//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

རྙིངས་ཚད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 10:37:19 ཀློག་གྲངས། 20 

   རྙིངས་ཚད་ཀྱི་ནད་ནི་ཚ་བའི་ནད་རིགས་སྐབས་འཕྲལ་གསོ་བཅོས་མ་བསྟེན་པར་ལོ་ཟླ་ཉིན་ཞག་མང་པོ་ལོན་པ་དང་གཉེན་པོ་བསྟེན་ཀྱང་ཚ་བའི་ནད་མཇུག་ཡོངས་སུ་མ་ལོན་པས་ལུས་ཁམས་ལ་རྩི་ལྟར་ཞེན་པ།

རྒྱུ་རྐྱེན།

  འདུས་ནད་སྨུག་པོ་དང་། དུག་ཚད། གློ་གཅོང་སོགས་ཀྱིས་ཡུན་རིང་ཚད་པ་སྐྱེས་པ་དང་། ཡང་ན་ཚ་བ་ཆུང་ངུ་ལ་སྐབས་འཕྲལ་གསོ་བཅོས་མ་བསྟེན་པར་ཟས་སྤྱོད་གང་བྱུང་བསྟེན་པ། ཡང་ན་ཚ་བའི་ནད་མཇུག་གཉེན་པོས་ཡོངས་སུ་མ་ལོན་པར་མ་སྨིན་པའི་ཚ་བ་དང་མཁྲིས་ཤས་ཆེ་བ་ལ་བཅོས་སྔས་པས། ནད་དེ་བྱ་ཤོར་ནས་གཅིག་བཅོས་པས་གཅིག་སྐྱེས་ནས་ཚ་བ་མ་སོད་པར་རླུང་ཚད་གཉིས་འཐབ་ཅིང་ཡུན་དུ་ལུས་པ་སོགས་ཀྱི་སློང་གི་ཡོད་པ་རེད།

ནད་རྟགས།

  དུས་ཡུན་རིང་པོའི་ནང་ཚ་བ་རྒྱག་པ་དང་། སེམས་ལ་གྲང་མོ་འདོད་པ། ཉིན་དགུང་དང་སྲོད་ཀྱིས་དུས་སུ་ནད་ལྡང་བ། རྔུལ་ཁ་སྙི་བ། གློ་སྙིང་མི་བདེ་བ།

  ལུས་ཐང་ཆད་པར་ཤ་སྐམ་པ། ལྗིད་ཚད་ཆག་པ། གྲེ་བ་སྐམ་པ། ཉིན་གཉིད་ཆེ་བ། ཁ་ཟས་ལ་དང་ག་ཞན་པ། ཕྲུམ་སེར་ཁྱེར་བར་བ་སྤུ་བརྩེ་བ།

  འཕར་རྩའི་རྒྱུ་བ་ཕྲ་ལ་གྲིམས་པ།

  དྲི་ཆུའི་མདོག་དམར་ལ་རླངས་པ་ཡུན་རིང་སྡོད་པ།

གཞོགས་འདེགས་བརྟག་དཔྱད།

  ནད་གཞི་འདི་ལ་འབྲེལ་ཡོད་བརྟག་དཔྱད་ལས་གནས་སྐབས་རྒྱུན་ལྡན་མིན་པའི་སྣང་ཚུལ་མ་མཐོང་ལ། རྗེས་མ་མཐོང་ཚེ་ཁ་གསབ་བྱེད་ངེས།

འཁྲུལ་སོ་བསལ་བ།

  གབ་ཚད་དང་འཁྲུལ་སོ་བསལ་བ། གབ་ཚད་ནི་ཐལ་བ་གྲང་མོའི་ནང་དུ་སྦས་པའི་མེ་དང་འདྲ་སྟེ། གྲང་བ་དང་རླུང་གཉིས་ཀྱིས་ཚ་བའི་མགོ་བྱིབས་པས་བད་རླུང་གི་འོག་ཏུ་ཚད་པའི་རྟགས་བག་ལ་ཉལ་བ་དེ་ལ་ཟེར་བ། ནད་རྟགས་སུ་ཁ་ལྕེ་སྐམ་པ་དང་། སྐབས་སུ་རྔུལ་ཕྲན་བུ་འབྱུང་བ། ནུབ་མོར་གཉིད་ཆུང་བར་ཉིན་པར་གཉིད་ཆེ་བ། མེ་དང་ཉི་མས་ཕོག་ན་ཁམས་ལྕི་ཞིང་གྱེན་ལ་ཕྱིན་ན་ལྷག་པར་ངལ་བ་དང་། བསིལ་དྲགས་བ་དང་དྲོས་དྲགས་པ་གཉིས་ཀ་གནོད་པར་ཚོར།

  རྙོགས་ཚད་དང་འཁྲུལ་སོ་བསལ་བ། རྙོགས་ཚད་ནི་བཅོས་ཉེས་ནས་ནད་དང་ལུས་ཟུངས་གཉིས་མཉམ་པོར་རྙོགས་པར་འཇུག་སྒོ་རྣམ་པ་དྲུག་ལ་ཞུགས་ནས་ལུས་ཀུན་ཏུ་ཁྱབ་པར་བྱེད་པ་སྟེ། གདོང་མདོག་སེར་ཞིང་སྦོས་པ། སེན་མོ་དང་ལྕེ་རྙིལ་གྱི་མདོག་སྐྱ་གླེག་ཏུ་འཆོར་ཞིང་། ལུས་ཀྱི་ཤེད་ཆུང་བ། ཁ་ལྕེ་སྐམ་པ། ཉིན་མཚན་ཀུན་ཏུ་གཉིད་ཆེ་བར་གློ་མང་བ། མིག་ལྕིབ་དང་རྐང་བའི་བོལ་གཡོ་བ། གློ་སྙིང་མི་བདེ་བ་སོགས་ཀྱི་མངོན་ཚུལ་ཡོད་པ།

གོང་ངོས། གབ་ཚད།
X