//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

གཟའ་ནད་དང་མཛེ་ནད་བཅོས་པའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 14:13:09 ཀློག་གྲངས། 52 

གདོན་བཅོས་སྐོར་ལས་ཁྲག་སྦྱོར་ཉེར་ལྔ་ནི། །ཨ་ག་རུ་དང་ཛཱ་ཏི་སྙིང་ཞོ་ཤ ཅུ་གང་སྤོས་དཀར་རུ་རྟ་ཨ་རུ་ར། །ནཱ་ག་གེ་སར་ལི་ཤི་མ་ནུ་སྒ། །གུ་གུལ་གླ་རྩི་ཤུ་དག་སྤང་སྤོས་དང་། །གྲི་སྙིང་སྦྲུལ་དང་པུ་ཤུད་ཏེ་ལོའི་ཤ གཟའ་དུག་དཀར་ནག་པྲི་ཡང་ཀུ། །ལ་འུ་འུ་སུདཀར་ནག་མུ་ཟི་སེར་ནག་གཉིས་འཛིན་པ་སྦྱར། །ཁྲག་སྦྱོར་ཉེར་ལྔ་གཟའ་གདོན་སྤྱི་འཇོམས་ཡིན། །རྒྱུན་དུ་བསྟེན་པ་བཟང་དྲུག་ཚང་བར་གཅེས། །མེ་གཟའ་ག་བུར་གི་ཝང་སྟོང་ཟིལ་སྡེབ། །རླུང་གཟར་ཤིང་ཀུན་གཟའ་དུག་གྲི་ཤ་དྲོད་སྨན་སྡེབ། །ནད་རྙིང་རྣམས་དང་ཆུ་གཟའ་སྐྲངས་པ་ལ། །ཆུ་སེར་སྨན་གསུམ་སྨན་ཆེན་སྒ་ཏིག་བསྡེབ། །ས་གཟའ་དང་ནི་གྲང་རླུང་ཆེ་བ་ལ། །སེ་འབྲུ་ཚ་བ་གསུམ་དང་བཅའ་སྒ་སྡེབ། །མིག་འགྲིབ་གུར་གུམ་བྲག་ཞུན་ལྕགས་ཕྱེ་སྡེབ། །ཡན་ལག་ཞ་ན་ཨ་བ་རྡོ་རྒྱུས་སྡེབ། །ལྐུགས་པར་འུ་སུ་ལྕམ་པ་གཡེར་མ་དང་། །ལུག་རུ་དམར་སེར་བསྡེབས་བཏང་སྔགས་སྲུང་བྱ། །ལྦུ་སོབ་སྐྱུགས་ན་མར་ཁུ་འོ་དྲོན་འཕུལ། །ཞེས་སོ། །

རྫས་ཆེན་བཅོ་བརྒྱད་སྦྱོར་བ་ནི། །ལྷ་རུ་གསལ་བའི་དྲི་ཆེན་དང་། །གླ་རྩི་སྤྱང་བྲུན་ཁྱི་བྲུན་དང་། །ཚིལ་ཆེན་གུ་གུལ་ནག་པོ་དང་། །སྤྲུ་ནག་ཐར་ནུ་ཆུ་རྩ་དང་། །སྟག་ཤ་མཚུར་ནག་རྟ་མིག་རྨིགགཞོབ། །ར་རྭཡི་གཞོབ་དང་རྡོ་དྲེག་ནག མུ་ཟི་རྒྱ་ཚ་ཤིང་ཀུན་དང་། །རེ་ལྕག་རྩ་བ་ཞིབ་པར་བཏགས། །ལུས་ལ་བྱུག་ཅིང་དུ་བ་བདུག བསྲུངས་དང་གསོ་བའི་མཆོག་ཡིན་ནོ། །ནད་གདོན་ཐུབ་པར་ཐེ་ཚོམ་མེད། །ཤིན་ཏུ་ཟབ་པའི་མན་ངག་གོ ཁ་ཡོ་བཙོད་ཚོས་བསྲེགས་ཐལ་དང་། །བུལ་ཏོག་ར་འོར་འགྲམ་བྱུག་ཕན། །

ཕྱག་རྡོར་རིལ་བུའི་སྦྱོར་བ་བཞུགས། ༀ་བཛྲ་པཱ་ཎི་ཧཱུཾ། ཕྱག་རྡོར་སྤྲུལ་པ་དྲང་སྲོང་ཤིང་ལོ་ཅན་གྱིས་འཕགས་པ་ཀླུ་སྒྲུབ་ལ་གསུངས། དེས་འཛམ་བུ་གླིང་གི་བྲག་གླང་པོ་ཆེ་ཉལ་འདྲ་ལ་གཏེར་དུ་སྦས། ཕྱིས་མངའ་བདག་ཉང་གིས་གཏེར་ནས་བཏོན་ཏེ་རིམ་པར་བརྒྱུད་ནས་འབྲི་གུང་བླ་སྨན་ཀརྨའི་ཁྱད་ཆོས་སུ་མཛད། མཛེ་ནད་ཞག་བདུན་ལ་འཇོམས་པའི་རིལ་བུའི་བྱ་ཐབས་ནི། ཨ་རུ་བརྒྱ། གུ་གུལ་དེའི་ཕྱེད་དེ་དང་མཉམ་པའི་གི་ཝང་། བི་ཎྜྷ་སྲན་མ་ཙམ་བརྒྱ། གླ་རྩི་སྲན་མ་ཙམ་བརྒྱ། འབྲུག་རུས་ཨ་རུ་ར་དང་མཉམ་པ། གཡུ་རྙིང་པ་ཞོ་ཕྱེད་དོ། ཆུ་སེར་སྨན་བརྒྱད་ཟི་ར་དཀར་ནག་གཉིས། ཏིལ་དཀར་ནག་གཉིས། ཐལ་རྡོར་སྲོ་སོར་གཉིས། སླེ་ཏྲེསསེང་ལྡེང་ལས་སྤོས་མི་ཐེ་བའི་རེ་རོ་རེཞོ་གང་རེ། བ་རུ་ར་བཅུ་གཅིག སྐྱུ་རུ་ར་དགུ། པི་པི་ལིང་བརྒྱད། རུས་སྦལ་རུས་པ་ཞོ་གང་། ཕག་རྒོད་མཆེ་བ་ཞོ་གང་། དེ་རྣམས་ཞིབ་བཏགས་སོ་སོར་བརྡུང་ལ་སྣོད་སོ་སོར་བླུག། དེ་ནས་རས་དྲི་མ་མེད་པའི་ནང་དུ་ཐུམ་བྱས་ལ་ཁྱེའུ་ལོ་བརྒྱད་པའི་ཆུས་སྦང་། ཆུ་དེས་སྨན་ཀུན་གྱི་ཁུ་བ་བྱ། དང་པོ་ཨ་རུ་ར་བོང་ང་གཉིས་བསྲེས་ཏེ་ཉིན་གཅིག་འཐག དེ་ནས་འབྲུག་རུས་བསྲེས་ལ་ཉིན་ཕྱེད། དེ་ནས་གཡུ་རྙིང་བསྲེས་ལ་ཉིན་ཕྱེད། དེ་ནས་ཆུ་སེར་སྨན་རྣམས་བསྲེས་ཏེ་ཉིན་གསུམ། དེ་ནས་པི་པི་ལིང་བསྲེས་ཏེ་ཉིན་གཉིས། དེ་ནས་གླ་རྩི་བསྲེས་ཏེ་མདོག་ཤིན་ཏུ་ནག་ལ་འཚེར་བ་མ་བྱུང་བར་འཐག དེ་ནས་གུ་གུལ་ཆུ་གཙང་ལ་སྦྱར་བར་གི་ཝང་བཏབ། སྦྱངས་ནས་གར་སླ་ཞོ་དཀྲུགས་ཙམ་གྱི་ནང་དུ་རིལ་བུ་བླུག་ཏེ་བཏོན་ནས་གྲིབ་སྐམ་བྱ། རིལ་བུ་བསང་སྦྱང་། ཕྱག་རྡོར་དུ་བསྐྱེད་ལ་ཡེ་ཤེས་པ་བསྟིམས། སྒྲུབ་པ་ཞག་བདུན་བྱའོ། །དེ་ནས་སྔོན་འགྲོའི་རྩ་ལྟོའི་གསོ་སྦྱོང་བཏང་སྟེ་ཞག་དགུའི་བར་དུ་རིལ་བུ་ཞག་གྲངས་དང་མཉམ་པ་ཟ། རིལ་བུ་མ་ཟད་བར་དུ་ཤ་རུལ་ཆང་སྐྱུར་སྔོ་ངད་བུ་རམ་བུད་མེད་སོགས་སྤང་བར་བྱའོ། །རྟག་ཏུ་གྲིབ་ལ་འཛེམ་ཞིང་གཙང་སྦྲར་གནས་པར་བྱའོ། །སྨན་དང་གཉེན་པོ་གཉིས་བསྟུན་ན་རྐང་ལག་ཆད་པ་ཡང་སོས་ངེས་སོ། །

གཙོ་བོ་བྱ་ཁྱུང་རྣམ་ལྔའི་སྦྱོར་བ་ནི། །ཤ་ཨ་རུ་༠m༤m༠རུས་རུ་རྟ་༠m༡m༠རྒྱུས་པ་ཤུ་དག་༠m༢m༠སྙིང་བཙན་དུག་༠m༡m༠ཁྲག་གླ་རྩི༠m༠m༤བྱ་ཁྱུང་ལྔ། །བཞི་གཅིག་སུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། །ཨ་རུ་བཙན་དུག་རིམ་པས་ཞིབ་པར་བཏགས། །དེ་ནས་བསྲེས་ལ་སྐམ་འཐག་འཐེམ་འཐེམསཔར་བྱ། །ལོ་བརྒྱད་དྲི་ཆུས་འདམ་འཐག་ཉིན་གསུམ་བྱ། །གྲང་བའི་ཚད་ནི་གནག་ལ་འཚེར་བའོ། །ཀླུ་བདུད་དཀར་ནག་གསང་སྨན་ཆིག་བརྒྱུད་དག་ཚད་ལྡན་ཤ་སྙིང་མཉམ། །འབྲུ་ལྔས་དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། །ནད་ཀྱིས་སྨན་ནད་མི་ལྡང་ཤ་ཕྲི་བ། །ཞུགས་པའི་དུས་ནས་ལོ་རུ་བསྟེན་པ་ཡིས། །ཆུ་སེར་མཛེ་ནད་བཅོ་བརྒྱད་འཇོམས་པའི་མཆོག

  ཡང་ན་ཁྱུང་ཆེན་ལྔ་ཡི་ལུས་པོ་ལ། །འདུ་སྙོམས་བཟང་པོ་དྲུག་གི་གཤོག་པ་ལྡིང་། །ཆུ་སེར་སྨན་གསུམ་སྡེར་བཞི་ཆུ་སྨན་གསུམ། །མཇུག་སྒྲོ་གི་ཝང་གུ་གུལ་རྭ་རྒྱས་ཤིང་། །ས་བཅུད་མཚལ་བཅུད་ནོར་བུའི་རྒྱན་བཏགས་པའི། །ཟླ་འོད་ནོར་ཁྱུང་ཞེས་གྲགས་ཀླུ་ནད་དང་། །གཟའ་སོགས་འབྱུང་པོའི་གདོན་ལ་བསྔགས་པ་ཡིན། །དེ་ནས་ཁྱུང་ལྔ་ཆུ་ཡི་རྟ་ལ་ཞོན། །སེང་ལྡེང་དབྱུག་ཐོ་ཆུ་སེར་སྨན་གྱིས་བརྒྱན། །ཆུ་བདག་ཀླུ་གཉན་ཆམ་ལ་འབེབས་པ་དང་། །མཛེ་ནད་མ་ལུས་འཇོམས་པའི་ཐོ་བ་ཡིན། །དེ་སྟེང་མུ་ཟི་གུ་གུལ་བསྣན་ན་མཆོག

རིན་ཆེན་སྦྱོར་བ་དངུལ་ཆུ་དུག་ཕྲལ་དང་། །མུ་ཟི་སེང་ལྡེང་ཁཎྡྲི་བཟང་པོ་དྲུག ཆུ་སེར་སྨན་གསུམ་གུ་གུལ་བྱ་ཁྱུང་སྦྱར། །ཀླུ་ཡི་གདོན་འཇོམས་ཆུ་སེར་རྩད་ནས་སྐེམ། །

དངུལ་ཆུ་རིལ་བུ། ཁྱད་པར་དངུལ་ཆུ་སྟར་བུ་མུ་མེན་གསེར། །སྒྲོན་ཤིང་དེ་བ་དཱ་རུ་ཨ་རུ་ར། །གུ་གུལ་དཀར་ནག་གླ་རྩི་སོ་མ་ར། །ཐལ་ཀ་རྡོ་རྗེ་དག་དང་བཟང་པོ་དྲུག། ཙན་དན་དཀར་པོ་གི་ཝང་དྲི་ཆེན་བཞི། །རིལ་བུ་གཅིག་གཉིས་གསུམ་དུ་བསྐྱེད་ལ་བཏང་། །འདི་ཡིས་ལས་ཀྱི་རྣམ་སྨིན་ཡིན་སྲིད་ཀྱང་། །ཚེ་འདིའི་མཛེ་ནད་ངེས་པར་བཤོལ་ཐེབས་འགྱུར། །བཏང་ཐབས་ལོག་གནོན་རིན་ཆེན་སྦྱོར་སྡེ་ལྟོས། །འདི་ནི་དཔལ་ལྡན་རྒྱུད་དགོངས་ཡང་དག་ལགས། །

X