//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

མཚོན་རྨ་གསོ་བའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 14:14:13 ཀློག་གྲངས། 24 

དེ་ནས་རྨ་བཅོས་སྨན་སྐོར་ལས། །ལྡུམ་ཆེན་དགུ་ཡི་སྦྱོར་བ་ནི། །སྟག་ཤ་ཧོང་ལེན་རྒྭ་དྲུས་རྟ་ལྤགས་པ། །ཕུར་མང་ཡུ་གུ་ཤིང་དང་བྲག་སྤོས་པ། །ཨ་བ་འབྲི་རྟ་ས་འཛིན་སྨན་སྣ་དགུ། དོམ་མཁྲིས་སྦྱར་བ་ཁོང་བཏང་བྱུགས་ཀྱང་རུང་། །རྨ་སྨན་འདི་ནི་ཁོག་པའི་སྙིང་འདྲའོ། །

ཡང་གཅིག་ལྡུམ་ཆེན་དགུ་ཡི་སྦྱོར་བ་ནི། །སྟོང་ཟིལ་སེང་གེ་འཇིགས་མེད་རེ་སྐོན་པ། །བྲེ་གུ་བ་ཇའི་པ་དངདཀར་མོ་ཡུ་མོ་འབྱིན། །ཁྲོན་བུ་ལྕགས་ཀྱུ་ཤངས་ཤངདྲིལ་དམར། །གཙོ་བོ་འདི་དགུ་འཚོགས་གྱུར་ན། །རྨ་ཚད་ཆོག་ཅིང་མཆོག་ཏུ་སེལ། །རྣག་ཁྲག་ཕྱིར་འདྲེན་འཁྱིལ་བ་ནང་དུ་སྐེམ། །རུལ་བ་གཅོད་ཅིང་གསར་པ་བསྐྱེད། །ཐིག་ཐིགསདང་ཆུ་སེར་འཛག་སྒོ་གཅོད། །མཉམ་པར་སྦྱར་བའི་ཕྱེ་མ་དེ། །མཐུ་རྩལ་བསྐྱེད་པའི་རྟ་ལ་ཞོན། །བསིལ་བ་རྣམས་ཟས་སྤྱོད་ཀྱི་ལྕག་གིས་བྲབས། །ཐུན་ཚད་རབ་འབྲིང་ཐ་མ་གསུམ། །གང་དགོས་ནད་ཀྱི་སྟོབས་དང་སྦྱར། །གཞན་ཡང་ཕན་པའི་ཡོན་ཏན་ནི། །དུག་ནད་འཐོམ་པོ་མགོ་འཁོར་དང་། །ཀླད་སྲིན་ཡ་མ་ཏྲེ་ཏྲེ་ཧོནཧོ། །ཤོ་མན་མཆིན་གས་ཉྭ་ལོག་དང་། །རྒྱུ་གཟེར་ནད་འཁྲུ་དྲེག་དང་བཤལ། །དེ་དག་ཀུན་ལ་བདུད་རྩི་འདྲ། །གཉན་གཉེནཔོ་ཁོང་དུ་བཅུག་པ་ལ། །དམ་ཚིག་བྱེད་པ་སྐྱོན་དུ་བལྟ། །ཁྲག་ངན་སྨན་གྱིས་གཅོད་པ་ལ། །གཏར་ག་བྱེད་པ་སྐྱོན་དུ་བལྟ། །ནང་རྩ་སྨན་གྱིས་མཐུད་པ་ལ། །མེ་བཙའ་བྱེད་པ་སྐྱོན་དུ་བལྟ། །སྐྲང་ནི་རྣག་ཆུ་སྐེམས་པ་ལ། །གསང་བ་འདྲེན་པ་སྐྱོན་དུ་བལྟ། །ཟས་སྐོམ་སྟུག་པ་སྡུག་ལགཏད་པ་ལ། །སྤང་བླང་བྱེད་པ་སྐྱོན་དུ་བལྟ། །སེམས་ཅན་རླབས་ཀྱིས་བསྐྱེད་བསྐྱོདཔ་ལ། །ཆུ་ལ་འདྲེན་པ་སྐྱོན་དུ་བལྟ། །རྨ་ཤེད་སྨན་གྱིས་གཅོད་པ་ལ། །རལ་པ་བདུག་པ་སྐྱོན་དུ་བལྟ། །རུས་ཆག་གཉེན་པོས་གསོ་བ་ལ། །གྲ་དྲཞིང་གཏར་བ་སྐྱོན་དུ་བལྟ། །སྐྱོན་དུ་བལྟ་བ་རྣམ་པ་བརྒྱད། །ཐིག་ཐིགསདང་གསང་དང་མན་ངག་རྣམས། །རྒྱ་ཆེན་གཞུང་དུ་བལྟ་བར་གྱིས། །ཤིན་ཏུ་དཀོན་པའི་ཁྱད་ཆོས་ལགས། །

མགོ་ཆག་སྨན། སྤྱི་བཞུར་འདམ་བུ་སྦལ་རྒྱབ་གངས་ཐིགས་བཞི། །མགོ་བོའི་རུས་ཆག་འབྱོར་ཞིང་རུས་ནད་སེལ། །རྨ་ཆེན་ཡུག་ཤིང་ཁཎྡྲི་བསྣན་ན་ཟབ། །

བཅད་འབྱོར་ཉེར་ལྔའི་སྦྱོར་བ་ནི། །དེ་ཡང་གསང་བ་སྒོ་འབྱེད་ལས། །ཕག་གདོང་ལྡངབཅད་འབྱོར་ཡུ་གུ་ཤིང་། །འུག་པ་བཅད་འབྱོར་སྟག་ཤ་བ། །གླ་བ་བཅད་འབྱོར་རྒྭ་དྲུས་པ། །ཕྱི་བ་བཅད་འབྱོར་བྲག་ལྕམ་པ། །སྤྲེའུ་བཅད་འབྱོར་བོང་དཀར་བ། །སྦྲུལ་ནག་བཅད་འབྱོར་སྲད་སེར་བ་སྲན་མ་སེར་ཆེན་རི་སྐྱེ། །ཐང་དཀར་བཅད་འབྱོར་ཡུ་མོ་ཟ་སྔོན་མོ་དུལ་དུལ། །ཤ་བ་བཅད་འབྱོར་སྲོལ་གང་གོངབ། །ཅོ་ག་བཅད་འབྱོར་འབུ་སུ་ཧང་། །གོང་མོ་བཅད་འབྱོར་གངྒཱ་ཆུང་། །གོ་བོ་བཅད་འབྱོར་གབ་སྐྱེས་པ། །བྱ་ཝང་བཅད་འབྱོར་མ་ཏང་བ། །སྤྱང་ཐང་ཐོངབཅད་འབྱོར་རྩྭ་ཨ་ཝ། །ངང་པ་བཅད་འབྱོར་ཁུར་མང་བ། །དོམ་ནག་བཅད་འབྱོར་ལྡུམ་ནག་པ། །སྟག་མོ་བཅད་འབྱོར་གུར་ཏིག་པ། །ཐང་སྨུག་བཅད་འབྱོར་གཟིག་མཇུག་པ། །ཉ་མོ་བཅད་འབྱོར་ཆུ་ལོ་བ། །བྱ་རོག་བཅད་འབྱོར་ཆུ་ཚན་པ། །མི་རྒོད་བཅད་འབྱོར་ལྕགས་གཅོད་པ། །བཅད་འབྱོར་ཉི་ཤུ་ཚོགས་པ་འདི། །རྨས་མ་ཐག་ཏུ་སྨན་བཏབ་པས། །དེ་མ་ཐག་ཏུ་འཚོ་བས་ན། །ལྷ་མིན་དམག་ལ་ཉམ་མི་ང་། །ལུས་གནས་སྣ་རེ་སྨས་པ་ན། །མཐུ་ནུས་སྣ་རེ་གཙོར་སྦྱར་བས། །སྨན་སྦྱོར་ཉི་ཤུའི་གཙོ་བོ་ཡིན། །དེ་སྟེང་བྱ་ཁྱུང་ལྔ་སྦྱར་བས། །ཉེར་ལྔར་གྲགས་པ་ལུགས་གཅིག་ཡིན། །

རིམ་པ་བཅུ་གསུམ་སྦྱོར་བ་ནི། །གླ་གུལ་སྟག་ཤ་ཤུ་དག་དང་། །དོམ་མཁྲིས་རྡོ་སོལ་གི་ཝང་གསུམ། །ལྕོག་ཅོགལ་གངས་ཏིག་ཐིགསཔ་ཏོ་ལ། །ཨེ་ཀ་ཀྱི་ལྕེ་དཀར་རུ་ཤ་བྲེ་ཤན་བ་ཤ་ཀ་བློན། །ཨ་བ་བཅད་འབྱོར་དག་དང་བཅས། །ཀ་ར་སྦྱར་བ་ཆུ་བསྐོལ་དབུལ། །ནང་རྩ་ཁོང་དུ་ཞུགས་པ་དང་། །དོན་སྣོད་ཐིག་ཐིགསསྒོ་སྲུང་བར་བྱེད། །

ཡུ་གུ་ཤིང་ཁཎྡྲ། སྔོ་བདུད་རྩི་ཐིགས་པ་ཡུ་གུ་ཤིང་། །འདི་ཁཎྡྲི་ཚུལ་བཞིན་བྱས་པ་དེ། །ཐུན་ཆེ་ཆུང་ལུག་གི་རིལ་མ་ཙམ། །ནད་རུས་པ་ཆག་ལ་སྤྱི་བཞུར་ཆུ། །ནད་རྩ་ཆད་འབྲི་རྟ་ཁ་ཆེའི་ཆུ། །ནད་ཁྲག་ཤོར་མཁྲིས་པ་སྣ་ཚོགས་ཆུ། །ནད་རྐང་འཛག་ཤེལ་རྟ་ཐང་ཆུ་འདུས་པའི་ཆུ། །ལར་ཀུན་ལ་གླ་རྩི་གདབ་པར་བྱ། །དེ་ཕྱི་ནས་འདེབས་ན་ཁཎྡྲིའི་ཆུ། །མགོ་ཆག་ཆེན་ཐར་ཐར་ཆུ་ལོ་དོམ་མཁྲིས་བསྣན། །རྨ་ཤ་འུ་གསོ་ལ་གུར་གུམ་སྟེ། །འབྲས་རུས་རུལམྱག་རྒྱ་ཚ་དོམ་མཁྲིས་བསྣན། །ཁ་མཆུ་ནད་ཁཎྡྲི་ཁོ་རང་བྱུག ཕལ་རིག་པས་བསྟུན་མཛོད་སྙིང་ལ་འཆང་། །ཞེས་སོ། །

བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར་ནི། །མགོ་བོའི་རྨ་རིགས་ཆེ་ཆུང་མཐའ་དག་ལ། །དྲས་འཆོས་མེས་གཞོབ་ལ་སོགས་མི་དགོས་པར། །ཟླུམ་འཆོས་སྨན་གྱིས་ཚེགས་མེད་གསོ་ཐབས་ལ། །མཚན་མོའི་འོད་ཅན་ཅོང་ཞི་ཆ་དྲུག་འོང་བ་ལ། །ཉིན་བྱེད་སྨན་རྒྱ་མཚལ་དང་སྒོ་འབྱེད་རྩ་ཨ་བ་ཆ་རེ་བསྡེབ། །གཞན་གྱིས་མཐོང་ན་འདྲེད་ཅིང་ནུས་པ་འཆོལའཆོར། །རྩི་བཞིན་བཏགས་ལ་པར་བུ་བཟང་པོར་བཅང་། །གུང་གཉིས་བཏང་ངམ་ཞག་རེ་ཐུན་རེ་སྦྱར། །རྨ་ཚབ་ཚབསཆེ་ཆུང་རིག་པའི་མདའ་ཡིས་བསྣུན། །

  ལུས་དང་ཡན་ལག་མགོ་བོ་སོགས། །ཆག་གས་གདབ་བརྡབསགྲུམ་བྱུང་བ་ན། །འབྲི་གུང་འཚོ་མཛད་མན་ངག་བྲི། །མཚན་མོའི་འོད་ཅོང་ཞི་ལྡན་ཆ་དྲུག་འོང་བ་ལ། །ཉིན་བྱེད་རྒྱ་མཚལ་སྨན་གྱིས་ཁ་ལོ་བསྒྱུར་བར་བྱ། །རྩ་སྐྱོན་ཅན་ལ་སྒོ་འབྱེད་ཨ་ཝ་བསྟེན། །རུས་སྦྱོར་ཀླད་པ་བསྡོམས་པའི་སྦལ་རྒྱབ་བསྣན། །རུས་ཆད་ཚདཆུ་སེར་སྐེམ་པའི་མདུང་རྩེ་བསྣན། །ཀླད་རུལ་རྩ་ནད་སེལ་བའི་ཁབ་ལེན་བསྣན། །ཀླད་པའི་རྒྱ་གསང་གསོ་བྱེད་གངས་ཏིག་ཐིགསབསྣན། །ཀླད་གསོ་ཆུ་སེར་སྐེམ་པའི་ཕ་ཝང་རྡོ་གྲུ་བཞི་བསྣན། །ཀླད་པའི་ཆུ་སེར་ཡུལ་འདྲེན་དར་ཡ་ཀན་སྟག་ཤ། །རྣག་ཁྲག་འདྲེན་པའི་འབྲི་རྟ་ས་འཛིན་དང་། །རྩ་ཆད་མཐུད་པའི་སྨན་ལ་གོང་བུ་ཅན་འབུ་སུ་ཧང་། །མ་ཐང་མཆིན་འཆིངབུའི་ལྡུམ་ཞོ་འདིངས་རུས་པ་སྦྱོར་བའི་སྨན། །ཚེར་སྔོན་རུས་ཆག་གསོ་ཞིང་ལྷ་བ་འདེབས། །སྟབས་སྟབསེང་སྤྱི་བཞུར་རུས་ཆག་སྨན་ལ་མཆོག་ཏུ་བསྔགས། །ལི་ཁྲིའི་འོད་འཕྲོ་གུར་གུམ་སྲོག་གི་མེ་ཏོག་དོམ་མཁྲིས་གི་ཝང་གཉིས། །རྩ་ལ་རྒྱུག་པའི་ཆུ་སེར་ཁྲག་ངན་བསྡམ། །རི་དྭགས་ལྟེ་བས་རྨ་ཡི་གཉན་རྣམས་སྲུང་། །འབྲུག་གི་རུས་པས་ཚད་པ་སེལ་བར་བྱེད། །སྤོས་དཀར་ཆུ་སེར་སྦྱོང་ཞིང་སྐེམ་པར་བྱེད། །ཀླད་ཚད་གཡུ་བཟང་ཉ་ལྕིབས་མུ་ཏིག་མཚོན། །རྡོ་སྨན་ཀུན་ལ་འཇུ་རྩི་དར་སྨན་གཅེས། །ཞིབ་བཏགས་གར་ཆང་མིན་སྨིནཔའི་རྟ་ལ་བསྐྱོན། །ཁོང་དུ་བསྟེན་པས་མེ་ལྟར་མཆེད་ནས་ནི། །གྲས་དྲསདབུགས་དབུགམི་དགོས་རྩ་མཐུད་གཞོམ་ཞོམཔ་གསོསྲོང་། །གས་པ་སྦྱོར་ཞིང་ཆག་པ་རུས་མདུད་འགྲིག རྡིབ་པ་འདེགས་ཤིང་གྲུམ་གྲུམསཔ་ལུགས་སུ་ཚུད། །ཀླད་རྒྱ་རལ་ཚེམ་ཀླད་རྩ་ཆད་པ་མཐུད། །ཀླད་མདོག་སྔོན་པོར་སོང་ན་རང་མདོག་དཀར། །ཀླད་སྐྱོར་སྐྱོནཁ་ལྐུགས་པ་ཡང་དབྱེ་ན་འབྱེད། །རུས་འཛེར་ཕྱིར་འབུད་ཤའུ་ཟབ་ལམ་འཚོ། །མིག་འགྲིབ་པ་ལ་མཆོག་ཏུ་བསྔགས་པ་ཡིན། །འདི་ལས་གཞན་དུ་གབ་སྐུང་ཡོད་རེ་ཀན། །འདི་ཕྱིའི་སྐྱབས་མགོན་དཀོན་མཆོག་དཔང་པོར་བྱེད། །དེ་ཕྱིར་ཐུགས་ཀྱི་དཀྱིལ་དུ་སྦས་པ་ཞུ། །

རིན་ཆེན་གཙུག་བཤལ་མགོ་སྐྱོན་ཀུན་ལ་འགྲོ།རྒྱལ་པོ་ཐར་ནུ་རྟ་ཞོན་དུར་བྱིད་ལྕགས་ཀྱུ་སྲུབ་ཀའི་རྩའམ་འབྲས་བུ་འཛིན། །བཙུན་ཆེན་ཐལ་ཀ་རྡོ་རྗེ་སྟག་ཞོན་བྱང་ཁྲ་དབྱུག་པ་སེང་ལྡེང་འཕྱར། །རྒད་པོ་དབྱི་མང་མོངགཡག་དན་ད་ཞོན་ཚྭ་རྒྱབ་རྒྱ་ཚ་ཁུར། །ལག་ན་དྲི་ཞིམ་གླ་རྩི་སྤོས་དུད་སྤང་སྤོས་ཐོགས། །ཀུན་ཀྱང་ཞིབ་བཏགས་གསར་ཞོའི་གླུམ་བསགས་བྲན། །གར་སླ་རོ་ཡི་འོ་ཙམ་སློ་འདྲ་གྱིས། །སྲབ་མཐུག་བ་ཀོའི་ཚད་དུ་བྱུགས། །དེ་སྟེང་ཟན་དྲོན་ཞྭ་མོས་གཡོགས། །ངར་ལྡན་ནུབ་གཅིག་འཇིབ་ཏུ་གཞུག །ཆུ་བུར་གང་བྱུང་བཅར་ལ་བཏང་། །སྤྱི་བོར་རིན་ཆེན་གཙུག་བཤལ་ཏེ། །གདོང་ལ་བྱུགས་ན་གདོང་བཤལ་འབྱུང་། །ཡན་ལག་ཀོ་ལེའི་བཤལ་དུ་སྦྱར། །ཕན་ཡོན་ཡ་མ་མིག་འགྲིབ་མཛེ། །ཚིགས་ཆུ་པུས་སྟེང་ལྕེ་སྤྱང་མགོ །འབྲས་དང་དྲེག་གྲུམ་ཀོ་ལེར་འཁྱུག །བ་སྤུར་མཚོ་ལམ་འཕུར་འདྲེན་ཞེས། །ཆག་སྨན་མཁས་པའི་ཁྱད་ཆོས་ཡིན། །

ཨ་རུ་སྨན་ནག་སེ་འབྲུ་ཤུ་དག་དང་། །གླ་རྩི་འོམ་བུ་ད་ལི་ལིསགཟེ་མ་དང་། །ཛཱ་ཏི་སུག་སྨེལ་ཀ་པེད་སྦྲུལ་ཞགས་པ། །སྦྲུལ་ཞགས་བཅུ་གཉིས་སྦྱོར་བ་སྟོབས་ཆེན་འདིས། །ཚ་གྲང་རླུང་གསུམ་འཁྲུ་འབྱམས་ཆམ་ལུགས་སེལ། །

སྦྲུལ་ཞགས་བཅོ་བརྒྱད་སྦྱོར་བ་ནི། །སྦྲུལ་ཞགས་བཅུ་གཉིས་སྟེང་དུ་ནི། །འདི་དང་གོང་གི་བཅུ་གཉིས་པ་བསྲེས་པས་བཅོ་བརྒྱད་དུ་འགྲོ།དངུལ་ཆུ་དུལ་མ་གོ་ཡུ་དང་། །ལྕ་བ་ར་མཉེ་ཉེ་ཤིང་དང་། །བ་སྤྲུ་བསྡེབས་པའི་བཅོ་བརྒྱད་པས། །གྲང་བ་སྤྱི་དང་གྲང་གཟེར་དང་། །ཁྱད་པར་ཆམ་ལུགས་རང་མལ་གཞུག །སྦྲུལ་ཞགས་སྨན་སྣ་ད་ཏྲིག་མོན་ཆ་ར། །སྨག་དང་ག་དུར་པྲི་ཡང་ཀུ་སྦྱར་བ། །མར་ཁུས་འཕུལ་བཏང་ཆམ་ལུགས་སེལ་བའི་མཆོག

X