//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

བོད་ཀྱི་གསོ་བ་རིག་པའི་རྨང་གཞིའི་མིང་བརྡ་གཏན་འབེབས་གྲོས་ཚོགས།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2017-10-18 17:34:49 ཀློག་གྲངས། 23 

སྤྱི་ཟླ་༡༠བའི་ཚེས་༡༣ཉིན་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་མཛད་དེ་ལྗོངས་ཞིང་ལྔའི་བོད་ཀྱི་གསོ་རིག་རྨང་གཞིའི་མིང་བརྡ་གཏན་འབེབས་གྲོས་ཚོགསམཚོ་སྔོན་ཧོར་གྲོང་རྫོང་ནས་བསྡུས།

ཐེངས་འདིའི་ཚོགས་འདུ་ལ་ལྷ་ས་དང་ཟི་ཁྲོན། ཀན་སུའུ། ཡུན་ནན། པེ་ཅིན། མཚོ་སྔོན་བཅས་ནས་བོད་ཀྱི་གསོ་རིག་དང་ལོ་ཙཱའི་ཆེད་ལས་ཀྱི་ཆེད་མཁས་པ་༡༢གདན་ཞུས་མཛད་ཡོད་ལ། ཆེད་མཁས་པ་རྣམས་ཀྱིས་ཉིན་གསུམ་གྱི་རིང་དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་ཚིག་འབྲུ་རེ་རེའི་དོན་ལ་ཡང་དང་བསྐྱར་དུ་གྲོས་བསྡུར་དང་དཔྱད་པ་ནན་མོ་བཏང་མཐར་རྨང་གཞིའི་མིང་བརྡ་༥༢༡༣ཙམ་གྱི་འགྱུར་ཡིག་ལེགས་པར་གཏན་འབེབས་གནངས།

ཐེངས་འདིའི་གྲོས་ཚོགས་ཐོག་ཆེད་མཁས་པ་རྣམས་ཀྱིས་རང་རེའི་ཕུལ་བྱུང་གི་རིག་གནས་འདིའི་ལྟ་དགོངས་དང་ཁྱད་ཆོས་གཙོ་བོར་བཟུང་སྟེ་སྔར་ལོག་བསྒྱུར་དང་འཁྲུལ་བསྒྱུར་བྱས་ཡོད་པ་དག་ཚར་དུ་བཅད་པ་དང་། སྔར་མེད་རྣམས་གསར་དུ་བཟོས་པས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་དེང་རབས་ཅན་དང་རྒྱལ་སྤྱི་ཅན་དུ་འཛུགས་གཉེར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

ཞིབ་འཇུག་གླིང་གི་མི་སྣས་ཆེད་མཁས་པ་རྣམས་ལ་ལས་གཞིའི་གནས་ཚུལ་ངོ་སྤྲོད་གནང་བཞིན་པ།

གཞུང་ལུགས་སྐོར་གྱི་ཚོགས་མིས་འགྱུར་ཡིག་གཏན་འབེབས་གནང་བཞིན་པ།

སྨན་རྫས་སྐོར་གྱི་ཚོགས་མིས་འགྱུར་ཡིག་གཏན་འབེབས་གནང་བཞིན་པ།

ནད་ཐོག་སྐོར་གྱི་ཚོགས་མིས་འགྱུར་ཡིག་གཏན་འབེབས་གནང་བཞིན་པ།

རྡེབ་ཚད་ཨང་རིམ།
X