//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

བོད་ཀྱི་གསོ་རིག་ཆེད་མཁས་འོ་ཚོགས་ཆེན་ལ2013ལོའི་ཧི་ལང་ཧི་ལེ་ཚན་རྩལ་བྱ་དགའ་ཐོབ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2014-05-06 16:08:46 ཀློག་གྲངས། 32 

ཨ་རུ་ར་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པའམ་མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་གླིང་གཙོ། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་འོ་ཚོགས་ཆེན།

རྒྱུས་ལོན་པ་ལྟར་ན། བོད་ཀྱི་གསོ་རིག་ཆེད་མཁས་འོ་ཚོགས་ཆེན་ལ2013ལོའི་ཧི་ལང་ཧི་ལེ་ཚན་རྩལ་བྱ་དགའ་ཐོབ་པ་རེད། ཨ་རུ་ར་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པའམ་མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་གླིང་གཙོ། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་འོ་ཚོགས་ཆེན་ནི་བོད་ཀྱི་གསོ་རིག་རྒྱུན་འཛིན་དང་གསར་སྐྲུན་པ་ཞིག་ཡིན་ཞིང་། རང་རྒྱལ་དེང་རབས་མིང་དུ་གྲགས་པའི་བོད་ཀྱི་གསོ་རིག་ཆེད་མཁས་པ་དང་བོད་ཀྱི་གསོ་རིག་ལས་དོན་གྱི་སྣེ་ཁྲིད་མཁན་ཞིག་ཡིན། ཁོང་གིས་བོད་ཀྱི་གསོ་རིག་ཐད་ལོ་ངོ40ལ་འབད་བརྩོན་བྱས་ཤིང་། བོད་ཀྱི་གསོ་རིག་རྒྱུན་འཛིན་ཞིབ་འཇུག་དང་། སྨན་རྫས་ཞིབ་འཇུག མཐོ་རིམ་སློབ་གསོ། དོ་དམ་གསར་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་གལ་ཆེན་བླངས་ཡོད།

ཁོས་བཙུགས་པའི་བོད་ཀྱི་གསོ་རིག་ཚན་ཞིབ་དང་། སྨན་བཅོས། སློབ་གསོ། ཐོན་སྐྱེད། རིག་གནས་སྲུང་སྐྱོབ་སོགས་ཀྱི་འཕེལ་རྒྱས་བྱེད་སྟངས་དེ་རང་རྒྱལ་སྲོལ་རྒྱུན་གསོ་རིག་ལས་རིགས་ཁྲོད་རང་ལུགས་གསར་གཏོད་དུ་གྲུབ་པ་ཞིག་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་། ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་གདེང་འཇོག་དང་ཁས་ལེན་ཆེན་པོ་ཐོབ། ཁོང་གི་ཚོགས་པའི་འབད་བརྩོན་ཆེན་པོའི་འོག རང་རྒྱལ་བོད་ཀྱི་གསོ་རིག་གི་ཕྱོགས་ཡོངས་ཞིབ་འཇུག་ཆུ་ཚད་འཛམ་གླིང་གི་སྔོན་གྲས་སུ་སླེབས་པ་དང་། ཁོང་གིས་གཙོ་འགན་ཁུར་ནས་སྒྲིག་རྩོམ་གནང་བའིབོད་ཀྱི་གསོ་རིག་ཀུན་བཏུསནི་རྒྱལ་སྤྱིའི་སྔོན་གྲས་ཆུ་ཚད་ལ་སླེབས་ཡོད་པ་རེད།

ཧི་ལང་ཧི་ལེ་ཚན་རྩལ་བྱ་དགའ་ནི་ཞང་ཀང་རྒྱལ་གཅེས་དངུལ་རྩའི་ཁེ་ལས་པ་ཧི་ཧྲན་ཧིན་དང་། ལང་ཆི་ཅུའུ། ཧི་ཐེམ། ལེ་ཀོ་ཝེ་བཅས་ཀྱིས1994ལོའི་ཟླ3པའི་ཚེས30ཉིན་ཞང་ཀང་དུ་ཞལ་འདེབས་བསྡུས་ཏེ་བཙུགས་པ་ཞིག་ཡིན། ཀྲུང་དབྱང་སྲིད་གཞུང་དང་ཞང་ཀང་དམིགས་གསལ་སྲིད་འཛིན་ས་ཁོངས་སྲིད་གཞུང་གི་ཐུགས་ཁུར་དང་ཁྲིད་སྟོན་འོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕུལ་བྱུང་ཚན་རིག་ལག་རྩལ་བྱ་སྒྲུབ་པར་བྱ་དགའ་སྤྲོད་པ་དམིགས་སུ་བཟུང་བའི་ཚན་རྩལ་བྱ་དགའི་ཐེབས་རྩ་ཞིག་སྟེ། རང་རྒྱལ་དུ་གཞི་རྒྱ་ཆེ་ཞིང་རིམ་གྲས་མཐོ་ལ་ཤུགས་རྐྱེན་ཟབ་པ་དང་། རྒྱལ་ཁབ་ཕྱི་ནང་དུ་དབང་གྲགས་ཆེ་ཞིང་སྤྱིའི་ཡིད་རྟོན་ནུས་ཤུགས་དྲག་པའི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཆེན་མོ་ཞིག་ཡིན།

རྡེབ་ཚད་ཨང་རིམ།
X