//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ཟས་སྐོམ་གྱིས་ཚེ་བསྲིང་། > ནང་དོན།

རྒན་པའི་ཟས་སྐོམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-13 17:04:53 ཀློག་གྲངས། 54 

དང་པོ། རྒས་པའི་ཟས་བསྟེན་རུང་མིན་བསྟན་པ།

༡ བསྟེན་རུང་བའི་ཟས ལར་ན་རྒས་པ་ནི་རླུང་གི་རང་བཞིན་ཅན་ཡིན་པས་ན་ཟས་རིགས་ཡང་དེ་བཞིན་དུ་ནུས་པ་དྲོད་བཅུད་དང་ལྡན་པ་རྣམས་ཕོ་བའི་མེ་དྲོད་དང་ལུས་སྟོབས་ཀྱི་བཟང་ངན་ལ་གཞིག་ནས་གང་ལ་གང་འཚམ་རེ་བསྟེན་དགོས་རྒྱུ་རེད། དཔལ་ལྡན་གསོ་བ་རིག་པའི་གཞུང་ལས་རླུང་ནད་ཅན་ལ་རྟ་བོང་དང་འཕྱི་བལོ་ལོན་པའི་   དེ་བཞིན་དུ་འབྲུ་མརལོ་མརབུ་རམསྒོག་སྐྱབཙོང་སོགས་བསྟེན་ཞེས་པ་ལྟར། ནད་མེད་བདེ་ཐང་གི་རྒས་པ་རྣམས་ཀྱིས་ཀྱང་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་གོང་གི་ཟས་རིགས་དེ་དག་ཉུང་ཙམ་བསྟེན་ན་བཟང་ལ། བྱེ་བྲག་ཏུ་གྲོ་ཕྱེ་དང་། ནས་ཕྱེ། སྲན་ཕྱེ། སྲོ་ཕྱེ། སྲེ་ཕྱེ། གྲོ་ཕྱེ་མར་ཁུ། ཡུང་ཐུག  ལ་ཐུག  གྲོ་མའི་ཐུག་པ། ཟར་ཉོག  ཁྲག་ཤ་མར་ཁུ། ཕྱུར་ཐུད་སོགས་ལས་གང་ལེགས་གང་འཕྲོད་ཅིག་བདམ་ནས་བསྟེན་ན་རླུང་མི་སྐྱེས་ཤིང་ཟུངས་སྟོབས་རྒྱས་ལ་དབང་པོ་གསལ་བ་དང་། ལྷག་པར་དུ་ཟས་བཟའ་བའི་དུས་ཚོད་ལ་ཆོས་ཉིད་ཡོད་པའི་སྒོ་ནས་ཞོགས་པ་སྔ་མོ་ལ་རྩམ་པ་ཟ་བ་དང་ ཉིན་གུང་ལ་སྤྲི་ཞོགས་དང་ཁྱིམ་བྱའི་སྒོང་ཁུ་ཡང་ན་ཕྱེ་ཐུག་དང་འབྲས་ཐུག་སོགས་ཉིན་རེར་རེ་མོས་སུ་བསྟེན་པ་དང་། དགོང་ཟས་སུ་དཀར་ཤ་དང་སྔོ་ཚོད་ཀྱི་རིགསསོགས་གཟུགས་པོའི་གནས་ཚུལ་དང་མེ་དྲོད་ཀྱི་འཇུ་སྟོབས་སོགས་ལ་གཞིག་ནས་བསྟེན་ན་ལུས་སྟོབས་རྒྱས་ཤིང་ནད་མེད་བདེ་ཐང་ཡོང་བ་དང་ལྷག་ཏུ་རྒས་ཁ་སྲ་ལ་བཀྲག་མདངས་རྒྱས་པ་རེད།

༢ བསྟེན་མི་རུང་བའི་ཟས  དཔལ་ལྡན་རྒྱུད་བཞིའི་ཟས་བསྡམ་གྱི་ལེའུ་ལས་གསུང་བ་ལྟར་ངོ་བོའི་སྒོ་ནས་མི་འཕྲོད་པའི་ཟས་རིགས་རྣམས་དང་ཡང་ན་མ་གོམས་པའི་ཟས་རིགས་སོགས་དུས་རྟག་ཏུ་སྤང་དགོས་ལ་ལྷག་པར་དུ་རུལ་སུངས་དང་སྔོ་ངད་ཀྱི་རིགས་དང་། ཟས་མཁྲེགས་པོ་དང་ཟས་ལྷག་གྲང་མོའི་རིགས། ད་དུང་ཟས་རིགས་མ་བཙོས་པ་བརྗེན་པའི་རིགས་དང་གསར་ཐོག་སེར་ཅན་གྱི་རིགས། ལན་ཚྭ་དང་ཚ་སྐྱུར་ཤས་ཆེར་ཅན། གཡེར་མ་དང་ངོ་བོ་རྩུབ་པའི་ཟས་རིགས་སོགས་རྒན་པའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་གནོད་པའི་ཟས་རིགས་ནི་དུས་རྟག་ཏུ་སྤང་དགོས།

གཉིས་པ ། རྒས་པའི་སྐོམ་བསྟེན་རུང་མིན་བསྟན་པ།

༡ བསྟེན་རུང་བའི་སྐོམ ཞོགས་པར་ཆུ་བསྐོལ་ཕོར་པ་གང་རེ་རྒྱུན་མཐུད་རང་བཞིན་གྱིས་བསྟེན་ན་ཁྲག་གི་ནད་རིགས་སྤྱི་དང་སྒོས་སུ་ཕོ་བའི་མེ་དྲོད་སྐྱེད་ཅིང་ཕོ་རྒྱུ་དག་གཙང་དང་ལུས་ཁམས་ཡོངས་ཀྱི་རླན་གཤེར་གཟུང་འཛིན་བྱེད་ཐུབ་པ་མ་ཟད་ཆམ་པ་ལ་སོགས་པའི་ནད་རིགས་ཐམས་ཅད་སྔོན་འགོག་བྱེད་པར་ཡང་དགེ་མཚན་ཆེན་པོ་ཡོད ལྷག་ཏུ་ཐོ་རངས་དང་དགོང་མོའི་དུས་སུ་སྲན་ཆང་དང་ བུར་ཆང་རུས་ཆང་སོགས་ངོ་བོ་དྲོ་ཞིང་སྣུམ་བཅུད་ལྡན་པའི་ཆང་གི་རིགས་ཉུང་ཙམ་བསྟེན་པ་དང་། ཉིན་གུང་དུ་ཇ་ཐང་དང་ཇ་ནག དཀྲུག་ཇ་དང་སིལ་ཇ་སོགས་ཤོང་དཀར་རྩེ་མོའི་སྐོམ་ནི་མཆོག་ཏུ་གྱུར་བ་ཡིན་ལ།དེར་མཚུངས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒན་པའི་སྐོམ་ལ་འོ་མའི་སྦྱོར་བ་ཡང་སེང་ལྡེང་གི་ཁུ་བ་མ་གཏོགས་པ་མར་དང་སྦྲང་རྩི་དང་ལྡན་པ་འཐུངས་ན་ལོ་ཉིས་བརྒྱ་ཐུབ་པར་འགྱུར་རོ།། ཞེས་གསུངས་པ་ལྟར་འབྲི་ཡི་འོ་མ་སོགས་སྐོམ་རིགས་གང་ཡིན་པ་དེ་རྣམས་ནི་གཙོ་བོ་མི་སོ་སོའི་རང་བཞིན་དང་ཡུལ་དུས ལུས་ཟུངས་དང་གཟུགས་པོའི་གནས་ཚུལ། གནམ་གཤིས་ཀྱི་འགྱུར་ལྡོག་དང་དུས་ཚིགས་ཀྱི་རང་བཞིན་སོགས་ལ་བསྟུན་ནས་བསྟེན་ན་རྒན་པོའི་ལུས་ཕུང་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་པར་ཕན་པ་ཆེན་པོ་འབྱུང་གི་རེད།

༢ བསྟེན་མི་རུང་བའི་སྐོམ བཏུང་བ་སྐོམ་གྱི་རིགས་ནི་གོང་གི་ཟས་བསྡམ་གྱི་ལེའུ་ལས་བསྟན་པ་ལྟར་ཆེས་མཐོ་ས་ནས་རིགས་འགྲེས་ཤིང་བྱེ་བྲག་ཏུ་རྒས་པ་ཚོར་དམིགས་སུ་བསྟེན་མི་རུང་བ་འགའ་རེའང་ཡོད་དེ  དཔེར་ན་དུས་རྒྱུན་གྱི་འཚོ་བའི་ནང་རྒན་པ་ཚོས་ཇ་ནུར་བོ་དང་ཇ་འཁྱག ཆུ་གྲང་བསིལ་ཇམངར་ཇ་སོགས་ཇ་ཡི་རིགས་དང་ཡང་ན་རྒུན་ཆང་དང་བསིལ་ཆང་། ཨ་རག་མང་པོ་འཐུང་བ། ལྷག་ཏུ་རྫས་བསླད་ཀྱི་སྐོམ་ཆུའི་རིགས་སོགས་ངོ་བོ་ཡང་ལ་རྩུབ་པ་དང་བསིལ་བ་དང་མངར་བའི་རིགས་ནི་རྒས་པའི་ལུས་ཁམས་བདེ་ཐང་གི་ཐད་ལ་ཤིན་ཏུ་གནོད་པས་ན་དྲན་ཤེས་བཞིན་དུ་སྤང་དགོས་པ་ཡིན་ནོ།།


གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X