//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

《ཀྲུང་གོའི་བོད་ཀྱི་གསོ་རིག》དུས་དེབ་རྩོམ་སྒྲིག་བྱ་བའི་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2014-12-15 10:50:45 ཀློག་གྲངས། 28 

སྤྱི་ཟླ12པའི་ཚེས12ཉིན། 《ཀྲུང་གོའི་བོད་ཀྱི་གསོ་རིག》དུས་དེབ་རྩོམ་སྒྲིག་བྱ་བའི་ཚོགས་འདུ་དེ་མཚོ་སྔོན་ཟི་ལིང་དུ་བསྡུས། འདུ་ཚོགས་དེར་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡུན་ནན། པེ་ཅིང་བཅས་ཀྱི་རྩོམ་སྒྲིག་པ་རྣམས་ཞུགས་ཏེ། དུས་དེབ་གསར་སྤེལ་གྱི་རྩོམ་སྒྲིག་བྱ་བ་དང་ལས་སྒྲུབ་ཁྲོད་གནས་པའི་གནད་དོན། འབྱུང་འགྱུར་གྱི་རྩོམ་སྒྲིག་བྱ་བའི་གནད་ས་དང་བྱེད་ཐབས་ལས། དུས་དེབ་རྩོམ་སྒྲིག་གི་སྤུས་ཀ་དང་དེབ་འདོན་ཆུ་ཚད་མཐོར་འདེགས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

      《ཀྲུང་གོའི་བོད་ཀྱི་གསོ་རིག》དུས་དེབ་སྤེལ་ནས་ལོ་ངོ་བརྒྱད་ཀྱི་ནང་། དེབ་འདོན་སྤུས་ཀ་དང་ཆུ་ཚད་མུ་མཐུད་ནས་ཇེ་ལེགས་དང་ཀློག་པ་པོ་དང་འདོན་སྤེལ་ཚད་སྔར་ལས་ཇེ་རྒྱས་སུ་སོང་སྟེ། རྒྱལ་ཁབ་ཕྱི་ནང་ལ་བབ་ཆགས་གང་ལེགས་བཞག་ཡོད་པ་མ་ཟད། བོད་ཀྱི་གསོ་རིག་སྡེའི་ཀུན་པོས་ཁས་ལེན་པའི་རིག་གཞུང་དུས་དེབ་ཞིག་ཏུ་ཆགས་ཤིང་། བོད་ཀྱི་གསོ་རིག་རིག་གཞུང་ཕུན་སུམ་ཇེ་ཚོགས་དང་ཡར་རྒྱས། མི་རིགས་རིག་གནས་རྒྱུད་འཛིན་དར་སྤེལ། བོད་ཀྱི་གསོ་རིག་ལས་དོན་གསར་སྤེལ་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་སྟེང་བག་ཆགས་ཇེ་ཟབ། རིམས་འགོག་སྨན་བཅོས་ནུས་པ་ཇེ་བཟང་བཅས་ཀྱི་ཐད་ལ་ཕན་ནུས་གལ་ཆེན་ཐོན་ཡོད་པ་རེད།


རྡེབ་ཚད་ཨང་རིམ།
X