>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

རྒུན་འབྲུམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 16:49:36 ཀློག་གྲངས། 61

        བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྒུན་འབྲུམ་གློ་ནད་སེལ་ཞིང་ཚད་པ་སྦྱོང་།། ཞེས་པར། རིན་སྤུངས་ལས། རྒུན་འབྲུམ་སྙོམས་ལ་ཡང་བས་གློ་ལ་ཕན།། ཞེས་དང་། དཔའ་བོས། རྒུན་འབྲུམ་འབྲས་བུའི་མཆོག་ཡིན་ཏེ།། རོ་ཚ་མིག་ཕན་བཤང་གཅི་སླ།། མངར་ཞིང་ཞུ་རྗེས་སྣུམ་པ་དང་།། ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི།། ཞེས་དང་། དཔག་བསམ་ལྗོན་ཤིང་ལས། རྒུན་གྱིས་གློ་བའི་ཚད་པ་སེལ། ཞེས་དང་། རང་བྱུང་བས། རྒུན་འབྲུམ་བྱིས་པའི་གློ་ནད་སེལ།། ཞེས་པའི་མིང་། ཨ་ས་ཤ་ཏ། དྲཱཀྵ། མྲྀརྔིཧ་ཀརྒུན་འབྲུམ། གཽ་པཱ་ནཱི། བའི་ནུ་མ། ར་ས་རཱི། རོ་ལྡན། མ་ངྷུ་ར་ས། རོ་མངར། རྒྱ་ནག་པས། མ་སིབ་ཟེར། འཁྲུངས་དཔེར། རྒུན་འབྲུམ་ཤིང་ཐོག་ཀུན་གྱི་བཅུད།། རོང་གི་གནས་ཀྱི་ནང་དུ་སྐྱེ།། ལོ་མ་སྒོར་ཆུང་སྡོང་པོ་རིང་།། དབྱིབས་ནི་དབྱི་མོང་སྡོང་པོ་འདྲ།། མེ་ཏོག་དམར་ཆུང་མཐོང་བ་དཀའ།། འབྲས་བུ་དམར་སེར་འོད་དང་ལྡན།། རོ་ནི་མངར་ལ་ཅུང་ཟད་སྐྱུར།།རང་གི་ནུས་པས་འཁྲུ་བ་གཅོད།། ཧ་ཅང་མང་ན་འཁྲུ་བར་བྱེད།། ཅེས་བཤད་ཀྱང་། གོ་རོང་སོགས་ཀྱི་རྒུན་ལྟར་ན། སྡོང་པོ་གནམ་སྟར་འདྲ་ལ་ཡལ་ག་དབྱི་མོང་ལྟར་ལས་ཁྲི་བཤམས་པའི་སྟེང་དུ་འདོམ་བརྒྱད་དགུ་ཙམ་ཁྱབ་པར་བསྙབ་བསྙལཔ། ལོ་མ་ལྕམ་པའི་ལོ་མ་འདྲ་བ་འབྲས་བུ་དམར་སྨུག་རྡོལ་ལ་ཁད་པ་ཡལ་ཕྲན་མཐོ་རེ་ལ་འབྲས་བུ་བརྒྱ་ལ་ཉེ་ཙམ་སྐྱེ་བ་ཡོད།  

འདྲ་དཔེར། ཡལ་ག་མཐོ་རེར་འབྲས་བུ་བརྒྱ།། འབྲས་བུ་རེ་ལ་རུས་པ་གསུམ།། རུས་པ་རེ་ཡི་སྟེང་འོག་ཏུ།། ཕོ་མོ་གཉིས་ཀྱི་མཚན་མ་གསལ།། འབྲས་བུ་རློན་པ་ཁྲག་རྐྱལ་འདྲ།། སྐམས་བསྐམསནས་བྱང་ནག་རོ་སྐམ་འདྲ།། གསུངས།རིགས་ནི་དྲུག་ཡོད་དོ།། མགོ་དཀར་སོགས་ནས་འོང་བའི་འབྲས་བུ་དམར་སེར་མཆུ་སྙུང་ཆེ་བ་དང་། རྒྱ་གར་ཀ་སྨི་ར་ནས་འོང་བའི་སེར་པོ་དང་། མངའ་རིས་ཀྱི་འབའ་ཤའམ། པ་རུ་ཤིང་ཀ་ཟེར་བའི་ནག་པོ་སྲན་མ་ཙམ་པ་ནང་དུ་རུས་པ་མེད་པ་རོ་ཤིན་ཏུ་ཞིམ་པ་དང་། ཁམས་ཚ་བ་དང་གོ་རོང་སོགས་ནས་འབྱུང་བའི་དམར་པོ་དཀར་ཤས་ཆེ་ལ་མངར་བ་དང་། དམར་སྨུག་ནག་ཤས་ཆེ་ལ་སྐྱུར་བ་དང་། དྭགས་པོ་ནས་སྔོན་པོ་ཞིག་འོང་བ་རྣམས་སྔ་མ་བཟང་ལ་ཕྱི་མ་རིམ་པས་ཞན་པ་ཡིན། ཞེས་དང་།

        གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། རྒུན་འབྲུམ་ལུང་ཐང་སྨིན་པ་འདྲ།། རོ་ནི་མངར་ཞིང་ཡིད་ཙམ་བསྐྱུརསྐྱུར།། རྒུན་གྱི་རུས་པས་འཁྲུ་བ་གཅོད།། རྒུན་གྱི་ཤ་ཡིས་འཁྲུ་བར་བྱེད།། གླད་དང་རིམས་དང་མཚེར་པའི་ནད་ལ་ཕན།། རྒུན་ཆང་བསྐོམས་སྙོམསཤིང་ལུས་པོ་བདེ།། ཆུ་ནང་སྒྲུངས་ན་བྱིས་པའི་གླད་ནད་སེལ།།  

        འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས། རྒུམ་རྒུནའབྲུམ་ལུང་ཐང་སྨིན་པ་འདྲ།། དྲང་ཞིང་རླན་ལ་རོ་ནི་མངར།། བག་ཙམ་སྐྱུར་བ་རུས་པ་ཡིན།། འཁྲུ་བ་གཅོད་པར་བྱེད་པའི་མཆོག། ཤ་ནི་འཁྲུ་བར་བྱེད་པ་ཡིན།། གློ་དང་རིམས་དང་མཚེར་བའི་ནད་ལ་ཕན།། གཉིས་ཀ་ཆ་མཉམ་ལུས་ལ་བདེ་བར་བྱེད།། ཆུར་སྦྲུམས་སྒྲུངསཔས་ནི་བྱིས་པའི་གློ་ནད་སེལ།།  

          སྨན་མིང་རྒྱ་མཚོ་ལས། རྒུན་འབྲུམ་བྱིས་པའི་གློ་ནད་སེལ།། སྟོད་ཀྱི་ཚད་སེལ་སྨན་མཆོག་བཅུད།།

          མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། རྒུན་འབྲུམ་སེ་འབྲུམ་རྙིང་བ་འདྲ་བའོ།།  

          སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། རྒུན་འབྲུམ་རོ་མངར་ཞུ་རྗེས་བསིལ་ལྕི་སྣུམ།། ཅུང་ཟད་སྐམ་སྟེ་རླུང་དང་ཁྲག་མཁྲིས་སེལ།། སྐོམ་དད་ལུད་པ་ཆམ་རིམས་དབུགས་མི་བདེ།། ཁ་ནད་སྐད་འཛེར་གློ་རྡོལ་གློ་གཅོང་སེལ།། ཆང་ནད་མི་ཕན་རོ་ཙ་བཤང་གཅི་སླ།།  

               སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས།  མྲྀཊྲཱི་ཀཿཞིམ་ཤིང་སྟེ་རྒུན་འབྲུམ་ལ། ད་ལྟ་རྒུན་དཀར་རམ། ས་རུ་ཀི་ཀའམ། འབའ་ཤོའི་རྒུན་འབྲུམ་དུ་གྲགས་པ་འབྲས་བུ་ཆུང་ངུ་ཅན་རུས་པ་མེད་པ་འདི་མཆོག ཁམས་ཀྱི་ཚ་བ་སྒོང་སོགས་ནས་འབྱུང་བའི་དམར་པོ་དཀར་ཤས་ཆེ་བ་རོ་མངར་བ་ཉིད་རབ། དམར་སྨུག་སྐྱུར་ཤས་ཆེ་བ་འབྲིང་། རྒྱ་ཁ་དང་དྭགས་པོ་སོགས་ནས་འབྱུང་བའི་སྔོན་པོ་ནི་དམན། ས་རུ་ཤི་ཀ་ནི་ནུས་པ་བསིལ་ཞིང་། གཞན་རྣམས་དྲོ་བའོ།།  ཞེས་གསུངས།
X