//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > ཐང་གི་སྦྱོར་བ། > སྐྲན་ནད་ཀྱི་སྨན་སྦྱོར། > ནང་དོན།

མ་ནུ་བཞི་ཐང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-01-27 10:00:27 ཀློག་གྲངས། 13 

སྦྱོར་སྡེམ་ནུ། ཀཎྜ་ཀ་རི། སླེ་ཏྲེས། བྲག་ཞུན།  

སྦྱར་ཐབསམ་ནུ་སླེ་ཏྲེས་ཆ་གཉིས་ལ།། ཀཎྜ་ཀ་རི་ཉིས་འགྱུར་བཏང་།། བསྐོལ་ལུགས་གཉིས་སུ་ཤེས་པ་ལ།། ཐང་སྨན་གསུམ་པོ་ལབ་ལེབ་བརྡུང་།།ཚད་དང་ལྡན་པ་བསྐོལ་བ་ལས།། ཁ་སྒྱུར་སྨན་རྣམས་ཁ་ཚར་གདབ།། ཡང་ན་སྨན་སྣ་བཞི་བོ་དེ།། ཤིན་ཏུ་ཞིབ་པར་བཏགས་བྱས་ལ།།ཆུ་ཕུལ་དོ་ཡི་ནང་དུ་ནི།། ཐུར་འགོ་[མགོ]རེ་ཙམ་བཏབ་ལ་བསྐོལ།། ཕྱེད་ཙམ་སྐམ་ནས་གྲང་དུ་གཞུག།

ཕན་ནུསཉམ་ཆུང་དང་ག་ཞན་པ་ལ།། ཐང་ནི་སྐ་ལ་ཉུང་བ་ཡིན།། ནད་པ་ཉམ་ཤེད་ཆེ་བ་ལ།།སླ་ལ་མང་བ་གཏོང་བ་ཡིན།། ཕོ་བ་བཟང་དང་ཚད་པ་ཡོད།། ཐང་ནི་གྲང་མོ་གཏོང་བ་ཡིན།། ཚ་བ་ཆུང་ལ་ཕོ་བ་ངན།།ཐང་ནི་ངད་ཡལ་གཏོང་བ་ཡིན།། དེ་ལྟར་ཚུལ་བཞིན་བསྟེན་ཤེས་ན།། མཆིན་པའི་ཚ་སྐྲན་སེལ་བར་བྱེད།

སྦྱོར་ཁུངསབྱེ་བ་རིང་བསྲེལ་གྱི་ཆ་ལག་གྲངས་མེད་གསུང་ངག་དུམ་བུ་ཁྲིགས་སུ་བཀོད་པ་ཡི་མ་ནུ་

བཞི་ཐང་གི་འཕྲུལ་འཁོར་བདུད་རྩི་ཉི་མའི་སྒྲོན་མེའི་སྐབས།


X