//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དུ་བྱ་བར་གཟིགས་ཞིབ་ཏུ་ཕེབས།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། སྒྲོལ་མ་མཚོ། དུས་ཚོད། 2016-07-29 9:48:26 ཀློག་གྲངས། 47 

སྤྱི་ལོ་༢༠༡༦ལོའི་ཟླ་༧པའི་ཚེས༢༦ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དུ་ཕེབས་ནས་བོད་སྨན་འདུ་སྦྱོང་ཚོད་ལྟ་ཁང་དང་། དཔེ་རྙིང་ཞིབ་འཇུག་ཁང་། གྲུབ་འབྲས་འགྲེམ་སྟོན་ཁང་སོགས་ལ་གཟིགས་ཞིབ་གནང་།

བོད་སྨན་འདུ་སྦྱོང་ཚོད་ལྟ་ཁང་དུ་གཟིགས་ཞིབ་གནང་བཞིན་པ།

དཔེ་རྙིང་ཞིབ་འཇུག་ཁང་ཏུ་གཟིགས་ཞིབ་གནང་བཞིན་པ།

གྲུབ་འབྲས་འགྲེམ་སྟོན་ཁང་ཏུ་གཟིགས་ཞིབ་གནང་བཞིན་པ།

ཧྲུའུ་ཅི་ཝང་གོ་ཧྲིང་གིས་ངེད་ཞིབ་འཇུག་གླིང་གི་བོད་སྨན་འདུ་སྦྱོང་ཚོད་ལྟ་ཁང་ནས། མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཀྱི་ཚན་རིག་ཞིབ་འཇུག་དང་སློབ་གསོ།  སྨན་བཅོས། ཐོན་སྐྱེད། རིག་གནས་བཅས་གཞི་གཅིག་ཏུ་སྒྲིལ་བའི་ཁེ་ལས་ཀྱི་སྒྲུབ་སྟངས་གསར་བར་ཁས་ལེན་མཛད། ཁོང་གིས་བསྟན་དོན།   ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པས།  ཤེས་རིག་དང་ཤེས་ལྡན་མི་སྣར་བརྩི་འཇོག་བྱས་ཏེ་གསར་གཏོད་ཀྱི་རྣམ་པ་བཟང་པོ་བསྐྲུན་པར་སྐུལ་འདེད་བྱེད་དགོས་ཟེར།

རྡེབ་ཚད་ཨང་རིམ།
X