆུ་རྣམས་ཕྱིར་དབྱུང་ཞིང་། །སྟོད་ནས་གཉེར་མ་ཆུམ་མེར་འགྲོ། །

  དམུ་ཆུ་བཅོས་པའི་ཐབས་བསྟན་པ། །ནད་རིགས་ཇི་ལྟར་གསུངས་ན་ཡང་། །སྙིང་པོ་ཆིག་ཆོག་རྒྱལ་པོ་ནི། །དུར་བྱིད་ཁཎྡྲི་མཐེབ་ཚིག་ཚིགསཙམ། །སྒ་ཏིག་ཁཎྡྲི་དེའི་ཉིས་འགྱུར། །བ་ཆུའི་ཁཎྡྲི་དུར་བྱིད་མཉམ། །ཨ་རུ་གསེར་མདོག་སྲན་མ་ཙམ། །བོད་ཀྱི་གུར་གུམ་པྲི་ཡང་ཀུ་ཉི་མ་མ་ལྡོག་གང་གོངབཏུས་པ་ཐུན་ཆུང་གཅིག འདི་རྣམས་ཞིབ་བཏགས་ཆང་ལ་སྦྱར། །རིལ་བུ་ལུག་རིལ་ཙམ་རེ་སྦྱར། །ལྔ་བདུན་དགུ་སོགས་ཧུབ་རེས་འཕུལ། །རྒྱ་མཚོ་ལྟ་བུར་བུདྲོངས་འདྲོངསཔར་ཐེ་ཚོམ་མེད། །འདི་ལ་སྤྱོད་སོགས་མི་དགོས་མཁས་པའི་ལུགས། །གདམས་ངག་སྲོག་གི་མན་ངག་ཁྱད་ཆོས་ཡིན། །ཆིག་བརྒྱུད་མ་གཏོགས་སྤེལ་ན་བཀའ་རྒྱ་ཅན། །ཐམས་ཅད་མཁྱེན་པ་མཚུངས་མེད་གུ་ཌྷྜྷཱ་ལ། །ཙཱ་རི་ཏྲ་རུ་ཡེ་ཤེས་མཁའ་འགྲོས་ཕུལ། །དྷརྨ་སཽ་མའི་མིའིཁྱད་ཆོས་འདི་ཁོ་ན། །

  ཉམས་ཡིག་བ་ཆུའི་འཕྲུལ་སྦྱོང་ནི། །དམར་ཟལ་བ་ཆུའི་ཁཎྡྲི་བྱ། །རྩི་བཅུད་ལྡན་པ་དུང་དོངགའི་འཁོར་ལོ་ནི། །རྣམ་པ་བདུན་དུ་བཏང་བར་བྱ། །དནྡ་རོག་པོ་ལྔ་ཉིད་ལ། །མེ་ཏོག་གླང་སྣ་ལྕམ་པ་དང་། །ཏྲི་བྱི་རྟ་རྣམས་བཏབ་ལ་བཏང་། །ལྕགས་ནི་བ་ཆུ་དག་གིས་བྱེད། །ལན་གཅིག་ལན་གཉིས་སྦྱོང་བར་བྱ། །རྩ་དལ་མིག་སྤྲིན་དཀར་བ་དང་། །སྐམ་སྐོམདད་ཆེ་ཞིང་སྐྲངས་མགོ་ཆོག། ཆུ་སོགས་མང་དྲི་ཆུ་ནངས་དུས་མང་དུ་འོང་བདུ་འབྱུང་བའི་དུས། །ཚ་ཆུའི་ཚད་མགོ་ཆོག་རྟགས་ཡིན། །འདི་རྣམས་ནམ་བྱུང་དུས་སུ་ནི། །བཅུད་ལེན་ཁ་ཟས་ཡན་ཡེནལ་གཏད། །འདི་ནི་མཁས་པའི་མན་ངག་ཡིན། །མི་མཁས་རྨོངས་པའི་ལྷ་རྗེ་ཡིས། །སྙིང་བཅུད་རུས་གསུམ་བཅུད་རྣམས་དང་། །རྒྱ་ཚའི་སྦྱོར་སྡེ་བཏང་བ་ཡིན། །འཆི་བདག་ཁ་རུ་ཚུད་སྙམ་པ། །བླ་མ་རྣམ་གཉིས་བྲང་ཏི་ཆོས་རྒྱས་རྒྱལབཀྲ་ཤིས་དང་། གོང་སྨན་དཀོན་མཆོག་དགེ་ལེགས་གསུང་ན་རེ། །གངས་ཅན་ཉི་མ་ཤར་བ་ན། །འཆི་བདག་དམུ་ཆུ་གསོ་བ་ལ། །འདི་ལས་ཟབ་པ་ཡོད་མ་ཡིན། །དེ་སྐད་བླ་མ་གོང་མས་གསུངས། །ཚ་ཚུ་ཆུཉམས་དཀའི་ཡིག་ཆའོ། །

ཆུ་སྨན་བདེ་བའི་འཁོར་ལོ་ནི། སེ་འབྲུ་བཞི་སྟེང་གུར་གུམ་གསེར་བྱེ་དང་། །སྡིག་སྲིན་བྱང་ཁྲ་ཧ་ཤིག་ཉི་དགའ་བ། །སྐྱུ་རུ་འུ་སུ་འཇིབ་རྩི་བུར་དཀར་སྦྱར། །འདུ་བ་ཆ་སྙོམས་བྲག་ཞུན་ཨ་རུ་ར། །བྱེར་ཆུ་ཟག་ཟགསཆུ་ལྒང་པ་ཁ་འཆུས་དང་། །རྡེའུའི་ནད་རིགས་ཆུ་ནད་ལྡན་འདུས་དང་། །ཆུ་ནད་བཅོ་ལྔ་ལ་སོགས་ཡུལ་འབྱིན་པ། །བདེ་བའི་འཁོར་ལོ་དམུ་རྫིང་བཟློག་པའི་མཆོག ཁྱད་པར་ཚ་ཆུ་ཡི་དྭགས་སྐྱ་མོ་ལ། །རྒྱ་མཚོ་ཙམ་ཡང་འདྲོང་བར་ཐེ་ཚོམ་མེད། །ཅེས་དང་།

ཡང་གཅིག་ཆུ་སྨན་བདེ་བའི་འཁོར་ལོ་ནི། །གསེར་བྱེ་འུ་སུ་བྱང་བ་དང་། །སྡིག་སྲིན་གཟེ་མ་སྐྱུ་རུ་ར། །ཨ་ཤྭ་དྭངས་མ་གནས་འཇོག་དང་། །གླང་སྣ་བྱིས་བྱིའུསྲན་སྲད་དཀར་རྣམས། །ཆ་མཉམ་ཞིབ་བཏགས་སྲན་ཙམ་དྲིལ། །ལྔ་བདུན་ཚ་གྲང་རྟ་ཡིས་བསྒྱུར། །སྐོམ་དུ་དར་བ་བསྟེན་པར་བྱ། །རྐྱང་པ་ལྡན་འདུས་ཕྱི་ནང་ནད། །ཆུ་རིགས་ཚ་གྲང་མཐའ་དག་འཇོམས། །ཕྱིས་ནས་མི་ལྡོག་སྣ་བགགས་ནི། །སྒྲོག་རུས་གཤང་གཤོངདང་རྨེན་ལྷེནསྣའི་རྩེར། །ལྟེ་བར་བཞི་སྒྲོམ་ཚིགས་དང་པོ། །བཅུ་གསུམ་བཅོ་བརྒྱད་ལ་སོགས་པ། །ཆུ་སྲང་གསངརྣམས་ནི་མེ་ཡིས་སྡོམས། །ཞེས་སོ། །

འབུ་སྐྱོགས་བདུན་པ་དུང་འདྲ་ཉི་ཤུ་གཅིག གླ་རྩི་ཆང་སྦྱར་ནང་འཚོད་དུག་ཕྱུང་དང་། །སྡིག་སྲིན་ཟངས་དྲེག་ཆུ་རྩི་ལྕམ་འབྲུ་བཞི། །ཞོ་ཕྱེད་རེ་དང་ཐར་ཁན་ཞོ་དོ་དང་། །བྱང་བ་བར་གཤོག་བླངས་བཅས་སྨན་སྣ་བདུན། །ཆུ་ཕོར་གང་བསྡུས་ཁཎྡྲི་རིལ་དྲིལ་བ། །ནད་སྟོབས་སྦྱར་བཏང་ཚ་ཆུའི་རིགས་དག་ནི། །ཆུ་སྦྱོང་བླ་མེད་གྲང་ཆུར་སྤང་ཞེས་གསུངས། །

སེ་འབྲུ་བཞི་སྟེང་གསེར་བྱེ་དང་། །སྡིག་སྲིན་འུ་སུ་ལྕམ་པའི་འབྲས་བུ་བསྣན། །སྐྱུ་རུ་ར་ནི་ཀུན་དང་མགོ་སྙོམས་སྦྱར། །ཆུ་རིགས་བཅོ་ལྔ་འདྲེན་ཞིང་སྐེམས་པར་བྱེད། །དྭངས་མ་ཆུ་འདྲེན་ཞེས་པའི་གདམས་ངག་གོ ཞེས་སོ། །

ད་ལིས་དྲུག་པ། ད་ལི་ལིས༠m༡m༠ན་ལེ་ཤམ་༠m༢m༠དང་ཤིང་ཚ་༠m༢m༠དང་། །སུག་སྨེལ་༠m༦m༠བཅའ་སྒ་༠m༥m༠པི་པི་ལིང་༠m༦m༠དང་དྲུག ། ཚད་ལྡན་སྦྱར་བས་འཁྲུ་སྐྱུགས་དབུགས་མི་བདེ། །གཞང་འབྲུམ་སྐྲན་དང་སྐྱ་རྦབ་གློ་ནད་སེལ། །ཞེས་སོ། །

ད་ལི་ལིསཚ་བ་གསུམ་གྱི་གཙོ་བོ་ལ། །ཤིང་ཚྭ་སུག་སྨེལ་ཟི་ར་ཁ་རུ་ཚ། །ད་ལི་ལིསབརྒྱད་འདིས་བད་ཀན་གྲང་བ་སེལ། །ཞེས་སོ། །

ཤིང་ཀུན་ཤུ་དག་སེ་འབྲུ་ཚ་བ་སྒ་པི་ཕོ་དབྱི་མོང་ཙི་ཏྲ་ལྔ་ལྔ། །ཤུ་ཏི་བསེ་ཡབ་འུ་སུ་ཡ་བག་གཉིས། །མ་ནུ་ཟི་ར་རྒྱམ་ཚ་ལ་ལ་ཕུད། །ཨ་རུ་ལྕེ་མྱང་ཚ་དང་ཁ་རུ་ཚ། །ཏི་མུ་ས་དང་བུར་དཀར་སྲང་བརྒྱད་སྦྱར། །ཤིང་ཀུན་ཅུར་ནིས་ལྟོ་སྦོས་ཡི་ག་འཆུས། །ཁ་ཟས་མི་འཇུ་གདོང་སྐྲངས་དབུགས་མི་བདེ། །ཕོ་ལོང་སྲིན་དང་གཞང་སྲིན་གྲང་ནད་འཇོམས། །ཞེས་གསུངས་སོ། །

ཚ་གྲང་སྐེམ་བྱེད་བྱུག་པའི་སྦྱོར་བ་ནི། །སྨན་ཆེན་ཆུ་རྩ་བུལ་ཏོག་ཀྱི་ལྕེ་དང་། །བྲག་ཞུན་རེ་ལྕག་དུད་པ་ཆ་གཅིག་ལ། །རྒྱ་ཞུན་སྒ་ཏིག་གང་རྙེད་ཞིབ་བཏགས་ལ། །ལ་ཕུག་ཁུ་བ་སྦྱར་བྱུག་ཉི་མས་བསྲེག དམུ་ཆུ་དྲེག་གྲུམ་ཆུ་སེར་རྩ་དཀར་གཟའ། །རེངས་འཁུམས་ཀུན་དང་ཁྱད་པར་སྐྱ་རྦབ་དང་། །འོར་ནད་མ་ལུས་འཇོམས་པའི་བྱུག་སྨན་ནོ། །ཞེས་སོ། །

ཟངས་ཐལ་ཉེར་ལྔའི་སྦྱོར་བ་ནི། །ཟངས་ཐལ་༠m༣m༨ལྕགས་ཐལ་༡m༢m༠ཆུ་སེར་སྨན་གསུམ་༠m༢m༠༠m༣m༠དང་། །འུ་སུ་༠m༢m༠ལྕམ་པ་༠m༢m༠སྐྱུ་རུ་༠m༢m༠པི་པི་ལིང་༠m༢m༠། །ཅུ་གང་གུར་གུམ་༠m༢m༠རུ་རྟ་བ་ཤ་ཀ ། གསེར་མདོག་བ་རུ་གི་ཝང་ཨུཏྦལ་སྔོ། །སེ་འབྲུ་ཙནྡ་ཙནྡནདཀར་དམར་སྒྲོན་ཤིང་དང་། །གེ་སར་རྣམ་གཉིས་ད་ལི་ལིསསེང་ལྡེང་རྣམས། །ཞིབ་བཏགས་ཀ་ར་དཀར་པོ་བཞི་འགྱུར་བྱ། །ཆུ་བསྐོལ་གྱིས་འཕུལ་སྲོད་ཀྱི་དུས་སུ་བསྟེན། །འདི་ཡི་ཕན་ཡོན་གློ་རྣག་གསར་རྙིང་དང་། །དྲེག་གྲུམ་ཆུ་སེར་ནག་པོ་མཛེ་ལ་སོགས། །ཁྱད་པར་དམུ་འོར་སྐྱ་རྦབ་ནད་ལ་བསྔགས། །གདམས་པ་འདི་ནི་དྭགས་པོ་སྨན་པའི་ལུགས། །ཞེས་སོ། །

རྒུན་འབྲུམ་བདུན་པ། རྒུན་འབྲུམ་ཅུ་གང་གུར་གུམ་ཤིང་མངར་དང་། །གླ་སྒང་ཤིང་ཚ་སེ་འབྲུ་ཀ་ར་སྦྱར། །གློ་བའི་ནད་དང་དབུགས་མི་བདེ་བ་སེལ། །ཞེས་གསུངས་སོ། །

གུར་ཏིག་ཅེས་གྲགས་གུར་གུམ་འབོལ་སྨན་བདུན་པ་ལ་ཟེར་བདུན་པ་དང་། །ཕྱི་རྒྱུད་ཏིག་བརྒྱད་བསྡེབས་ལ་གསུངས་པར་སྣང་། །

ཟླ་ཤེལ་བདུད་རྩིའི་ཐིགས་པ་ནི། །ཙནྡ་ཙནྡནདཀར་དམར་འབྲི་མོག་གསེར་མེ་ཏོག རུ་རྟ་ཨུཏྦལ་བཟང་དྲུག་འབྲས་བུ་གསུམ། །རེ་སྐོན་གླ་རྩི་ཏིག་ཏ་བ་ཤ་ཀ སེ་འབྲུ་མ་ནུ་འུ་སུ་པྲི་ཡང་ཀུ། །ཅོང་ཞི་སྟར་བུ་བསེ་ཡབ་པི་པི་ལིང་། །གངས་ཏིག་ཐིགསགི་ཝང་དོམ་མཁྲིས་ཀོ་བྱི་དང་། །ཉི་དགའ་གསེར་བྱེ་སྡིག་སྲིན་གསང་བའི་སྨན། །དུག་སྨུག་ལ་ནལ་བུའི་བྲུན་ནུས་བསྲེག ཟགཟགསཆུ་ལ་རག་མོ་ཤེལ་སྨན་གསང་སྨན་ཁཎྡྲི་བསྡེབས་པ་སོགས་སྐབས་ཐོབ་འཕྲུལ། ཚྭ་ལ་བྲག་ཞུན་ཨ་གར་ནག་པོ་རྣམས། །ལོ་བརྒྱད་ཆུའམ་དགེ་སློང་དྲི་ཆུས་དྲིལ། །ཁྱད་པར་དུག་སྨུག་ཁྲག་ཏུ་འཁྲུ་སྐྱུགས་དང་། །ཚ་བ་བྱེར་རྙིང་གབ་ཚད་འཇམ་འཁྲུགས་དང་། །ཆུ་ནད་བྱེར་རྙིང་སྨུག་པོའི་ཟག་ཟགསཆུ་སོགས། །མདོར་ན་ལྡན་འདུས་ནད་ལ་ཕ་ལམ་ཡིན། །

  ཌཽ་ཀིའི་གསུང་ལས་འོང་བའི་སྨན། །ཆུ་མ་རྩི་རབ་མཁའ་འགྲོ་ལ་ཕུག་དང་སྲན་སྲདནག་པྲི་ཡང་ཀུ་༠m༤m༤བྱ་མ་གྲགས་གོང་། །གླང་སྣ་སྐྱེས་མ་ཐག་ཉི་མ་མ་ལྡོག་གོང་༠m༡m༤སྲད་དཀར་༠m༤m༡ཨུཏྦལ་ཟླ་ལྔ་པ༠m༤m༡ཉི་དགའི་འབྲུཟླ་དྲུག་པ༠m༥m༡། །གུར་གུམ་༠m༤m༡སྐྱུ་རུ་༠m༣m༠སྡིག་སྲིན་༠m༥m༡གསེར་གྱི་བྱེ༠m༡m༠། །གཟེ་མ་༠m༣m༠ཆུ་རྩི་༡m༧m༠འབུ་སྐྱོགས་༠m༤m༠འུ་སུ་༠m༤m༠སེ་འབྲུ་༠m༥m༠དང་། །པི་ལིང་༠m༡m༠འཇམ་འབྲས་༠m༤m༠སུག་སྨེལ་༠m༣m༠ལྕགས་ཕྱེ་༠m༧m༠དང་། །ཅུ་གང་༠m༤m༠ཤིང་མངར་༠m༣m༠སྲོ་ལོ་དཀར་པོའི་༠m༤m༠སྟེང་། །འཇམ་དབྱངས་སྤྱན་གཟིགས་རྟག་ངུ་གཉིས། །གསང་སྨན་སྤྱི་བཞུར་༠m༣m༠ཚ་གྲང་རྐྱལ་པ་ཆུ་ཐུབ་གང་རིགས་གཉིས་དང་འབྲིང་པོ་བཅས། །ཚ་གྲང་རང་རང་སྐབས་རྩིས་པའི། །ཁྱད་པར་ཆུ་སྨན་ཆུ་རྩི་ཉེར་ལྔ་འདིས། །ཚ་གྲང་ལྡན་སོགས་ཆུ་ནད་གང་ཡིན་ཡང་། །ཐེམ་བྲལ་རྫ་མའི་ཆུ་ལ་འདྲེན་པ་བཞིན། །རིམ་པར་གསང་བའི་ལམ་ནས་འདྲེན་པར་ངེས། །

སུ་ཁ་ཙཀྲའི་སྦྱོར་བ་ནི། །སེ་འབྲུ་བཞི་དང་ཀུང་ཀུ་མ་བལ་གུར། །ཀླུ་གླང་དཀར་པོ་སྡིག་སྲིན་སྟག་ཁྲ་བོ་བྱང་ཁྲ། །ཧཱུྃ་བྷ་བྷིསྐྱུར་ཤ་ཀུན་དགའ་མཆིན་པྲི་ཡངསྨན་ཙིའུ། །ཧ་ཤིག་བྱེ་མ་གསེར་བྱེ་ཉི་དགའ་བ་ལྕམ་པ། །བྲག་གི་ཞུན་དང་གསེར་མདོག་ཅན་ཨ་རུ། །བུར་དཀར་རྟ་ནི་ཡོད་ཀྱང་རུང་། །ལྒང་པ་ཁ་འཆུས་ལྡན་འདུས་སོགས། །ཆུ་རིགས་བཅོ་ལྔ་མི་འཇོམས་མེད། །མཆོག་ཏུ་ཚ་ཆུ་རྒྱ་མཚོ་ཙམ། །འཁྱིལ་ཡང་ཉམ་ང་མེད་པར་དྲངས། །འདི་ནི་སྙིང་དང་འདྲ་བས་གསང་། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་། །མགྲོན་བུ་དུང་ཐོད་ཤ་རུས་ཐལ་བ་དང་། །ཙི་ཏྲ་ཀ་བསྡེབས་བརྒྱད་པས་དམུ་རྫིང་སྐེམ། །

X