>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

པུ་ཤེལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 9:56:00 ཀློག་གྲངས། 53

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། པུ་ཤེལ་སྐྱུགས་གཅོད་བད་ཀན་ཚ་བ་སེལ།། ཞེས་པར། ལྕགས་ཕྲེང་ལས། པུ་ཤེལ་ཙི་ནི་བསིལ་ལ་ཡང་། ཞེས་དང་། རང་བྱུང་བས། པུ་ཤེལ་ཙི་ཡིས་ནད་འཇོམས་ལ།། ཞེས་སོ།། མིང་། ཨུ་ཤི་ར། མིརྨཱུ་ལ། རྩྭ་ག་པུར། བ་ལ་རྣམས་ཟེར། འདི་ལ་རིགས་གསུམ་ལས། འདི་གཙང་འགྲམ་དུ་སྐྱེ་བའི་རྩྭ་འཇག་མའི་རྩེ་མོ་གསུམ་བཞི་ལྔ་དྲུག་ཙམ་ཡོང་བ་དེའི་རྩ་བ་སྤང་རྒྱུས་མཁྲེགས་ལ་དྲི་ཞིམ་པ་དཀར་པོ་དེ་དང་། སྟོད་ཕྱོགས་ནས་སྨྱུག་གཞོན་ནུ་འདྲ་ལ་སྐོགས་ལྤགས་རིམ་པ་མང་པོ་ཡོད་པ། ག་པུར་གྱི་དྲི་མ་ཡོང་བ་དེ་ལ་སྟོད་སྨན་པ་རྣམས་ཙི་ལྕི་ཟེར་བ་དང་། རྒྱ་གར་དུ་སྐྱེ་བ་ག་བུར་ཙནྡན་ཨུ་ཤིར་དྲི་ལྡན་པ། ཞེས་པ་དབྱིབས་སྔ་མ་གཉིས་འདྲ་ལ་དྲི་མ་མཆོག་ཏུ་བཟང་བ་འདི་གསུམ་རིམ་པས་ཕྱི་མ་བཟང་བ།
   མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། པུ་ཤེལ་རྩེ་འཇག་མའི་རྩ་བ་འདྲ།།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། པུ་ཤེལ་ཙེ་ནི། ཆུ་ཆེན་གྱི་འགྲམ་དུ་སྐྱེ་བའི་འཇག་མ་རྩེ་གསུམ་བཞི་ལྔ་དྲུག་ཙམ་ཡོད་པའི་རྩ་བ་ག་བུར་གྱི་དྲི་མནམ་པ་སྟེ། དེས་སྐྱུག་པ་གཅོད་ལ་བད་ཀན་གྱི་ཚ་བ་དང་གཞང་འབྲུམ་སེལ་ཞིང་ཆུ་འགགས་འབིགས། དེ་ལས་ཆེ་ཙམ་མོན་སོགས་ནས་བྱུང་བ་ལ་ཙི་ཏྲ་ཀར་ངོས་འཛིན་པ་ནི་ནོར།
   མཛེས་མཚར་མིག་རྒྱན་ལས། པུ་ཤེལ་རྩི་ནི། སྔོ་ག་བུར། ཨུ་ཤི་ར། བ་ལ་ཟེར། ཆུ་ཆེན་གྱི་འགྲམ་སྐྱེ་འཇག་མ་རྩེ་གསུམ་བཞི་ལྔ་དྲུག་ཙམ་ཡོད་པའི་རྩ་བ་ག་བུར་གྱི་དྲི་མནན་པ་དང་། རྒྱ་གར་དང་སྟོད་ནས་འོང་བ་ཤིན་ཏུ་བཟང་བ། ལུང་རྣམ་འབྱེད་དུ་པུ་ཤེལ་རྩི་ཞེས་བྱ་བ་ནི། བི་ར་ཎའི་རྩ་བ།

གོང་ངོས། ཡིག་ཆ་མི་འདུག
X