//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

བོད་ཀྱི་གསོ་རིག་དང་དེང་རབས་གསོ་རིག་གི་ཚན་རིག་ལྟ་གྲུབ་ཐད་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས།

ཇུས་འགོད་པ། རྩོམ་སྒྲིག་པ། དུས་ཚོད། 2018-10-21 16:29:07 ཀློག་གྲངས། 35 

         སྤྱི་ཟླ9པའི་ཚེས15ཉིན། སྲོལ་རྒྱུན་དང་དེང་རབས། ལྟ་གྲུབ་དང་མཚུངས་ཆོས་ཟེར་བའི་བོད་ཀྱི་གསོ་བ་རིག་པ་དང་དེང་རབས་གསོ་རིག་གི་ཚན་རིག་ལྟ་གྲུབ་ཐད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་བསྡུས།


སྙན་ཞུ་འབུལ་བཞིན་པ།


སྙན་ཞུ་འབུལ་བཞིན་པ།


སྙན་ཞུ་འབུལ་བཞིན་པ།

         ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་དང་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཆེད་མཁས་སྨན་པ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་འབུམ་རམས་དང་རབ་འབྱམས་ཞིབ་འཇུག་སློབ་མ།དངོས་གཞི་སློབ་མ་སོགས་མི་སྣ་བརྒྱ་ལྷག་ཞུགས་ཡོད་ལ། དེ་ལས་བྱ་བའི་ལས་རྐང་མི་འདྲ་བ་སོ་སོ་ནས་ཕེབས་པའི་མི་སྣ18ཀྱིས་རིག་པའི་གཞུང་ལུགས་དང་ནད་ཐོག་བརྟག་བཅོས་སོགས་ཕྱོགས་མི་འདྲ་བ་དུ་མ་ནས་ཞིབ་འཇུག་སྙན་ཞུ་ཕུལ་བ་དང་། དོགས་གནད་སྣ་ཚོགས་ཀྱི་ཐད་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་བགྲོ་གླེང་བྱས་ཤིང་། དཔྱད་བརྗོད་པས་སྙན་ཞུ་འབུལ་མཁན་གྱི་ཞིབ་འཇུག་ཆེད་རྩོམ་ལ་དཔྱད་འཇོག་ཡག་པོ་བྱས་པས། ཚོགས་ཞུགས་གསོ་རིག་ཆེད་མཁས་པས་བགྲོ་གླེང་ཚོགས་འདུ་འདི་ནི་བོད་ཀྱི་གསོ་རིག་ཇི་ལྟར་རྒྱུད་འཛིན་དར་སྤེལ་དང་། བོད་ཀྱི་གསོ་རིག་དང་དེང་རབས་གསོ་རིག་གཉིས་ཀྱི་སོ་སོའི་ཁྱད་ཆོས་མཉམ་སྤྱོད་དང་ལྟ་གྲུབ་བརྗེ་རེས་ཐད་བསྡུས་པའི་ཚོགས་འདུ་ཡག་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག


རྡེབ་ཚད་ཨང་རིམ།
X