//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

དུག་ནད་གསོ་བའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 14:15:20 ཀློག་གྲངས། 21 

སྦྱར་དུག་སྨན་སྐོར་སྡུད་སྨན་བསེ་རུ་བཞི། །བསེ་རུ་དཀར་པོ་མོན་གྱི་སུ་མི་དང་། །ཨ་རུ་གསེར་མདོག་གླ་བའི་རྩི་དང་བཞི། །གཙོ་བོའི་ཆ་ཡི་གསུམ་པོ་ཕྱེད་ཕྱེད་བྲི། །ཉིན་གཅིག་འདམ་འཐག་རིལ་བུས་དུག་རིགས་སྡུད། །

བྱང་ལུགས་སྡུད་སྨན་སྔོ་ཐང་བཅུ་གསུམ་གཉིས། །རྣམ་པར་ཡུག་ཤིང་ཐུར་མགོ་གསུམ། །འོམ་བུ་སེར་སྐྱེར་བར་ཤུན་དང་། །ལྡུམ་བུ་རེ་རལ་བེ་དོ་བ། །ཏིག་ཏ་གང་ཆུང་ཁ་ཆེ་དང་། །འུ་སུ་བོང་དཀར་པྲི་ཡང་ཀུ། །སྐྲ་བཟང་པཪྤ་ཏ་རྣམས་ཡིན། །ཕག་ཁྲག་ཐུན་ནི་ཆེ་བར་བྱ། །དྲོ་འཇམ་ཇ་ཡུན་ཙམ་རེ་བྱ། །ནད་ཚབས་ཆེ་ཞིང་འདུས་དཀའི་ནད། །ཟླ་བ་ཕྱེད་ཀྱི་བར་དུ་བཏང་། །ལུས་སྤྱིར་བྱེར་བའི་ཁ་བསྒྱུར་ལ། །སྤོས་དཀར་དོམ་མཁྲིས་རྒྱ་སྐྱེགས་དང་། །ཀ་ར་བཞི་པོ་ཐང་ལ་བསྣན། །སྟོད་བྱེར་ཡུང་བ་ལྕུམ་རྩ་བསྣན། །སྨད་བྱེར་བཙོད་དང་རྒྱ་སྐྱེགས་དང་། །ཞུ་མཁན་ཚྭ་ལ་གོང་དུ་བསྣན། །ཐང་གིས་ཕོ་བའི་མེ་ཉམས་ན། །སེ་འབྲུ་ལྔ་པས་མེ་དྲོད་གསོ། །འདུས་རྟགས་མིག་སྤྲིན་དཀར་བ་དང་། །ཆུ་རྙོགས་དྭངས་མ་འགགས་པ་དང་། །ཕོ་བ་མཆིན་པ་དོན་སྣོད་རྣམས། །གང་ལ་བབ་དེར་གཟེར་བའི་དུས། །གཉེན་པོ་སྨན་གྱིས་གསོད་པར་བྱ། །

ཀོ་ཋྡྷབཅུ་གསུམ། ཀོ་ཋྡྷ་ཨ་བོ་ཀོ་བྱི་དཔའ་ཡུང་གཉིས། །ཡུག་ཤིང་འོམ་བུ་སེ་རྒོད་སྐྱེར་པ་དང་། །ག་བུར་གསེར་མདོག་ཨ་རུ་ནག་ཆུང་རྣམས། །ཀར་སྦྱར་བཅུ་གསུམ་དུག་ལས་རྣམ་པར་རྒྱལ། །

སྡུད་བྱེད་གཉེན་པོ་སྦྱོར་བ་གྲངས་མང་ཡང་། །སེ་རྒོད་སྐྱེར་པ་བྲག་ཞུན་ཕག་ཁྲག་དང་། །ལུག་རུ་སྨུག་པོ་རེ་རལ་འོམ་བུ་ཡི། །བསྡུས་ཐང་དྲོན་མོ་ལན་འགའ་བསྟེན་པ་དང་། །ཡུངས་དཀར་ཤི་ར་རིབོང་དཀར་ཕག་ནག་ཁྲག རེ་རལ་གསེར་མདོག་ཛཱ་ཏི་བཏབ་པ་དེ། །ཆུ་གྲང་ཁྱོར་རེས་ཐོ་རངས་འཕུལ་བཏང་བ། །ཞག་གཅིག་གཉིས་གསུམ་ནད་བབས་བསྟུན་པར་སྡུད། །

གྱུར་དུག་སྨན་སྐོར་གི་ཝང་བཅོ་ལྔ་ནི། །གི་ཝང་ཨུཏྦལ་བསིལ་གསུམ་དུག་མོ་ཉུང་། །ཚྭ་ལ་ཧོང་ལེན་སྤོས་དཀར་སོ་མ་ར། །ཨ་རུ་དོམ་མཁྲིས་བྲག་ཞུན་བོང་ང་སེར། །ཤུ་དག་དཀར་པོ་ཀ་ར་སྦྱར་བྱས་ལ། །ཚ་བའི་དུས་སུ་བསྐོལ་གྲང་ཆུ་ཡིས་འཕུལ། །གཞི་འཛིན་གང་རུང་ཐོ་རངས་ཆུ་བསྐོལ་འཕུལ། །བོང་ང་དཀར་པོ་དོམ་མཁྲིས་ཕྱ་ཚན་གསུམ། །ཙན་དན་ཏིག་ཏ་བྲག་ཞུན་ཅུ་གང་དང་། །གུར་གུམ་པི་ལིང་ཀར་སྦྱར་ལྟག་པ་སྤྲད། །དེ་རྗེས་གང་དང་ཉེ་བའི་གནས་ནས་སྦྱོང་། །ཞེས་སོ། །

ཀོ་ཋྡྷའི་མན་ངག་གབ་པ་མངོན་ཕྱུང་ནི། ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡིས། དང་པོ་སྨན་མིང་གབ་པ་ཨ་ཙ་ཨོ་པ་ཏ། གཉིས་པ་རྣོ་མྱུར་སྔགས་གབ་འབྲུ་གཉིས་ཀོ་ཋྡྷ། གསུམ་པ་ཐུན་ཚད་གབ་པ་ལེགས་སྦྱར་སྨན་གྱི་བུང་བུངས བཞི་པ་ལོག་གནོན་གབ་པ་མི་འཇུ་ན་ཆ་མཉམ་བཞི་ཐང་། ལྔ་པ་གནད་འབེབས་གབ་པ་དུག་རྙིང་རྩར་ཞེན། དྲུག་པ་བཏང་བའི་དུས་གབ་པ་མར་ངོའི་གནམ་སྟོང་ཚེས་མཚམས་ཏེ་གབ་པ་མངོན་དུ་ཕྱུང་ནས་ལག་ཏུ་ལེན་ཚུལ་ནི། སྨན་འདི་བཏང་བས་དུག་མིན་ན་སྐྱུགས་སྦྱོང་མི་འོང་བར་བཤད་ཀྱང་། གསོ་སྨན་ལ་འདི་བཟང་ཡང་བརྟག་ཐབས་གཞན་མེད་ན་འདི་ཡིས་བསླབ་ཁོ་བོས་ཟུར་མཁར་བ་མྱོང་བས་གྲུབ་གསུངས། མན་ངག་གཞན་ནས་དཀར་པོ་ཆིག་ཐུབ་འདུ་བ་སྤྱི་ཁྲུས་སུ་གྲགས། བདུད་རྩི་འདི་ཡི་མཚན་ཉིད་ནི། །དང་པོ་ཐེ་ཚོམ་ཟ་བ་ལ། །འདི་སླེབས་རྟགས་ནི་འདི་དག་འབྱུང་། །གནོད་བྱ་བཅུ་ཡི་དཀྱིལ་འཁོར་ནས། །གནོད་བྱེད་ཞེན་པར་གོགས་པའི་ཕྱིར། །གཟེར་འཁྱུགས་འཁྲོགས་འཁྲོགདང་འདར་སོགས་འབྱུང་། །དང་པོ་བསྡུས་པས་ལུས་རྣམས་ན། །བར་དུ་བསད་པས་ཕོ་ལོང་འཁྲོག ཐ་མ་ནད་རྣམས་མ་ལུས་འཁྲུར། །རློན་པ་བཏང་ན་ཁྱོར་པ་རེ། །འབྲུ་གཉིས་བགྲང་ལ་ཆིག་བརྡུང་བྱ། །འབྲས་ཉག་བདུན་བསྲེ་ཞིབ་པར་བཏགས། །ཆུ་གཙང་ཁྱིམ་བྱའི་སྒོང་གང་སྦྱར། །རས་དཀར་དྲི་མེད་ཁུག་བསྟུམས་བཏུམསབཙིར། །སྐམ་པོ་བཏང་ན་ཞིབ་བརྡུང་ནས། །ཆུ་གཙང་དག་ལ་ཞག་གཅིག་སྦང་། །དེ་ནས་སྔ་མ་ལྟར་དུ་བཙག ཁུ་བ་རྣམས་ལ་འབྲུ་གཉིས་ཀོ་ཋྡྷ་ཞེས་པ་སྔགས། །སུམ་བརྒྱའམ་སྟོང་ཕྲག་གསུམ་ཙམ་བཟླ། །མར་སོགས་སྣུམ་ཅན་ཞག་གསུམ་སྤང་། །དེ་ནས་འགྲུལ་བསྲུང་ཕྱི་མཚམས་བཅད། །གཞན་ཡང་གནོད་པའི་ཟས་ཀྱིས་བསློང་སློང་། །ཐུན་ཚད་ཉུང་སྦྱར་ཤར་བལྟས་འཐུང་། །གོང་གི་རྟགས་རྣམས་སྣ་རེ་འབྱུང་། །མ་ཕིག་སྨན་ཐུན་ཆུང་སྐྱོན་ཡིན། །ལྟོ་བ་ཅི་ལྟར་སྙི་ན་ཡང་། །བྱ་སྒོང་གང་ལས་ཉུང་མི་རུང་། །བུངས་བསྐྱེད་ཡང་ཡང་བསྐྱར་བྱས་ལ། །སྔ་མ་ཞུ་ནས་ཕྱི་མ་བཏང་། །སྨན་ཐུན་རེ་དང་དུས་མཉམ་དུ། །མོན་གྲེ་རེ་རེ་མིད་དུ་གཞུག སྨན་ཐལ་ལོག་པའི་སྐྱོན་མི་འབྱུང་། །ཕོ་བ་ན་ན་སྨན་མི་འཇུ། །ཟུག་སྐྱེ་སྦོས་འཁྲོག་འགྱིང་བ་ལ། །ཆ་མཉམ་བཞི་ཐང་ལྕེ་ཚ་བསྣན། །ཚན་མོའི་ཐང་གིས་ངེས་པར་འཇུ། །དུག་རྙིང་རྩ་ལ་ཞེན་པ་ལ། །རྩ་སྦྱོང་འཇམ་པོའི་སྨན་བཏུང་ལ། །དོན་སྣོད་ཁ་འཛིན་མདེ་ཁ་བསྒྱུར། །ཀོ་ཋྡྷའི་ཁུ་བས་རིལ་བུར་དྲིལ། །སྔོན་འགྲོ་དངོས་གཞི་རྗེས་ལྡན་བསྣནཔས། །ནད་ཅན་དེ་ལ་བཏང་བར་བྱ། །ལྕགས་ལྕགཀྱང་ཀོ་ཋྡྷ་ཆང་སྦྱར་བཏང་། །དེ་ཡིས་དུག་རྙིང་རྩར་ཞེན་འདོན། །ནད་ཞེན་རྙིང་པ་ཟུངས་ངན་ཅན། །དེ་ལ་ཟས་ཀྱིས་ཟུངས་གསོས་ལ། །ཡང་ཡང་མ་དག་བར་དུ་སྦྱངས། །སྟོར་བ་བཙལ་དང་འགྱིང་པ་དྲོངས། །འབྱམས་པ་བཅད་དང་སྐུལ་བྱེད་ལྕགས་ལྕག སྔོན་འགྲོའི་སྨན་སོགས་མི་དགོས་སོ། །ཞག་གསུམ་གོང་ནས་སྣུམ་སོགས་སྤང་། །མཁན་པ་སྦང་མའི་ཆུ་འཇམ་གྱིས། །ལུས་བཀྲུ་ལྟོ་བ་མ་གཏོགས་པ། །ཞུ་ཞུནམར་བསྐུ་མཉེ་ཐེམ་པར་བྱ། །རྗེས་ནས་ལྟོ་ལ་མར་དཀར་བསྟེན། །དག་དང་མ་དག་བརྟགས་བརྟགཔ་ནི། །གོང་དུ་མིད་པའི་མོན་སྲན་རྣམས། །འཚོས་ཚོསསམ་ཤུན་བུད་དག་པའི་རྟགས། །དེ་ལྟར་མ་ཡིན་སྨན་འཕྲོ་བསྲིང་། །འཁྲུ་བའི་གྲང་ལ་ངེས་མེད་བྱ། །ནད་དག་དུས་སུ་ངེས་པར་བཤདབཅད། །གལ་ཏེ་སྐྱུགས་འདོད་མ་ནོན་ན། །རྡོ་གྲང་ཆུ་ལྕགས་ལྕགསྐྲ་འཐེན་དང་། །དྲི་ཞིམ་བསྣམས་སོགས་རྒྱུད་བཞིན་བྱ། །མ་ཆོད་གོང་གི་སྨན་ཐུན་གཅིག དྲི་ཆུར་སྦྱར་བཏང་ངེས་པར་ཆོད། །དེ་ཡང་འདི་ཡི་ཁྱད་ཆོས་ཡིན། །བཏང་དུས་མར་ངོའི་བཅུ་དྲུག་ཕྱིན། །གནམ་སྟོང་དང་ནི་ཚེས་གཅིག་གི མཚམས་ཀྱང་བྱ་མཚེར་འཚེརདུས་ཡིན་ཡང་། །མར་ངོ་བསྒུགས་པའི་ལོང་མེད་དམ། །ཤིན་ཏུ་རིང་བའི་ནད་པ་ལ། །ཐུན་ལོག་སྦྱར་ལ་ནམ་ཡིན་བཏང་། །གོང་གི་སྨན་ནི་བཏང་བའི་ཚུལ། །ནད་པ་མགོ་ནུབ་ཁ་ཤར་ལྟ། །སྨན་པས་ཤར་ནས་སྨན་བཏང་ལ། །ནད་པ་ནད་གཡོག་མགོ་མཐུར་ཐུརདེ་ནི་མི་སྐྱུགས་པའི་ཁྱད་ཉལ། །སྨན་པའི་ངག་ནི་མ་བཏང་བར། །སྨན་པ་ལ་ནི་མི་ལྟ་ཞིང་། །གླེང་མོ་མི་བྱ་སྨྲ་བ་བཅད། །དེ་ལྟར་བྱས་ན་ཐེབས་པར་སླ། །སྨན་པས་ཤ་དམར་ཁམ་བ་ཤ་ཟེར་བའང་འདུག་རེ་བཟའ། །དེ་ནི་རྟེན་འབྲེལ་ཆེ་བ་ཡིན། །སྨན་པས་འབྲུ་གཉིས་བཟླ་བར་བྱ། །ཅུང་ཟད་སོང་ནས་ནད་པ་དེ། །ཙོག་པུར་འདུག་ལ་འོག་རླུང་ཀློད། །ནད་གདོན་འཁྲུ་བའི་དམིགས་པ་བྱ། །ཐུན་ཚད་བདུན་དགུ་བཅུ་གཅིག་སོགས། །སྨན་ཐུན་ནད་པའི་ཟོ་དང་སྦྱར། །དགོང་མོའི་དུས་ནས་ལྟོ་བཀུག་ལ། །སྨན་དེ་ཚན་པ་བཞིར་བཅད་ནས། །སྲོད་དང་སྲོད་ཡོལ་ནམ་ཕྱེད་དང་། །ཐོ་རེངས་བྱ་མཚེར་འཚེརབཞི་ལ་བཏང་། །ཀ་རའི་ཆུ་ཡིས་ཁ་ཡང་བཤལ། །ཐོར་བུའི་རླུང་སྐྱེ་སྲེ་ལོང་ཐང་། །བཏང་ལ་སྣུམ་དང་བསྐུ་མཉེ་བྱ། །གཅོད་ཁར་རྒྱ་ཚའི་ཐང་བཏང་ལ། །འབྲས་ཐུག་སླ་མོ་འོ་མ་ཙམ། །ཇ་ཡུན་ཙམ་དང་བཙོས་པའི་ཟན། །སླ་མོ་སྒོ་ ང་ཙམ་རེ་བཏང་། །སྤྱོད་ལམ་གནས་སོགས་སྙོམས་པ་ནི། །སྤྱི་འགྲོ་ལྟར་དུ་ཤེས་པར་བྱ། །གནོད་པའི་ཟས་སྤྱོད་ལོ་དུས་བར། །བསྲུང་ཞིང་རྗེས་གཅོད་སྲོག་རྩ་དང་། །ཕོ་ལོང་མཆིན་གསང་མེ་ཡིས་བསྡམ། །ནད་ངོ་ཟིན་ཀྱང་དཔྱད་མི་ཐེབས། །རིམ་འགྲོ་གྲོཚོགས་བསགས་དག་ལ་འབད། །ཐེབས་ཀྱང་ནད་ལ་མི་ཕན་ན། །སངས་རྒྱས་བྱོན་ཀྱང་བཟློག་དཀའ་བས། །སྤང་བླང་ཞིབ་ཏུ་བརྟག་པར་བྱ། །ཟུར་མཁར་ཆོས་རྗེའི་མན་ངག་གོ དགེ་བས་དུག་གསུམ་ནད་ཞི་ཤོག

བྱེ་རིང་བསེ་རུ་མདེ་ཁ་ཅན་གསུངས་པ་ནི། རྭ་རྒྱལ་བསེ་རུ་དཀར་པོ་དང་། །དེའི་ཕྱེད་མོན་གྱི་སུ་མི་སྨན། །དེ་ཡི་ཕྱེད་ནི་རྣམ་རྒྱལ་དང་། །དེ་ཡི་ཕྱེད་ནི་གླ་རྩིའོ། །མང་ཉུང་ནད་ཀྱི་སྟོབས་དང་སྦྱར། །འདྲེད་དུ་བྱེད་ན་བཟང་པོ་དྲུག བཞི་པོའི་ཕྱེད་དང་མཉམ་པར་བྱ། །འདམ་བཏགས་ཉི་མ་གཅིག་གཉིས་བྱ། །རིལ་བུ་སྲན་མ་སྦོས་པ་ཙམ། །དགོང་མོ་ལྟོ་བཀུག་གཡེར་ཆུ་བཏང་། །ཐོ་རངས་རིལ་བུ་མི་བསྐྱོད་འཕུལ། །ནམ་ལངས་མར་ཁུ་མཁྲིས་དོམ་མཁྲིས་ལྡན་བཏང་། །ཟླ་བ་ཕྱེད་དུ་ཉམ་ང་མེད། །སྦྱོར་ངན་བྱུང་བར་འགྱུར་བའི་ཚེ། །བཤལ་སྐྱུགས་ཕོ་བ་ན་སོགས་འབྱུང་། །དེ་ཚེ་བཞི་སྦྱོར་རྩ་བ་ལ། །སྙིང་ལ་ཛཱ་ཏི་གློར་ཅུ་གང་། །མཆིན་པར་གུར་གུམ་མཆེར་ཀོ་ལ། །མཁལ་མར་སུག་སྨེལ་ཕོ་བར་བ་ལེ་ཀ སེ་འབྲུ་གར་བབས་མདེ་ཁ་བསྒྱུར། །བཏང་བས་བཤལ་དང་སྐྱུགས་པར་བྱེད། །འཁྲུ་སྐྱུགས་ཅུང་ཟད་བྱུང་བ་ཡང་། །མྱུར་དུ་མི་འགྲོ་སྦོས་དང་གཟེར། །བཤལ་འབབ་དཀའ་བར་གྱུར་པ་ན། །དན་རོག་བདུན་དང་དོང་གའི་ཐག་བུ་གསུམ། །དུར་བྱིད་དུམ་གཅིག་བསྣན་པ་བཏང་། །དུག་སྦྱོང་བདུད་རྩི་དག་བྱེད་འགྱུར། །ཡིན་མིན་ཐེ་ཚོམ་ཟ་བ་ལ། །རྭ་སྦྱོར་བཏང་བས་འཁྲུ་སྐྱུགས་སྦོས། །ཆུ་བཞིན་འཇུ་ན་ནད་གཞན་ལས། །དུག་མིན་འདི་ལ་ཐེ་ཚོམ་མེད། །སྲུང་དང་བཏགས་བརྟགདང་གསོ་ཐབས་སོགས། །དུག་འཇོམས་ཡོན་ཏན་རྒྱ་མཚོ་ཡི། །རྭ་སྦྱོར་ཡིད་བཞིན་སྨན་གྱི་ནོར། །བཤལ་རྗེས་གསོ་སྤྱད་དཔྱདསྤྱི་དང་མཐུན། །ཞེས་འབྱུང་། །

གུར་གུམ་བཅུ་གསུམ་དུག་སྨན་ཁ་ཚར་ཅན་གསུངས་པ་ནི། གུར་གུམ་བཅུ་གསུམ་བྲག་ཞུན་ལྕགས་ཀྱི་ཕྱེ། །པྲི་ཡང་ཀུ་དང་སུ་མི་བོང་ང་དམར། །ཅུ་གང་ཛཱ་ཏི་སུག་སྨེལ་ཨ་གར་ནག དཔའ་སེར་འོམ་བུ་སེ་རྒོད་ཀ་ར་སྦྱར། །སྦྱོར་ངན་མ་ལུས་འཇོམས་པའི་གཉེན་པོ་ཡིན། །ཞེས་སོ། །

ཅོང་ཞི་བསིལ་སྦྱོར་སྨུག་པོའི་སྐབས་ལྟར་དང་། །དབང་རིལ་ཛཱ་ཏི་དྲོད་སྨན་གསུམ། །གུར་གུམ་བཅུ་གསུམ་སྟེང་དུ་བསྣན། །རྒྱལ་བློན་བཅུ་དྲུག་སྦྱོར་བ་འདིས། །སྦྱོར་ངན་འབྲིང་གི་གཉེན་པོ་ཡིན། །ཞེས་པའང་འབྱུང་།

གུར་གུམ་བཅུ་གསུམ་གཞུང་བཞིན་ལ། །དེ་སྟེང་རེ་རལ་བོང་ང་དཀར། །སུ་མི་དཀར་དམར་གང་འཛོམ་སྦྱར། །གུང་གཉིས་ཆུ་བསྐོལ་འཕུལ་ལ་བཏང་། །ཡང་ན་ཅོང་ཞི་བསིལ་སྦྱོར་སྟེང་། །སུ་མི་རེ་རལ་ཧ་བོ་དང་། །བསེ་རུ་དཀར་པོ་དྲི་ཆེན་སྦྱར། །གོང་བཞིན་བསྟེན་ན་བདུད་རྩིར་འགྱུར། །ཡང་ན་བསེ་རུ་དཀར་པོ་དང་། །གསེར་མདོག་གླ་རྩི་སུ་མི་བསྣན། །དབང་རིལ་སྦྱར་བས་བདུད་རྩིར་འགྱུར། །ཞེས་སོ། །ཕྱག་རྡོར་གཅེས་བཏུས་ལས། དབང་རིལ་རྟ་རི་མ་དང་། རིན་ཆེན་རིལ་བུས་དུག་གི་ངོ་བོ་བསད། ཡང་ན་ཨ་རུ་གསེར་མདོག གླ་རྩི། བྲག་སྐྱ་ཧ་བོ། བྲག་ཞུན། ཡུ་གུ་ཤིང་། སྤང་རྩི་དོ་བོ། བོང་དཀར། དཔའ་བོ་དཀར་སེར། དཔའ་རྒོད། གུར་གུམ། གི་ཝང་རྣམས་ཆུ་གཙང་གིས་འཕུལ་པས་དུག་གི་ངོ་བོ་བསད་ཅེས། ཟླ་གཅིག་ཚུན་གྱི་སྦྱར་དུག་ལ་གདུ་ཐང་སོགས་མི་དགོས་ཞེས་འབྱུང་།

  དུག་སྨན་མང་སྦྱོར་ཆེན་མོ་ནི། །ཨ་རུ་བྲག་ཞུན་གསེར་གྱི་མེ་ཏོག་དང་། །ཁྱུང་སྡེར་དཔའ་བོ་སེར་པོ་བྱ་འཕུར་སླེབས། །རུ་རྟ་བོང་ང་དམར་སེར་དཀར་པོ་དང་། །དུག་ཉུང་ཧོང་ལེན་གཡའ་ཀྱི་གངྒཱ་ཆུང་། །རེ་རལ་བྲག་སྤོས་འོམ་བུ་པྲི་ཡང་ཀུ། །མུ་མེན་བྱུ་རུ་གཡུ་དང་མུ་ཏིག་དང་། །མཚལ་དང་གླ་རྩི་གི་ཝང་བ་ཤ་ཀ ཏིག་ཏ་གངས་ཏིག་ཐིགསཟི་ར་བ་ལེ་ཀ བསེ་རུ་ཙན་གཉིས་ཆུ་སེར་སྨན་གསུམ་དང་། །གེ་སར་གསུམ་དང་བཟང་དྲུག་ཕྱ་ཚན་མི་རྟ་ཁྱི་གསུམ་སྐྱེས་འཕྲལ་བྲུན་གསུམ། །སེ་འབྲུ་ཀ་ར་དཀར་པོའི་རྟ་དང་སྦྱོར། །སྦྱར་དུག་གྱུར་དུག་རང་བཞིན་དངོས་ཀྱི་དུག མཐོང་བའི་དུག་དང་རེག་པ་ཉི་ཟེར་དུག ཁ་རླངས་དུག་སོགས་དུག་རིགས་མ་ལུས་པ། །གཏན་ནས་འཇོམས་ཤིང་གབ་ཚད་རྙིང་ཚད་རྣམས། །གཏིང་འདོན་བྱེད་པའི་མན་ངག་ཁྱད་པར་འཕགས། །

སུ་མི་བསེ་རུ་གི་ཝང་ཨ་རུ་ར། །ཛཱ་ཏི་དཔའ་དཔའ་སེར་ཡུང་ཡུང་བ་གཉིས་དང་བོང་ང་དམར། །སེ་རྒོད་འོམ་བུ་རེ་རལ་ཨ་ག་རུ། །ཀ་ར་སྦྱར་བའི་སུ་མི་བཅུ་གསུམ་འདིས། །སྦྱར་དུག་ལ་སོགས་དུག་རིགས་མ་ལུས་སེལ། །

རྩལ་ཆེན་སེང་གེ་སུམ་འགྲོལ་ནི། །གསེར་མདོག་ཀོ་ཋྡྷ་ཤ་ཆེན་གསུམ། །བདུད་རྩིའི་ཞུན་གྱི་ཁུ་བས་ཉུངས་མ་ལོ་བཞི་སོང་བ་འཕུལ། །དུག་ཚན་ནད་ལ་ཕན་པར་གྲགས། །

  མ་ཞུ་འཇོམས་པའི་སྐྱ་ཁྲ་ཧོར་པ་སུམ་འགྲོལ་ནི།ཚྭ་ལ་གོ་ཐལ་ཐབ་ཁུང་ས་ཚིག་རྣམས། །ཆ་མཉམ་ཕྱེ་མ་ཆུ་བསྐོལ་ཚན་མོས་འཕུལ། །མ་ཞུ་དུག་འཐབ་ནད་ལ་ཐེངས་སོས་ཡིན། །

ཤ་དུག་འཇོམས་པའི་གླང་ཆེན་སུམ་འགྲོལ་ནི། །ཨ་རུ་ནག་ཆུང་བྱིའུ་ལ་ཕུག་དང་། །རེ་རལ་ཆ་མཉམ་ཕྱེ་མ་ཆང་གིས་འཕུལ། །ཤ་དུག་རིགས་ལ་ཐེངས་སོས་ཡིན། །

ཤ་དུག་འཇོམས་པའི་འཁྲི་ཤིང་བཅུ་གཉིས་ནི། །འོམ་བུ་རེ་རལ་བྱིའུ་ལ་ཕུག་གསུམ། །ཅོང་ཞི་བྱང་ཚ་ཅུ་གང་དྲུག ཨ་རུ་སྟོང་ཟིལ་སྲོ་ལོ་དགུ། །རུ་རྟ་ག་དུར་བ་ཤ་ཀ། འཁྲི་ཤིང་བཅུ་གཉིས་ཞེས་བྱ་སྟེ། །ཚོས་ཐང་འཕུལ་བཏང་ཤ་དུག་སེལ། །ཞེས་སོ། །

སྒོང་ཐོག་བྱིའུ་ལ་ཕུག་དང་། །འོམ་བུའི་ལོ་མ་བྲག་རྒྱ་སྐྱཧ། །བོང་དམར་ཨ་རུ་སྲད་ནག་གི ཐང་གིས་ཤ་དུག་ཅི་འདྲ་ཡང་། །འཇོམས་བྱེད་རྨ་བྱའི་མདོངས་བདུན་ཟེར། །

རོ་མཆོག་རྒྱ་ཚ་མྱོང་བའི་རྟ་ཕོ་ལ། །སྲིང་གཅིག་མཛེས་པའི་བྲག་སྐྱ་ཧ་བོ་སྒ་སྲབ་སྤྲས། །ལ་རྒོད་དཔལ་ལྡན་རྣམ་རྒྱལ་ཨ་རུ་གསེར་མདོག་ཆིབས། །སྦྱོར་ངན་ཐང་ལ་མགྱོགས་བཙན་དུག་དར་ལེན། །དེ་སྟེང་བོང་ང་དཀར་དམར་གཉིས། །ཁྱུང་སྡེར་རེ་རལ་འོམ་བུ་དག གངྒཱ་ཆུང་དང་སྤང་རྒྱན་དཀར། །བསྣན་པས་ཤ་དུག་གྲེ་འགགས་འཇོམས། །ཞེས་པ་རྒྱ་ཚ་བཅུ་གཅིག་འདྲ། །

མཆེ་བའི་དུག་འཇོམས་གཟིག་ཆེན་སུམ་འགྲོལ་ནི། །ཕུར་ནག་སྟོང་རི་ཟིལ་པ་གངྒཱ་ཆུང་། །ཕྱེ་མ་ཆ་མཉམ་གུ་གུལ་ཐང་གིས་འཕུལ། །ཁྱི་སྨྱོན་ནད་ལ་བདུད་རྩི་ཐེངས་སེལ་སོསཡིན། །

རེག་དུག་སྨན་སྐོར་ར་ཁྲག་བཅོ་ལྔ་ནི། །ར་ཁྲག་ག་བུར་ཕྱི་མ་རྒྱུད་ཀྱི་ནི། །གུར་གུམ་བཅུ་གསུམ་ལེགས་པར་ཚད་དུ་སྦྱར། །རེག་དུག་སྨན་མཆོག་ར་ཁྲག་བཅོ་ལྔ་ཞེསཟེར། །

ར་ཁྲག་ལྔ་པའིསྦྱོར་བ་ནི། །ར་ཁྲག་ཨ་རུ་བ་རུ་གཉིས། །ཁྲག་རྐང་དང་ནི་དཔའ་སེར་གཉིས། །བྲག་ཞུན་ཁུ་བས་འཕུལ་ལ་བཏང་། །ཟས་ནི་སྒོག་བཙོང་བུད་མེད་སྤང་། །ཆང་གཞོན་ཤིན་ཏུ་སྤང་བར་བྱ། །

གསེར་མདོག་རེ་རལ་བོང་དཀར་དཔའ་སེར་དང་། །ཡུང་བ་བསེ་རུ་ར་ཁྲག་བདུན་སྦྱར་བཏང་བས་འཚོ། །

གུར་གུམ་བཅོ་ལྔ། གཞུང་གི་གུར་གུམ་བཅུ་གསུམ་སྟེང་། །དོམ་མཁྲིས་སུག་སྨེལ་གསེར་གྱི་བྱེ། །ར་ཁྲག་ཧ་ལོ་སྦྱར་བ་ཡིས། །ཕོ་མོ་བྱང་སེམས་འཛག་པ་བསྡམ། །ཁྱད་པར་རེག་དུག་ནད་ལ་བསྔགས། །

  བ་རུ་བཞི་སྦྱོར་རྒྱ་ལུགས་ནི། །དངུལ་ཆུ་༡m༠m༠ལ་ཕུག་༠m༨m༠བ་རུ་༠m༧m༠པི་པི་ལིང་༠m༢m༠། །འདི་བཞི་ཚད་ལྡན་རིལ་བུར་དྲིལ། །སྲན་ཙམ་གསུམ་རེ་ཁྱུར་མིད་ཇ་ཐང་འཕུལ། །ཐུན་གྲངས་ལྔ་བདུན་ནད་ཟུག་དཔགས་དཔགལ་བཏང་། །ཞེས་སོ། །

X