//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

ཞར་བྱུང་རྟ་དང་ནོར་གྱི་སྨན་སྦྱོར་ཁ་ཤས་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 14:16:25 ཀློག་གྲངས། 8 

རྟ་སྨན་སེར་མོ་མང་འཛོམས་ནི། །སྟོང་རི་ཟིལ་པ་ཐུན་ཆེན་གཅིག ལི་ཤི་སྤོས་དཀར་གུ་གུལ་ནག། གླ་རྩི་སྤང་སྤོས་ཤུ་དག་ནག བཙོད་ཚིགས་ལྡོང་རོས་ཤིང་མངར་དང་། །ཅུ་གང་ངང་གསེར་རེ་ལྕག་པ། །སྨུག་སྦལ་སྒ་སྐྱ་གུར་གུམ་དང་། །སྲོ་ལོ་རུ་རྟ་ཙན་དན་གཉིས། །ཨ་རུ་ཉིས་འགྱུར་སྨན་ཆེན་སུམ་འགྱུར་སྦྱར། །ཀ་རའི་རྟར་བསྐྱོན་སེར་མོ་རོ་སློང་ཟེར། །

འགོག་སྨན་ནག་པོ་དགུ་སྦྱོར་ནི། །གི་ཝང་ཤིང་ཀུན་གུ་གུལ་ནག ཤུ་དག་ཨ་རུ་རྒྱ་སྣག་དང་། །བོང་ང་གླ་རྩི་མུ་ཟི་དགུ། ཕྱིར་བྱུགས་གཟའ་ཀླུ་གཉན་གསུམ་སྲུང་། །ནང་བཏང་གག་ལྷོག་གཟེར་གསུམ་འཇོམས། །ནང་རེ་རིལ་བུ་རེ་རེ་བསྟེན། །འགོ་བའི་ནད་རིགས་ཐམས་ཅད་སྲུང་། །

ནོར་ལ་གློ་རྩི་བླུད་འདོད་ན། །གློ་སྨན་ཛཱ་ཏི་གཤགས་འདྲ་བ། །ནོར་བརྒྱ་གློ་བ་ར་མགོ་ཙམ། །ཤོ་ལྟར་ཀུན་ཀྱང་བཅད་པ་དང་། །སྙིང་གི་རྩེ་དང་བྲང་གི་རྩེ། །ཉྭ་བཞིའི་རྩེ་དང་དཔྱི་གཡས་རྩེ། །གངས་ཆུ་དང་བཅས་བསགས་པའི་ནང་། །གཙང་པོའི་ཆུ་སྣ་བསྲེས་ནས་ཀྱང་། །ཡང་ཡང་ཕྱར་ཞིང་ལྦུ་བ་གཅོད། །བསྐ་སྐསླ་སེན་སྟེང་རྡོག་པོར་སྡོད། །འོམ་སུར་མཚེ་མཁན་ཤུག་ཚེར་གྱི། །ཁུ་བ་དང་ནི་ཆང་ཕུལ་གང་། །གླ་རྩི་སྦྱར་ཆུར་འདེབས་སྨན་ནི། །གཙོ་བརྒྱད་སྟེང་དུ་ག་བུར་དང་། །ཙན་དན་དམར་པོ་སྲོ་ལོ་དང་། །སྤང་རྒྱན་ཨ་ཀྲོང་ཤུ་དག་པ། །ཨ་བར་སྐྱུར་གསུམ་གདབ་པར་བྱ། །གཟའ་སྐར་བཟང་བར་དགེ་བའི་མིས། །མགོ་དང་དཔུང་པ་དར་དཀར་དཀྲི། ཉི་ཤར་ཤར་དུ་ཁ་གྱུ་ལ། །སྤུ་མཚན་ཅན་བླུད་རྩི་ཡག་བརྗོད། །ཆེ་ལ་ཕུལ་གསུམ་འབྲིང་ལ་དོ། །ཆུང་ལ་གང་རེ་བླུད་པ་ཡིན། །རྩི་འགགས་ཁུར་ན་རྐེ་སྐེཆེན་དང་། །ལག་ལེབ་གཏར་ན་ཕན་པ་ཡིན། །དེ་ཡང་ནད་ཀྱིས་ཟིན་ཚུལ་ནི། །འཁྲུགས་ཤིང་སོགས་སོགསྒང་བ་མོ་ཆགས། །མིག་དམར་སྣ་ནས་ཆུ་ཉིལ་ཞིང་། །ལུས་པོ་ཟིལ་པ་ཕྲོམ་མེ་བ། །རྣ་བ་ཆག་ཅིང་གློ་བའི་ཐད། །ཆང་ལངས་ལྟ་བུའི་སོབ་སོབ་ཟེར། །བྲང་མགོར་སྐྲངས་པ་ཉལ་ཉོལ་བྱུང་། །ནད་ལ་སྨན་མ་སོང་བ་ཡི། །གློ་བ་གཡས་གཡོན་གང་ཡང་རུང་། །བོན་ལྕི་རྩེ་ནས་མར་ཟུག་པའི། །སེར་ཐིག་དཀར་ཐིག་གང་ཡོད་པ། །གཤག་ཚེ་མདོག་དང་ཁུ་བ་ཡང་། །སེར་དང་དཀར་པོ་ཡོང་བ་བཟང་། །དེ་འདྲ་ཅང་མ་བྱུང་ན་ཡང་། །སྨད་ནས་ཡར་ཟིན་མདོག་དམར་སེར། །ཡིན་ཡུནཙམ་བྱུང་ཡང་བཏང་བར་ཉན། །གློ་མདོག་དམར་ནག་སྟོད་ནས་ཟིན། །སྔོ་ཐིག་ནག་ཐིག་ཁྲག་གཡོས་པ། །དེ་འདྲ་གཏན་ནས་བཏང་གཏོངམི་རུང་། །བུད་མེད་རེག་སྤང་སྨན་ཚོགས་ལས། །ག་བུར་ཙན་དན་གླ་རྩི་གསུམ། །མང་དགོས་བེའུ་མི་སྐྱུར་ཐབས། །འབུ་སྐྱོགས་དུང་འདྲ་བསྣན་པ་ཤིས། །རྒྱབ་ཆོས་ཞི་བ་ཆུ་སྦྱིན་དང་། །གསུང་རབ་སྒྲོགས་ཤིང་རྗེས་མ་ནི། །དུང་ཁྲི་རྔ་དཀར་ཞིག་ལ་བླུད། །ཞག་གསུམ་ཆུ་བཀག་འགྲུལ་བསྲུང་བྱ། །དྲུག་བདུན་མཚམས་ནས་ལུ་ཆུང་བྱུང་། །ཕན་ངེས་མ་ཆོད་ཡང་བསྐྱར་བླུད། །ཞིབ་པར་མཐོང་བརྒྱུད་ཕྱག་ལེན་གཅེས། །

ཕྱུགས་ཀྱི་འཇམ་འགོག ཁ་ཚར་ཐར་འདོད་འདི་ལྟར་མཛོད། །ནད་ཁྲག་ཤུ་དག་གླ་རྩི་དང་། །ཅུ་གང་སྲོ་ལོ་བོང་ང་དཀར། །གུ་གུལ་ནག་དང་མུ་ཟི་ནག དེ་རྣམས་རྩི་བཞིན་བཏགས་བྱས་ལ། །སྐར་ཆུར་སྦྱར་བ་ཕོར་རེ་བླུད། །དབྱར་ཐོག་དགུན་ཐོག་རེ་རེར་ཐུབ། །

ནོར་གྱི་ཧོན་ནད་སྨན། ནོར་ལ་ཧོན་གྱི་ནད་བྱུང་ན། །སྨན་ནི་དཀར་རྩི་འདྲ་བ་སྟེ། །ཕྱི་ཕིག་མཇུག་མ་དབུགས་མ་ཆད་གོང་བཅད་པ་ས་ལ་མི་འཇོག བུད་མེད་ཀྱིས་མ་རེག་པ་དགོས་རྒན་པོའི་མཇུག་མའི་སྤུ། །མེར་བསྲེགས་བཀྲུས་པའི་ཁུ་བ་དང་། །ཆུ་སེར་བྱང་ཁོག་ཆུ་སེར་གངས་ཆུར་རྟ་བྱས་ན། །ཕོ་ཡི་སྣ་གཡས་མོ་ཡི་གཡོན། །བླུད་པ་མན་ངག་དམ་པའོ། །འཆི་མེད་ནོར་ཕྲེང་ལས་གསུངས་སོ། །གངས་རི་པ་ཡི་ལུགས་ཡིན་གྲགས། །

X